མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཞིག་ལ་ཕྲུ་གུ་ ༩ འཁོར་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༥/༠༣
Share on FacebookShare on TwitterShare on EmailShare on Whatsapp

མེ་ཟེ་ཀོ་ཡི་བུད་མེད་ཞིག་ལ་ཕྲུ་གུ་དགུ་འཁོར་ཡོད་པ་དང་། སྨན་ཁང་གིས་བརྟག་དཔྱད་བྱས་ཏེ་བུ་མོ་དྲུག་དང་བུ་གསུམ་ཡིན་པའི་ངོས་འཛིན་བྱས་ཡོད་འདུག

མེ་ཟེ་ཀོ་ (Mexico) ཡི་ཁའོ་ཧའུ་ལཱ་ (Coahuila) མངའ་སྡེའི་ནང་གི་བུད་མེད་ཀཱར་ལཱ་ (Karla Vanessa Perez) ཞེས་པ་ཞིག་ལ་མངལ་ཆགས་ཏེ། སྨན་ཁང་གིས་བརྟག་དཔྱད་བྱས་རྗེས་ཁོ་མོའི་མངལ་དུ་ཕྲུ་གུ་ ༩ ཡོད་པ་མ་ཟད།  ཕྲུ་གུ་ ༦ བུ་མོ་དང་ ༣ བུ་ཡིན་ཚུལ་བརྗོད་ཡོད་འདུག་ལ། ད་ཆར་ཁོ་མོ་སྨན་ཁང་དུ་ཡོད་ཅིང་། སྨན་ཁང་གི་བརྟག་དཔྱད་མཇུག་འབྲས་ལྟར་ན་ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཀཱར་ལཱར་ཕྲུ་གུ་སྐྱེས་རྒྱུ་ཡིན་ཚུལ་བརྗོད་འདུག

ཀཱར་ལཱ་ཡིས་མེ་ཟེ་ཀོ་ཡི་ནཱོ་ཊེ་མེ་ཟི་ (Notimex) གསར་ཁང་གི་བཅར་འདྲིར་ལན་འདེབས་སྐབས། ཕྲུ་གུ་ཚོ་ད་དུང་ཕོ་བའི་ནང་ཡོད་སྟབས། ཁོ་ཚོར་མིང་འདོག་རྒྱུ་ད་དུང་སྔ་དྲགས་ཚུལ་དང་། ཁོང་གི་རེ་བ་གཙོ་བོ་ཕྲུ་གུ་རྣམས་བདེ་ལེགས་ངང་སྐྱེས་ཐུབ་རྒྱུ་དེ་ཡིན་པར་བརྗོད་འདུག

 

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 14

  1. བདེན་གཏམ། says:
    ལོ་ 14 སྔོན།

    བོད་མི་རིགས་འཕེལ་ཆེད་དབུས་བསྒྲིགས་འཛུག་ནས་ཕྲུ་གུ་མང་བའི་མི་ཚང་ཚོར་རོགས་རམ་གནང་དགོས། སྟོང་རླབས་ཀྱི་ཅི་ཕན།

    Reply
  2. thapkegyatso says:
    ལོ་ 14 སྔོན།

    ཆེས་ངོ་མཚར་ཆེའོ།།མ་བུ་རྣམས་བདེ་ལེགས་འབྱུང་བར་སྨོན།བཅོས་སུ་མེད་པ་འདི་འདྲ་ཞིག་གིས་རྒྱ་ནག་གི་འཆར་ལྡན་བུ་སྐྱེས་གཏོར་ན་ཅི་མ་རུང་།

    Reply
  3. ནད་པ says:
    ལོ་ 14 སྔོན།

    གསར་འགོད་པས་དོ་སྣང་གནང་དགོས་གཤམ་གསལ། ཕྲུ་གུ་ཚོ་ད་དུང་ཕོ་བའི་ནང་ཡོད་སྟབས། ཁོ་ཚོར་མིང་འདོག་རྒྱུ་ད་དུང་སྔ་དྲགས་ཚུལ་དང་། ཞེས་ད་བར་འཛམ་གླིང་འགྲོ་བ་མིའི་རིགས་ཆགས་པ་ནས་བཟུང་ཕྲུ་གུ་ཕོ་བའི་ཆགས་པའི་གནས་སྟངས་རྩ་བ་ནས་མེད། ཕྲུ་གུ་བུད་མེད་ཀྱི་མངལ་ནང་དུ་ཆགས་ཀྱི་ཡོད་པ་དེ་བོད་པའི་བཤད་རྒྱུན་ལའང་ཟླ་དགུ་ངོ་བཅུ་ཞེས་ཡོངས་གྲགས་རེད།

    བུད་མེད་དེར་ཕྲུ་གུ་དགུ་ཆགས་པ་དེ་ཡ་མཚན་པོའི་གནས་སྟངས་ཤིག་རེད། ཡག་ཉེས་གང་ཞིག་ཡིན་མིན་མ་ཤེས་རུང་ང་ཚོས་མ་བུ་རྣམས་བདེ་ཐང་ཡོང་བའི་སྨོན་ལམ་དང་རེ་བ་རྒྱག་དགོས།

    Reply
  4. མི་རྒོད། says:
    ལོ་ 14 སྔོན།

    སྐྱེས་མ་ཀལ་ལ་ལགས་སུ་ཚེ་སྲོག་བརྟན་ལ་བར་ཆད་མེད་པས་མཆོག་གསུམ་ལ་སྨོན་འདུན་ཞུ་རྒྱུ་དང་། བྱིས་པ་རྣམས་བདེ་བླག་ངང་བཙས་ནས་ངན་པ་ཉལ་ཐག་སྤྱོད་པའི་རིགས་སུ་མ་འགྲོ་ཞིང་ གཤིས་རྒྱུན་བཟང་པོ་ཡོང་བའི་སྨོན་ལམ་བཅས།།

    Reply
  5. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 14 སྔོན།

    བོད་པའི་བུ་མོ་ཞིག་ལ་ཕྲུག་གུ་ཉེ་ཤུ་སྐྱེ་ན་ཡང་བོད་པ་ལ་ཕན་ཐོག་ཁག་པོ་རེད། དཔེར་ན་ཨ་རི་ལྟ་བུ་ལ་ཆགས་བཞག་ན་བོད་པའི་ཨ་མ་དང་བུ་མོ་ཚོས་མི་ནག་དང་སུ་པན་ནིས་ཤི་མ་ཏོག་ཁས་བླང་གི་མི་འདུག་ཟེར་གི་འདུག

    Reply
  6. ཐོ་རེངས། says:
    ལོ་ 14 སྔོན།

    འདི་ལྟས་ངན་ཡིན་པ། mayan calendar ནང་ལ་ 2012 གི་ལོར། རང་གི་ས་ཆར་སྔ་ལྟས་མི་འདྲ་བ་མང་པོ་འབྱུང་དགྱུར་བཤད་ཡོད་པའི་ནང་གི་གཅིག་རེད།
    ལྟང་འདི་རིགས་ང་ཚོ་བོད་པའི་ནང་ལ་མི་འོང་བར་སྨོན།

    Reply
  7. བདུད་རྡོ། says:
    ལོ་ 14 སྔོན།

    ཨ་ཡ་མཚན་ཅི་ཞིག་གི་ལས་ཡིན་ན།ཤ་ཚ་མ་བུ་རྣམས་བདེ་བར་སྨོན

    Reply
  8. མངའ་རིས་བུ། says:
    ལོ་ 14 སྔོན།

    ཨ་ཙི་ད་ལྟས་ངན་རེད།
    ལྟས་ངན་དགུ་དགུ་བརྒྱད་ཅུ་གྱ་གཅིག་དེ་མིན་ནམ།
    དེ་མིན་འདི་འདྲ་གོ་ཡང་མ་མྱོངས།

    Reply
  9. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དྲ་གྲོགས་བློ་ཆུང་འགས་ལྟས་ངན་རེད་ལབ་པ་ནི་ཐལ་ཆ་ཆེ་བ་རེད།
    དེང་སང་མཚན་མཐུན་གྱི་ཆགས་སྤྱོད་དང་མཚན་མཐུན་གྱི་གཉེན་སྒྲིག་བྱ་མཁན་མང་དྲགས་པ་དང་། སྐྱ་སྒོ་འགོག་མཁན་དེ་ལས་མང་བས་རྣམ་ཤེས་མང་པོ་ཞིག་མི་ཡུལ་དུ་སྐྱེ་ས་མ་རྙེད་པར་བུ་མོ་རེ་ལ་ཕྲུག་གུ་མང་པོ་མངལ་འཁོར་དགོས་དོན་དེ་རེད།
    ད་དུང་བུ་མོ་རེ་ལ་ཕྲུག་གུ་ཉེ་ཤུ་དང་སུམ་ཅུ་ལྔ་བཅུ་བརྒྱ་ཡང་སྐྱེ་མི་སྲིད་པ་མིན། དཔེར་ན་ཕག་པ་དང་ཁྱི་སོགས་སེམས་ཅན་གཞན་ལ་མངལ་འཁོར་སྟངས་ཁྱེད་ཀྱིས་མཁྱེན་གྱི་ཡོད་དམ།

    Reply
  10. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    ནུབ་ཕྱོགས་ཕོ་ཉ།
    ༢༠༡༢/༠༥/༠༣ ཉིན་འདོན་སྤེལ་བྱས། དེ་དངོས་གནས་ཡ་མཚན་ཆེ་པོ་རེད། ཀླག་ཟིན།
    I

    Reply
  11. དྲགས་རླུངས། says:
    ལོ་ 14 སྔོན།

    དེ་འདྲ་མང་དག་ཞིག་བོད་ལ་བྱུང་ན་བོད་པའི་མི་རིགས་འཕེལ་རྒྱུས་ལ་ཕན་ས་རེད། བོད་པའི་བུ་མོ་མང་ཆེ་བ་དེ་ཚོའི་ཕྲུ་གུ་གཉིས་གསུམ་ལས་མང་སྐྱེ་ཁ་འཇུག་ཁུ་མི་འདུག་རྩ་མ་ཚང་བ་
    ཞིག་རེད།

    Reply
  12. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    དུས་གཅིག་ལ་ཕྲུ་གུ་དགུ་སྐྱེ་ཐུབ་ན་ཡག་པོ་འདུག ལོ་རྟག་པར་ཕྲུ་གུ་སྐྱེ་མ་དགོས་བྱུང་ན་དཀའ་ངལ་ཆུང་། གལ་སྲིད་ཕྲུ་གུ་མང་པོ་དགོས་ན་སྡེབ་སྐྱེ་བྱེད་ན་སྟབས་བདེ་བོ་རེད། ཨ་མས་ཕྲུ་གུ་ཕྱིར་དུ་དུས་ཚོད་མང་པོ་གཏོང་དགོས་མ་རེད། ཕྲུ་གུ་ཚང་མ་མཉམ་དུ་འཚར། སློབ་གྲྭར་མཉམ་དུ་གཏང་ཆོག ཕ་མ་གཉིས་ཀར་ལས་སླ། གཞུང་གིས་ཡང་ལྟ་རྟོག་དམིགས་གསལ་ཡོད་རེད། ནུབ་ཕྱོགས་བ་མང་པོ་ཞིག་གིས་ཕྲུ་གུ་མཚེ་མ་སྐྱེ་ན་ལམ་འགྲོ་ཅན་ལ་རྩི་བ་མ་ཟད་ཁོང་ཚོ་དགའ་མོས་བྱེད་ཀྱི་འདུག།།

    Reply
  13. སྦྲ་རོག་རོག། says:
    ལོ་ 14 སྔོན།

    འདི་ད་ལྟས་ངན་ཉེར་གཅིག་ནང་གི་གཅིག་ཡིན་རྒྱུ་ར།

    Reply
  14. ནུབ་ཕྱོགས་ཕོ་ཉ། says:
    ལོ་ 14 སྔོན།

    དེ་དངོས་གནས་ཡ་མཚན་ཆེ་པོ་རེད། ཀླག་ཟིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese