ཟླ་འདིའི་ཕྱི་ཚེས་ ༥ ཉིན་བལ་ཡུལ་ནུབ་ཕྱོགས་ཀཱ་སི་ཀེ་ (Kaski) རྫོང་ཁོངས་ཀྱི་སི་ཊེ་ (Seti) གཙང་བོ་རྒྱས་ཏེ། ཉིན་དེར་ཆུ་ལོག་གི་དོན་རྐྱེན་ཁྲོད་ཡུལ་མི་ ༥ ཡི་བེམ་པོ་རྙེད་སོན་བྱུང་ཡོད་པ་མ་ཟད། གཙང་འགྲམ་གྱི་ཡུལ་མིའི་སྡོད་ཁང་དང་ཕྱུགས་ཟོག་མང་པོ་ཆུས་འཁུར་ཡོད་འདུག་ལ། ཕྱི་ཚེས་ ༦ དང་ ༧ ཉིན་བཅས་སུ་ཆུ་ཤུགས་ཆེ་རུ་ཕྱིན་སྟེ། བལ་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་པའི་ས་ཁུལ་སྤོག་རའི་ ( Pokhara ) ནང་ཆུ་ལོག་བྱུང་ཡོད་པ་དང་། སྐབས་དེར་ས་གནས་དེར་ཡོད་པའི་རཱ་ཤི་ཡའི་ཡུལ་སྐོར་སྤྲོད་འཆམ་པ་མི་ ༤ ཆུ་འགྲམ་དུ་ཡོད་པ་ལས་མི་ ༣ ལོག་གིས་འཁུར་ཡོད་འདུག
ཁ་སང་ཕྱི་ཚེས་ ༨ ཉིན་སྤོག་ར་ས་གནས་ཉེན་རྟོག་པའི་མགོ་དཔོན་ཐཱ་པཱ་ (Thapa) ཡིས། ཆུ་ལོག་བྱུང་བའི་ཉིན་ནས་ད་བར་བལ་ཡུལ་ཉེན་རྟོག་པ་དང་མྱུར་སྐྱོབ་རུ་ཁག་ཆེད་གཏོང་གིས་ཤི་རྨས་ཐེབས་མཁན་རྣམས་འཚོལ་ཐབས་དང་མྱུར་སྐྱོབ་བྱས་རྗེས། ཆུ་ལོག་དོན་རྐྱེན་ཁྲོད་འདས་གྲོངས་སུ་ཕྱིན་པའི་མི་ ༡༧ གྱི་བེམ་པོ་ལག་སོན་བྱུང་ཡོད་ཚུལ་དང་། གཞན་མི་ ༤༧ ཙམ་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ཁོང་རྣམས་འདས་གྲོངས་སུ་གྱུར་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
གསར་འགོད་པ། བནྡེ་སྐྱབས།
སྙིང་རྗེ། ཟློག་མེད་འབྱུང་བའི་འཇིག་པ་སྙིང་རྗེ་མེད། །བསམ་མེད་དུད་འགྲོའི་ཚོགས་ལ་མངོན་ཤེས་མེད། ། འབྱོར་མེད་དབུལ་པོ་རྣམས་ལ་རྒྱབ་སྐྱོར་མེད། །བེད་མེད་དངུལ་ལོ་དགོ་དུས་རྒྱ་ནག་མེད། །ཧ་བོ་ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ངོ་མ་ཡིན།