མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་བྷ་མས་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་བསླེབ་ལ་ཉེ་བའི་སྐབས་འདིར།ཨ་རིའི་ནང་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོ་རྒྱུར་གླེང་གཞི་ཤུགས་ཆེར་ཡོང་གི་ཡོད་པ་དང་། སྤྱི་མཐུན་ཚོགས་པའི་སྲིད་འཛིན་རོམ་ནའེ་ཡིས་ངོ་རྒོལ་དང་ཨོ་བྷ་མས་རྒྱལ་སྐྱོར་བྱེད་ཀྱི་ཡོད་འདུག

ཕྱི་ཚེས་ ༨ ཉིན་ཨ་རིའི་གྷལ་ལུབ་(Gallup) གསར་ཁང་གིས་ཨ་རིའི་མང་ཚོགས་ཀྱི་བསམ་ཚུལ་བསྡུས་པའི་ཁྲོད་ཀྱི་བརྒྱ་ཆ་ ༥༠ མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོ་རྒྱུར་རྒྱབ་སྐྱོར་བྱས་ཡོད་པ་དང་། ཨ་རིའི་ཁཱ་རོ་ལེ་ནཱ་(Carolina) ནུབ་མས་མཚན་མཐུན་གཉེན་སྒྲིག་ཁྲིམས་འགལ་ཡིན་པའི་སྲིད་ཇུས་གཏན་འབེབ་བྱས་པ་བཅས་ཀྱི་སྐབས་དང་བསྟུན། ཕྱི་ཚེས་ ༩ ཉིན་ཨེ་བྷེ་སེ་(ABC) གསར་ཁང་གིས་སྲིད་འཛིན་ཨོ་བྷ་མར་གནད་དོན་དེའི་ཐད་ཆེད་དུ་བཅར་འདྲི་བྱས་སྐབས། ཁོང་གིས་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་ཡོད་པར་བརྗོད་ཡོད་འདུག ཨོ་བྷ་མ་ནི་ཨ་རིའི་སྲིད་འཛིན་རིམ་བྱུང་གི་ཁྲོད་ནས་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་བྱེད་མཁན་ཐོག་མ་དེ་ཆགས་ཡོད་ལ། ཨོ་བྷ་མའི་ཁ་གཏད་དུ་ལངས་པའི་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་རོམ་ནའེ་(Mitt Romney) ཡིས་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་བཟོ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།

ཨ་རིའི་མངའ་སྡེ་ ༣༡ གིས་མཚན་མཐུན་གཉེན་སྒྲིག་ལ་མོས་མཐུན་མེད་པའི་ཁྲིམས་གཞི་གཏན་འབེབ་བྱས་ཡོད་པ་དང་། མངའ་སྡེ་ ༦ གིས་མཚན་མཐུན་གཉེན་སྒྲིག་ཁྲིམས་མཐུན་དུ་བཟོས་ཡོད་པ་རེད། ཨོ་བྷ་མས་མཚན་མཐུན་གཉེན་སྒྲིག་ལ་རྒྱལ་སྐྱོར་ཡོད་པ་བརྗོད་རྗེས། ཨ་རིའི་ནང་གི་མཚན་མཐུན་གཉེན་སྒྲིག་རང་དབང་ལས་འགུལ་བ་དག་གིས་དགའ་བསུའི་རྟེན་འབྲེལ་ཞུས་ཡོད་པ་མ་ཟད། ཨོ་བྷ་མས་ལོ་རྒྱུས་གསར་པ་ཞིག་བཟོས་སོང་ཞེས་བསྔགས་བརྗོད་བྱེད་བཞིན་ཡོད་འདུག

དེང་གི་རྒྱལ་སྤྱིའི་སྤྱི་ཚོགས་སྤྱི་དང་ལྷག་པར་དུ་ཨ་རིའི་ནང་མཚན་མཐུན་(same sex) གཉེན་སྒྲིག་གི་གནད་དོན་དེ་རྣོ་ངར་ལྡན་པའི་རྩ་དོན་ཞིག་ཏུ་གྱུར་ཡོད་ལ། མཚན་མཐུན་ཆགས་སྤྱོད་དང་གཉེན་སྒྲིག་རང་དབང་སྐོར་གྱི་འཐབ་རྩོད་པའི་ཚོགས་སྡེ་རིགས་མང་པོ་ཡོད་པ་ཟད། ད་ཆར་མཚན་མཐུན་གཉེན་སྒྲིག་གི་གནད་དོན་གྱིས་ཨ་རིའི་ཆབ་སྲིད་དང་སྲིད་འཛིན་འོས་བསྡུར་ཤུགས་རྐྱེན་ངེས་ཅན་ཞིག་སླེབས་བཞིན་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༣ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 8

  1. གཅེར་བུ་པ། says:
    ལོ་ 14 སྔོན།

    ཐད་ཀར་བལྟས་པ་ཙམ་གྱིས་ཤེས་སླ་བའི་ཆབ་སྲིད་འཁྲབ་སྟངས་ཤིག་རེད།འོན་ཀྱང་དེས་བར་ལ་ཁ་ཤས་ཀྱིས་ཁེ་སང་རགས་ངེས་རེད།

    Reply
  2. བདུད་རྡོ། says:
    ལོ་ 14 སྔོན།

    ཨོ་བྷ་མས་མཚན་མཐུན་གཉེན་སྒྲིག་ལ་རྒྱབ་སྐྱོར་བྱས་པ་དེ་ནི་འཇིག་རྟེན་གྱི་ལུགས་དང་མི་མཐུན་པའི་བྱ་བ་ཞིག་དང་ལེན་བྱས་པ་རེད།ཁོ་རིང་ལ་འོས་ཤོག་ཐོབ་ཆེད་ཡིན་གྱི་རེད།ཆབ་སྲིད་པ་ཟེར་བ་དེ་དེ་འདྲ་རེད།

    Reply
  3. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 14 སྔོན།

    བརྗོད་གཞི་ཟབ་པོ་གས་མེད་ཡིན་ན་ཡང་མཚན་མཐུན་གྱི་གཉེན་སྒྲིག་དེ་འོས་མཚམ་མི་འདུག།།

    Reply
  4. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 14 སྔོན།

    ཡ་དངོས་ནས་འཛམ་གླིང་འགྱུར་བ་ཇེ་ཆེ་དང་ལས་ཀ་ཇེ་མང་རེད་འདུག་མཚན་མཐུན་གྱི་གཉེན་སྒྲིག་བཟོ་བའི་ལུགས་གསོལ་དར་ན་བུ་མོ་རྣམས་སྟུ་སྐམ་པོ་ཆགས་ཀྱིས་རེད་སྙིང་རྗེ་བསམ་བློ་ཡག་པོ་བཏང་རོགས་

    Reply
  5. ཐོ་རེངས། says:
    ལོ་ 14 སྔོན།

    འདིར་བུ་དང་བུ་གཉེན་བསྒྲིག་དང་། བུ་མོ་དང་བུ་མོ་གཉེན་བསྒྲིག་བྱེད་རྒྱུ་འདི་ནི། ཨ་རི་སོགས་རང་དབང་ལུང་པར་གསང་སྐོང་མེད་པར་བསྒྲགས་སྐྱང་བྱེད་བཞིན་པ་མ་ཟད་ད་ནི་ཁྲིམས་མཐུན་གྱིས་སྒོ་ནས་གཏན་ལ་ཕབ་འདོད་རེད།
    དེ་མིན་གནས་ཚུལ་འདི་ནི་བཙན་གཤོལ་བོད་པ་དང་། མ་ཟད་བོད་ནང་གི་དགེ་ལུགས་གི་དགོན་པ་འགའ་རེའི་ནང་དུ་དུས་ཡུན་རིང་པོ་ཞིག་ནས་དར་ཡོད་མོད། འོན་ཀྱང་བོད་པ་གསང་སྐོང་ལ་དགའ་བའི་མི་རིགས་ཞིག་ཡིན་པའི་གནས་ཚུལ་མི་མ་བཤད་པ་རེད།
    ད་ལྟ་ཧང་སངས་མདོན་བྱེད་རྒྱུ་འདི་ནི། རྩམ་པ་རང་གི་ཟོས་ནས། རྩམ་ཁུག་གཞན་མགོར་འཕེན་ཞེས་པ་དེ་རེད།

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    བོད་པ་ཚོར་ཁེ་བཟང་རེག་བྱེད་རེད་་་་་་
    རྗེས་མར་ང་ཨ་རིར་སླེབས་དུས་སྐྱེས་སྨན་བུ་ཞིག་ཡིན་ཞེས་ཐོ་འགོད་དགོས་་་་་བོད་པ་ཚོས་འདི་འདྲ་ཞིག་མ་རེག་པར་ཡོད་པ་རེད་་་་ད་ཡང་ཕར་ལེན་སྟངས་གསར་པ་ཞིག་རེག་སོང་བ་རེད་་་ཧཧཧ

    Reply
  7. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    འདི་ནི་ནུབ་ཕྱོགས་པ་བྱེད་རྒྱུ་རྫོགས་ནས་བྱས་པ་ཞིག་ལས་གཞན་གང་ཡང་མིན་རུང་སྟོབས་འབྱོར་རྒྱལ་ཁབ་ཡིན་པས་དབང་ཤུགས་ཀྱིས་འདི་ནི་གསར་གཏོད་ཡིན་ངེས།
    ང་ཚོ་ཤར་ཕྱོགས་པས་ནད་ངན་སྣ་ཚོགས་ཡོང་རྒྱུའི་སྔ་ལྟས་ཡིན་པར་རྒྱུ་མཚན་མང་དག་འགོད་རྒྱུ་ཡོད།
    ནུབ་ཕྱོགས་ཨ་རི་བ་ནི། གསར་གཏོད་རྣམ་པ་ཡིན་རུང།
    རིག་གཞུང་སྣ་མང་འཛོམས་པས། ཤར་ཕྱོགས་གླིང་པ་རྣམ་པས།
    འབྱུང་རྒྱུར་ལྟས་ངན་ཡོང་ངེས།

    Reply
  8. ཐོ་རེངས། says:
    ལོ་ 14 སྔོན།

    འདི་ནི་ང་ཚོ་བཙན་གཤོལ་བོད་པ་ཚང་ལ་སྐད་ཆ་སྙན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese