བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ཚོགས་མི་ ༦ བོད་ནང་གོམ་བགྲོད་གནང་བཞིན་པའི་གླང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ལ་ཕེབས་བསུར་བཅར་འདུག
ཉེ་ཆར་རྒྱ་གར་ནས་བརྡ་ལན་འབྱོར་ཏེ་བོད་ནང་གོམ་བགྲོད་གནང་བཞིན་པའི་གླང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་ཕྱི་ཟླ་ ༥ ཚེས་ ༡༠ ཉིན་རྒྱ་གར་དང་བལ་བོའི་ས་མཚམས་སུ་འབྱོར་བཞིན་ཡོད་པ་ཐོས་འཕྲལ། ཁ་སང་ཕྱི་ཟླ་ ༥ ཚེས་ ༩ ཉིན་བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཀྱིས་ཚོགས་འདུ་བསྐོངས་ཏེ། ཞི་བའི་འཐབ་རྩོད་པ་ཚེ་རྡོར་མ་བུ་གསུམ་གྱིས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ། ༧གོང་ས་མཆོག་གི་ཐུགས་རེ་དང་བཙན་བྱོལ་གཞུང་མང་གི་ཆབ་སྲིད་ལངས་ཕྱོགས་བརྟན་བཟུང་གིས་བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་དགོས་འདུན་འོག འདས་པའི་ཟླ་ངོ་གཉིས་རིང་དཀའ་སྡུག་ཁྱད་དུ་བསད་དེ་བོད་ནང་གོམ་བགྲོད་གནང་བཞིན་པའི་སྙིང་སྟོབས་ལ་རྒྱབ་སྐྱོར་དང་རོགས་འདེགས་གནང་ཆེད། ཁ་སང་ཕྱི་དྲོའི་ཆུ་ཚོད་ ༩ བའི་སྟེང་། ས་རྒྱུན་ཚོགས་གཙོ་རྒྱ་མཚོ་དང་ཚོགས་གཞོན་བཀྲ་ཤིས་དོན་གྲུབ། གཞན་བལ་དུ་གནས་བཞུགས་འབྲུག་ལྷ་དང་ལྷ་མོ་སྐྱབས། བསྟན་འཛིན། ཨ་ཚེ་སོགས་མི་ ༦ དང་། བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་མི་སྣ་ ༢ བཅས་རྒྱ་གར་དང་བལ་བོའི་ས་མཚམས་(སུ་ན་ལེ)རུ་ཁོང་རྣམ་པའི་ཕེབས་བསུར་ཆེད་སྐྱོད་གནང་སོང་།
གནས་
རྩོམ་པ་པོ་གླང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་ད་ལོའི་གསུམ་བཅུའི་དུས་དྲན་ཉིན་བཞུགས་སྒར་ངྷ་རམ་ས་ལ་ནས་མགོ་འཛུགས་ཀྱིས་བོད་ནང་ཞི་བའི་གོམ་བགྲོད་གནང་སྟེ། ད་ལྟ་སྤྱི་ལེ་ ༡༣༠༠ ལྷག་བརྒལ་ནས་རྒྱ་བལ་ས་མཚམས་སུ་འབྱོར་ཡོད།
བཀྲ་ཤིས་དོན་གྲུབ་ཀྱིས་བལ་ཡུལ་ནང་བཏང་།
གསར་འགོད་པ་དང་དྲ་ཞབས་པ། ཆབ་སྲིད་པ་དང་རྩོམ་པ་པོ་སོགས་སུ་ཞིག་གིས་ཤེས་རབ་བསྟན་དར་ལགས་ཀྱི་གནས་ཚུལ་མཁྱེན་མཁན་ཡོད་ན་གསུང་རོགས། ཅིས་ཕྱིར་ཁོང་གི་སྐོར་འཇམ་ཐིང་ངེར་བུད་སོང་ནི་རེད།
གངས་ཅན་པའི་མ་བུ་གསུམ་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་གྱུར་ཅིག དེང་མི་མང་བོ་ཞིག་གི་སྐད་ཆ་འདྲ་མིན་བཤད་ཀྱི་ཡོད་ཀི་མོད། གང་ལྟར་དབུ་མའི་ལམ་ཁས་ལེན་མཁན་ཞིག་ཡིན་ན་ཁྱེད་མ་བུ་གསུམ་ལ་རྒྱབ་སྐྱོར་དང་གུས་བྱེད་ཡོད་ངེས་ཡིན།
ཀློག་པ་པོ་རྣམས་ད་དངོས་གནས་ཟབ་ཟབ་གནང་དགོས་པ་འདུག་དུས་འབབས་དང་བང་ཆེན་གཉིས་རང་ཉིད་ཀྱི་ཆོལ་ཁའི་ཕྱོགས་མཐེན་འོག་མི་དམངས་ནང་དཀྲུགས་བཞིན་འདུག་པས་དེ་ལས་རང་གཞུང་གི་དྲ་རྒྱ་དེ་རང་ལྟས་ན་དགའ་ས་རེད། དེར་ཚང་མས་ཡིད་ཆེས་བྱ་འོས་པ་ཞིག་ཡིན།
ཁོང་ཚོ་ད་ལྟ་མཐའ་མཚམས་ཉེན་རྟོགས་པས་བཀའ་འདུག་པའི་གནས་ཚུལ་ཐོན་འདུག་་་
ད་བྱས་དུས་བོད་ཀྱི་བང་ཆེན་དེ་ཡང་གཞོན་ནུའི་དྲིལ་བསྒྲགས་ཁོངས་ཀྱི་ལྡེ་ཚན་ཞིག་ མིན་ན་གླིང་ཚ་མ་བུ་གསུམ་ལ་ཟུར་ཟ་དང་དམའ་འབེབས་བྱེད་དོན་གང་ཡིན་ནམ་དྲ་གྲོགས་ཚོས་གཟིགས་རོགས་ཞུ། བང་ཆེན་ནང་སྤེལ་བའི་ཁ་བྱང་འདི་རེད།
རྒྱ་དར་ཁྱེར་བའི་བོད་དོན་གོམ་བགྲོད་པ་གསུམ་བཀག་ཉར།
དེ་རིང་སྔ་དྲོ་བོད་བར་དུ་གོམ་བགྲོད་ལ་འགྲོ་མཁན་གླིང་ཚང་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་རྒྱ་གར་གྱི་ས་མཚམས་སོ་ནཱོ་ལི་བརྒལ་ཏེ་བལ་ཡུལ་ས་མཚམས་སུ་འབྱོར་སྐབས། བལ་ཡུལ་ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག
སྐབས་དེར་ཁོང་གསུམ་ལ་རོགས་པ་སྤྱི་འཐུས་རྨོག་རུ་བསྟན་པ་དང་། མདོ་སྨད་དབུས་རྒྱུན་གཅིག་ཡོད་འདུག བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཁག་ཅིག་ཁོང་ཚོ་བསུ་སར་ཡོང་ཡོད་པ་རེད་ཅེས་མདོ་སྨད་དབུས་རྒྱུན་ཚངས་དབྱངས་རྒྱ་མཚོས་འགྲེལ་བརྗོད་གནང་སོང་།
གླིང་ཚ་ཚེ་བརྟན་རྡོ་རྗེ་དང་། ལྷ་མོ་སྐྱིད། ཁོང་གཉིས་ཀྱི་ཨ་མ་ལྡོམ་པ་སྐྱིད་བཅས་ཀྱིས་འདི་ལོའི་ཕྱི་ཟླ་༣ ཚེས་༡༠ དྷ་ས་ནས་འགོ་བཙུགས་ཏེ་གོམ་བགྲོད་བྱས་ཡོད་པ་དང་། དཀའ་ངལ་འགལ་རྐྱེན་ག་རེ་འཕྲད་ཀྱང་མ་ཤི་བར་དུ་བོད་ལ་སླེབས་ཐབས་སུ་གོམ་བགྲོད་བྱེད་རྒྱུ་ཡིན་ཞེས་གླིང་ཚ་ཚེ་བརྟན་རྡོ་རྗེས་བརྗོད་ཡོད་པ་རེད།
ལྡི་ལིར་སླེབས་མཚམས་སུ་ཁོང་ཚོས་རྒྱ་གར་གྱི་རྒྱ་དར་དང་། བལ་ཡུལ་གྱི་རྒྱལ་དར། རྒྱ་ནག་གི་རྒྱལ་དར། བོད་ཀྱི་རྒྱལ་དར་བཅས་བང་བསྒྲིགས་ནས་འཕྱར་ཡོད་པས། རྒྱ་ནག་གི་དར་དམར་འཕྱར་བ་དེར་མི་མང་དང་ཚོགས་པ་ཁག་ལ་བསམ་ཚུལ་འདྲ་མིན་ཡོང་གི་ཡོད་པ་རེད།།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༢, ༠༥, ༡༠’ )
༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་དང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་འཁྲོད་ད་བར་མི་ལོ་ཧྲིལ་པོ་ ༥༠ ནང་ཀྲུང་གོའི་དར་དམར་འཁྱེར་ནས་ཁྱིམ་ཚང་གཅིག་གིས་མེས་རྒྱལ་གྱི་དཔང་དུ་ལོག་པའི་གནས་ཚུལ་ཐེངས་དང་པོ་ཆགས་ཡོད།
གླིང་ཚའི་སྨོན་འདུན་འགྲུབ་པའི་རེ་བ་དང་སྨོན་ལམ་རྒྱག་མཁན་བོད་རིགས་ཚོ་ཡང་ཏང་གི་དར་དམར་ལག་ཏུ་འཁྱེར་ནས་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ནང་སྔ་ཙམ་ཕྱིར་ལོག་ཐུབ་པའི་རེ་འདུན་ཞུ།
༸ གོང་ས་མཆོག་དང་། བཙན་བྱོལ་སྒྲིག་འཛུགས། ཕྱིར་སྡོད་བོད་རིགས་བཅས་སུ་ཞིག་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཏང་ལ་གུས་བརྩི་དང་ཏང་དར་མགོ་སྟེང་དུ་འཁུར་ཏེ་ཕྱིར་ལོག་བྱས་ན་ཏང་གི་དབུ་འཁྲིད་བློ་མཐུན་ཚོས་ག་དུས་ཡིན་ཀྱང་དགའ་བསུ་ཞུ་རྐྱང་བྱེད་ཀྱི་རེད།
གླིང་ཚགམ་བུའི་ཁྱིམ་གཅིག་གིས་ཏང་གི་དར་ཆ་མཐོར་པོར་བསྒྲེངས་ཏེ་ཕྱིར་ལོག་བྱས་པ་དེ་གཅིག་པུ་ཙམ་མ་ཡིན་པར་ད་དུང་བཙན་བྱོལ་ནང་གི་ཁྱིམ་ཚང་ཆ་ཚང་གང་མགྱོགས་མེས་རྒྱལ་གྱི་དཔང་དུ་ལོག་པའི་རེ་བ་དང་འཆར་་གཞིའི་དེ་སྔོན་མ་ནས་ཏང་ལ་ཡོད་དཡོད་པ་རེད།
ད་འོ་ན་བོད་མི་ཚང་མས་ལག་ཏུ་ཏང་གི་དར་ཆ་གཡུགས་གཡུགས་བྱས་ཏེ་སྐད་སངས་མཐོན་པོར་ཀྲུང་གོ་གུང་ཁྲན་ཏང་ཁྲི་ལོར་བརྟན་པར་ཤོག་ཅེས་འབོད་སྒྲ་བསྒྲགས་དགོས་ཀྱི་ཡོད་པ་འདྲ་་་་།
ཡིན་ན་ཡང་ཏང་ལ་དགའ་ཞེན་དང་། ཏང་ལ་ཡིད་ཆེས། ཏང་དར་ལ་དགའ་ཞེན་ཇི་ཙམ་བྱས་མིན་ལ་མ་ལྟོས་པར་མཐའ་མཇུག་ཏུ་ཏང་གིས་བོད་རིགས་བློ་མཐུན་འདིའི་ཚོའི་ཁ་ནང་ཏང་གི་སྐྱག་པ་ཚ་པོ་ཞིག་བསྟེར་རྒྱུ་དང་། རྐུབ་ལ་རྒྱུགས་བརྡུང་གཏོང་རྒྱུ། ལུས་པོ་བཙོན་དུ་བཅུག་རྒྱུ། སེམས་པ་སྡུག་ལ་སྦྱར་རྒྱུ་ལས་གཞན་ཅི་ཡང་ཡོང་རྒྱུ་མེད།
དེ་ནི་ཏང་གི་བློ་མཐུན་མའོ་ཙེ་ཏུང་དང་། ཏིང་ཞའོ་ཕིན། ཅང་ཙེ་མིན། ཝུའུ་ཅིན་ཐའོ། ཞི་བྱེད་ཕིང་བཅས་ཀྱི་མི་རབས་དག་གིས་སྣེ་འཁྲིད་པའི་འོག་ནས་བོད་རིགས་ཚོས་ཏང་ལ་གུས་བརྩི་དང་ཏང་དར་དགའ་ཞེན་ཡོད་མེད་ལ་མ་ལྟོས་པར་དམྱལ་བ་མི་ཡུལ་ཕོས་པ་ལྟར་ལས་གཞན་ཅི་ཡང་མེད། ཅི་ཡང་མེད། ཅི་ཡང་མེད།
བོད་དོན་གོམ་བགྲོད་པ་མ་བུ་སྤུན་གསུམ་དེ་རིང་བལ་ཡུལ་ས་མཚམས་ནས་བལ་ཡུལ་ཉེན་རྟོག་པས། བཀག་བསྐྱིལ་བྱས་ཡོད་འདུག་པས། གསར་འགྱུར་ཚན་པས་དེའི་སྐོར་ལ་རྟོག་ཞིབ་ཡང་སེ་བྱེད་དགོས།
བོད་དོན་འཐབ་རྩོད་པ་གླིང་ཚ་མ་བུ་གསུམ་བལ་པོ་ཡུལ་དུ་བདེ་འབྱོར་བྱུང་བར་འཚམས་འདྲིའི་བཀྲིས་བདེ་ལེགས་དང་བསམ་དོན་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། ཁོང་མ་བུ་གསུམ་རྒྱུལ་གྱུར་ཅིག
མཆན་ནང་མྱི་རྒོད་ཞེས་པ་ནི་་་་་་་་།
མི་རྒོད་མ་ཡིན་པས་ཁྱ་ེན་ལྡན་ཡོངས་ནས་ཐུགས་གནང་ཡོང་བ་ཞུ།།།
ཁོ་རང་མི་གཅིག་གི་འདོད་པ་འགོག་ཐུབ་མཁན་མེད་ཀྱང་། ཚོགས་པ་དང་སྒྲིག་འཛུགས་རྣམ་ཁོང་གི་རྒྱབ་སྐྱོར་དང་། རྒྱ་དར་ཁྱེར་དགོས་པའི་དགོས་འདུན་འདོན་མཁན་དག་ནི། བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་ཞབས་འདྲེན་བླ་ན་མེད་པ་དེ་རེད། དེ་བཞིན་རྒྱལ་ཚོང་པ་མ་རེད་ཀྱང་ལབ་མི་འདུག
དེ་རིང་ནས་བཟུང་བོད་དོན་འཐབ་རྕོད་པ་དང་ང་ཚོས་ཁོང་མ་བུ་གསུམ ཉིན་མཚན་དུས་དྲུག་ཏུ་སྲུང་བའི་དུས་ལ་བབ་ཡོད་
ཞི་བའི་འཐབ་རྩོད་པ་མ་བུ་གསུམ་གྱི་སྙིང་སྟོབས་དང་ཆོད་སེམས་ལ་སྔགས་བརྗོད་དང་ཡི་རང་ཞུ།
གླིངང་ཚ་ཚང་བདེ་ནས་བདེ་བར་བགྲོད་དེ་ལས་འགུལ་བསམ་དོན་བཞིན་འགྲུབ་པའི་སྨོན་འདུན་ཞུ
མ་བུ་གསུམ་རྒྱལ་གྱུར་ཅིག ཤེས་རབ་བསྟན་དར་ལགས་ཀྱི་གནས་ཚུལ་ཞིག་གསུང་རོགས་གསར་འགོད་པ་ལགས། ཀུན་མཁྱེན་་་་་་་་་་་་་་་་་་་་་་་་་་་་སྒུག་ནས་ཡོད་ལགས།
མ་བུ་གསུམ་ལ་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། ཕོ་རྒོད་པོ་ བུ་སྤ་བོ་རང་རེད་ལས་འགུལ་སྤེལ་ཐང་དེ་ག་རང་རེད་རྒྱབ་བསྐྱོར་གཙང་མ་ཡོད། ད་དུང་ཁ་ཤས་ཀྱིས་འགྲིག་མི་འདུག་འདོག་འདོག་མང་པོ་བཤད་བཞིན་འདུག་མོད་ རང་ཉིད་ནས་བོད་དོན་ཆེད་མདའ་ཤོད་བར་གོམ་འགྲོད་མི་བྱེད་པར་མི་ལ་སྐྱོན་བརྗོད་ཁོ་ན་བྱེད་པ་ནི་ཧ་ཅང་ཐལ་ཆེ་བ་མཐོང་ མ་གཞི་རང་བཙན་བརྩོད་ནའང་འདྲ་དབུ་མ་ཡིན་ནའང་མཐར་སྟུག་ན་གཅིག་པ་ཡིན་ལ་ གོང་ས་མཆོག་གི་བཀའ་སྒྲུབ་མཁན་ཡང་གཅིག་མཚུངས་སུ་མཐོང་། ཁོང་མ་བུ་གསུམ་གེགས་བར་མེད་པར་ཕ་ཡུལ་དུ་འབྱོར་ཐུབ་པས་སྨོན་འདུན་དང་བཅས།།
ཞི་བས་འཐབ་རྩོད་པ་ཁོང་མ་བུ་གསུམ་གྱི་ཐུགས་སྨོན་ལྟར་འགྲུབ་པའི་སྨོན་འདུན་དང་བཅས་བཀའ་དྲིན་ཆེའོ།