མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ནང་མུ་མཐུད་འདུག་མིན་ཐད་བསམ་ཚུལ་ལ་འགྱུར་བ་ཕྱིན་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་སྤྱི་ཚོགས་ནང་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་མུ་མཐུད་སྤྱི་འཐུས་ནང་བསྡད་ན་འོས་མིན་གྱི་གླེང་སློང་ཡོང་བཞིན་པའི་ཐད། སྤྱི་འཐུས་མི་སྒེར་དང་མདོ་སྨད་དབུས་རྒྱུན། བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཅས་སུ་བཅར་འདྲི་ཞུས་ཡོད།

ཉེ་སྔོན་བུད་མེད་ལྷན་ཚོགས་ཀྱི་སྤྱི་དངུལ་འབུམ་ ༢ གྱི་གནད་དོན་དང་འབྲེལ་བའི་ཐོག་ནས།  སྤྱི་ཚོགས་ཁྲོད་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་མུ་མཐུད་བོད་མི་མང་སྤྱི་འཐུས་ཁོངས་སུ་བསྡད་ན་འོས་མིན་དང་། སྤྱི་ཚོགས་ཁྲོད་རྩོད་རྙོག་འབྱུང་མིན་སྐོར་ལ་གླེང་སློང་ཡོང་བཞིན་པར་བརྟེན། འདི་ག་གསར་འགོད་པས་གནད་དོན་དེའི་ཐད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་། མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།  སྤྱི་འཐུས་སྒྲོལ་དཀར་ལྷ་མོ་མི་སྒེར། དེ་བཞིན། མདོ་སྨད་མི་མང་ཁག་ཅིག་ལ་སྔ་ཕྱིར་བཅར་འདྲི་ཞུས་ཡོད།   

ཟླ་འདིའི་ཕྱི་ཚེས་ ༣ ཉིན་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་སུ། མ་འོངས་པར་མུ་མཐུད་བོད་མི་མང་སྤྱི་འཐུས་ཀྱི་ཁོངས་སུ་བཞུགས་འདུན་ཡོད་མེད་དྲིས་པར། དང་ཐོག་ཁོ་མོས་ “ ཉེ་བའི་དུས་ནས་ང་རང་སྤྱི་འཐུས་ནང་མུ་མཐུད་འདུག་མིན་གྱི་དྲི་བ་ཞིག་བསླེབས་བསྡད་ཀྱི་འདུག  དྲི་བ་དེ་ཅིའི་ཕྱིར་གཏོང་གི་ཡོད་མེད་ངས་ཤེས་ཀྱི་མེད།” ཅེས་བརྗོད་དེ། ཁོ་མོ་དང་བླངས་ཐོག་སྤྱི་འཐུས་ལ་ལངས་ཏེ་སླེབས་པ་མ་ཡིན་པར་མི་མང་གིས་བདམས་པ་ཡིན་སྟབས།  མ་འོངས་པར་ཡང་མུ་མཐུད་ཞབས་ཞུ་བསྒྲུབ་འདུན་ཡོད་སྐོར་བརྗོད་ཡོད་ཀྱང་། ཉེ་ཆར་ཁོ་མོས་སྤྱི་འཐུས་ནས་དགོངས་ཞུ་གནང་འདུན་ཡོད་སྐོར་ཐོས་འཕྲལ། ཡང་བསྐྱར་ཁ་པར་བརྒྱུད་ཁོ་མོའི་སྔར་གྱི་བསམ་ཚུལ་ལ་འགྱུར་བ་ཕྱིན་ཡོད་མེད་སྐད་ཆ་དྲིས་སྐབས། སྒྲོལ་དཀར་ལྷ་མོ་ལགས་ཀྱིས་ཁོ་མོའི་བསམ་ཚུལ་ལ་འགྱུར་བ་ཕྱིན་ཡོད་ཀྱང་། ད་ལྟའི་ཆར་ན་ཚའི་དབང་གིས་གནས་ཚུལ་གསལ་བོ་ཞིག་གསལ་བཤད་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།

མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་མུ་མཐུད་སྤྱི་འཐུས་ནང་བཞུགས་ན་འོས་མིན་ཐད། མདོ་སྨད་དབུས་རྒྱུན་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས་སྤྱི་འཐུས་མི་སྒེར་དགོངས་པ་ཞུ་དགོས་མིན་ཐད་སྐད་ཆ་བཤད་ཁག་པོ་ཆགས་ཡོད་ཀྱང་། ཐོག་མའི་འོས་བསྡུའི་སྐབས་མདོ་སྨད་དབུས་རྒྱུན་གྱིས་མི་མང་ཁྲོད་སྤྱི་འཐུས་འོས་གཞི་ ༢༥ བཏོན་པའི་གྲས་ཡིན་པས།  གནས་ཚུལ་བཟང་ངན་ཇི་འདྲ་ཞིག་བྱུང་ཡང་འགན་འཁུར་དགོས་ཀྱི་ཡོད་སྟབས། ཕྱི་ཟླ་ ༤ ཚེས་ ༢༣ ཉིན་དྷ་སར་ཡོད་པའི་རྒྱུན་ལས་ཆ་ཚང་ཚོགས་འདུ་ཚོགས་ཏེ་བསམ་ཚུལ་བསྡུ་རུབ་བྱས་པར། བསམ་ཚུལ་གཙོ་བོ་ནི་ཁོ་མོ་རང་ངོས་ནས་མ་འོངས་པར་སྤྱི་ཚོགས་ནང་རྙོག་དྲ་མི་ཡོང་བ་དང་། ཆོལ་ཁ་དང་རང་ཉིད་བཅས་ལ་བསམ་བློ་རྒྱ་ཆེན་པོ་བཏང་སྟེ། བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་རྒྱུའི་བསམ་ཚུལ་བྱུང་ཡོད་སྐོར་བརྗོད་སོང་།

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་གནད་དོན་དེའི་ཐད་བཅར་འདྲི་ཞུས་སྐབས། འོས་བསྡུའི་སྒྲིག་གཞིའི་ནང་སྤྱི་འཐུས་ཀྱི་འོས་ཆོས་ཐད་ནས། བུ་ལོན་མཇལ་མ་ཐུབ་མཁན་དང་ཁྲིམས་ཁང་ནས་ནག་ཉེས་ཕོག་མཁན་ཞིག་ལ་རྩི་ཐུབ་ཀྱི་མེད་སྟབས། འོས་ཆོས་ཀྱི་ཆ་ནས་སྤྱི་འཐུས་ནང་མུ་མཐུད་བསྡད་པ་ཡིན་ནའང་། སུ་གཅིག་གིས་འགོག་ཐབས་མེད་པ་དང་། དེ་མིན།  སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་རང་གི་ཆེས་མཐོང་དང་འབྲེལ་བ་ཆགས་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་ཡིན་ན། དེར་འཕོ་འགྱུར་གཏོང་བའི་ལམ་ཁ་ཞིག་ཡོད་པ་ནི།  སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་བྱུང་དགོས་པའི་སྐོར་གསལ་བཤད་དང་སྦྲགས། སྤྱི་འཐུས་ཚོགས་གཙོ་མཆོག་གིས་ “ང་རང་གི་ངོས་ནས་ཁོང་མོས་སྤྱི་བའི་སྒྲིག་འཛུགས་ལ་དོ་ཕོག་མི་འགྲོ་བ་ཞིག་དང་། སྒེར་ལ་དོ་ཕོག་མི་འགྲོ་བ་ཞིག་གི་ཐོག་ལ་བསམ་བློ་གཏོང་གི་ཡོད་ཀྱི་རེད་བསམ་བཞིན་ཡོད།” ཅེས་བརྗོད་དེ། མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་རྒྱུ་ཡིན་པ་ཞིག་གོ་ཐོས་བྱུང་སྐོར་བརྗོད་སོང་།

གཞན་ཡང་གནད་དོན་དེའི་ཐད་མདོ་སྨད་མི་མང་ཁག་ཅིག་ལ་བསམ་ཚུལ་དྲིས་པར། མ་འོངས་པར་མུ་མཐུད་མདོ་སྨད་སྤྱི་འཐུས་ནང་བསྡད་པ་ཡིན་ན། ཆོལ་ཁ་དང་ཆོས་ལུགས་གཞན་པའི་ང་ཚོའི་སྤྱི་འཐུས་ལ་ལྟ་ཚུལ་ངན་པ་ཡོང་ངེས་པའི་བསམ་ཚུལ་བརྗོད་མཁན་འདུག་ལ། ཐེངས་འདིའི་གནད་དོན་དེ་ནི་ཁོ་མོའི་ནོར་འཁྲུལ་ཡིན་ཡང་། ང་ཚོའི་སྤྱི་ཚོགས་ནང་འབུམ་ ༢ ཙམ་མིན་པར། འབུམ་བཅུ་གྲངས་ལྷག་དང་ཐ་ན་༸གོང་ས་མཆོག་གི་བསྔོ་རྟེན་ཟས་ཡོད་པའི་གནས་ཚུལ་བྱུང་ཡོད་ལ། ད་ལྟའི་ཆར་ཡང་ང་ཚོའི་སྤྱི་ཚོགས་ནང་སྤྱི་རྒྱུ་སྒེར་བདག་བྱས་པའི་མཐོ་རིམ་མི་སྣ་སྔར་བཞིན་ཡོད་སྟབས། ཁོ་མོ་མུ་མཐུད་སྤྱི་འཐུས་ནང་བསྡད་ཀྱང་སྤྱི་ཚོགས་ལ་དམིགས་བསལ་བརྡབ་གསིག་འབྱུང་མི་སྲིད་པའི་སྐོར་གྱི་བསམ་ཚུལ་བརྗོད་མཁན་ཡང་འདུག

 

གསར་འགོད་པ། དོན་གོ

(གནས་ཚུལ་རྒྱས་པ་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་གྱི་དུས་བབ་གསར་ཤོག་ལ་གཟིགས།)

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 29

  1. ཡུལ་གྱར་བ། says:
    ལོ་ 13 སྔོན།

    སྤྱི་འཐུས་ཟླ་ཚེ་རང་གིས་གསལ་བཤད་མི་དགོས་པར་གཞུང་དང་ཡུལ་ཁྲིམས་གཉིས་ཀས་ཐག་གཅོད་གཙང་མ་ཟིན་ཡོད་འདུག་པས་དུས་ཚོད་འགོར་མིན་ཙམ་ལས་ཕྱིར་མངོན་ངེས་རེད། ཁྱི་རྒན་ཚོས་ཤེས་ནའང་ཁྱི་རྒན་དང་ས་འོག་དར་ཐག་གི་སྦྲེལ་ནས་ཡོད་སྟབས་མི་ཟུག་ཅིང་ཁྱི་ཕྲུག་ཚོར་མི་རིགས་ཞིག་གི་བདེ་སྡུག་གི་འགན་གྱིས་བཙིར་བས་མི་ཟུག་དཀའ་མེད་རེད། སྤྱི་འཐུས་སྒྲོལ་དཀར་ལྷ་མོ་རང་ཉིད་ཀྱང་བཟང་སྤྱོད་ཀྱིས་དགོངས་པ་ཞུས་ན་དགའ་བ་ལས་མུ་མཐུད་དུ་བསྡད་ན་རྟག་ཏུ་བགྲོ་གླེང་དང་ཁ་རྡུང་སོགས་ཀྱིས་སོས་དལ་དུ་གྲོས་ཚོགས་ར་བར་གཏན་ནས་སྡོད་འཇུག་གི་མ་རེད། གཞུང་སྒེར་གང་ཐད་ནས་དགོངས་པ་ཞུས་ན་ཡག་རེད། འོན་ཀྱང་གསལ་འདེབས་ཞིག་ལ་ད་ལེན་མོས་བྱས་ཉེས་འདིར་བསུབ་ཐབས་མེད་ཀྱང་མོས་ད་བར་སྤྱི་དོན་བསྒྲུབས་པའི་བྱས་རྗེས་དག་འདི་དང་བསྟུན་ནས་ནག་བསུབ་མི་གཏོང་བའི་ཤེས་ལྡན་ཡོངས་ལ་འབོད་བསྐུལ་ཞུ། རྩོམ་ཐུང་འདིས་དུས་བབ་ཚང་ཐེངས་གསུམ་སྒོ་རྡུངས་ཀྱང་ཡ་ལེན་གནང་མ་བྱུང་བས་ད་ལེན་སྐྱར་དུ་སྒོ་ཐེངས་གཅིག་རྡུང་རྒྱུ་ཡིན།

    Reply
  2. བསྟན་འཛིན། says:
    ལོ་ 13 སྔོན།

    ལྷན་རྒྱས་ཀྱིས་དོན་མེད་དག་དག་བཤད་ཀྱི་མ་འདུག་ཡ།

    སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོའི་སྐོར་བཤད་ན།
    སྐུ་ངོ་ཟླ་བ་ཚེ་རིང་སྐོར་བཤད་ཡོང་གི་འདུག
    སྐུ་ངོ་ཟླ་བ་ཚེ་རིང་བཤད་ན་ཡང་ནོར་གླིང་གི་གནས་ཚུལ་ཞིག་ཡོང་གི་འདུག
    གང་ལྟར་ངས་ཅི་ཡང་ཤེས་མ་སོང་གསལ་པོ་ཞིག་སུ་ལ་ཡང་བཤད་ཡ་མི་འདུག
    གལ་སྲིད་བཤད་འདོད་ན་གསལ་པོ་བཤད་ན་རང་གཞིན་ཚང་མ་ལ་ཕྱི་གསལ་ནང་གསལ་གྱིས་ཐོག་ནས་སྐྱོན་བརྗོད་དང་སྨྲ་འབབ་བྱས་ན་ད་ཟོད་ང་ཚོའི་སྤྱི་ཚོགས་འདིའི་ནང་ལ་གནས་སྡུག་འདི་འདྲ་ག་ལ་ཡོང་སྲིད་་་་་་་་་་

    Reply
  3. རིག་འཛིན། says:
    ལོ་ 13 སྔོན།

    མུ་མཐུད་དུ་མ་བཞུགས་ན་བཟང་སྙམ།

    Reply
  4. མཚོ་པདྨ། says:
    ལོ་ 13 སྔོན།

    སྤྱི་འཐུས་ཟླ་བ་ཚེ་རིང་དང་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་གཉིས་ཀྱི་བྱ་སྤྱོད་གནས་གཅིག་ཏུ་བཞག་མི་རུང་། གང་ཡིན་ལབ་ན། སྤྱི་འཐུས་ཟླ་བ་ཚེ་རིང་དང་ཡོངས་གླིང་སློབ་གྲའི་གནས་དོན་འདི་ཁྲིམས་དང་མཐུན་པའི་སྒོ་ནས་ཞུ་བཏུགས་བྱེད་ས་ལམ་ཞིག་ཁྲིམས་རང་གི་ངོས་ནས་བཟོས་བཞག་ཡོད་རེད། ངས་བལྟས་ན་སྤྱི་འཐུས་ཟླ་བ་ཚེ་རིང་གི་གནས་དོན་འདི་ཁྲིམས་དང་མཐུན་པ་ཞིག་རེད་འདུག སྤྱི་འཐུས་སྒྲོལ་དཀར་ལྷ་མོས་ཧིན་སྒོར་འབུམ་གཉིས་ལྐོག་ཟ་བྱེད་པ་འདི་གལ་ཏེ་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་ཁྲིམས་ལ་སྦྱར་ཡོད་ན་ད་ལྟ་སྒྲོལ་དཀར་ལྷ་མོ་རང་ཉིད་ཀྱི་་གནས་སྟངས་གང་འདྲ་ཞིག་ལ་སླེབས་ཡོད་སྲིད། ངེས་པར་དུ་ཐུགས་བསམ་བཞེས་དགོས། སྒྲོལ་དཀར་ལྷ་མོའི་བྱ་སྤྱོད་འདི་ཆུང་ཆུང་དང་སྐྱོན་མེད་པར་སྨྲ་མཁན་རྣམས་ཀྱིས་ཁྲིམས་ལ་བཏུགས་ནས་གནས་ཚུལ་གསལ་པོ་ར་སྤྲོད་བྱེད་ཐུབ་པའི་སྤོབས་པ་ཡོད་དམ།

    Reply
  5. གཞིས་ཆགས་བུ། says:
    ལོ་ 13 སྔོན།

    སྤྱི་རྒྱུ་སྒེར་བདག་བྱས་པ་ནི་མ་རབས་ཐ་ཤལ་གྱི་བྱ་བ་ཞིག་ལས་གཞན་ཅི། དེར་བརྟེན་གཞུང་ནས་གང་ཡང་བྱེད་མ་ཐུབ་པར་ང་ཚོས་གང་བཤད་ཀྱང་ཕན་གྱི་མ་རེད།

    Reply
  6. lobsang says:
    ལོ་ 13 སྔོན།

    ཕྲག་དོག་ཚེར་མའི་བློ་མིག་དཀྲིགས་པ་ཡིས།།བླུན་པོ་རྣམས་ལ་དགའ་བ་མི་སྐྱེད་མོད།།ཞེས་གསུངས་བ་བཞིན་ཕྲག་དོག་རྐྱང་རྐྱང་རེད། སྐུ་ངོ་ཟླ་བ་ཚེ་རིང་གི་ཤེས་འཇོན་གྱི་ཡོན་ཏན་སྣ་གཅིག་མེད་ན་ཡང་ད་དུང་སྐྱོན་བརྗོད་བྱེད་ཁུལ་བྱེད། ངོ་མ་ངོ་ཚ་བྱེད་ཅིག་རེད་ཡ།

    Reply
  7. ཀེ་ཏ་ཀ says:
    ལོ་ 13 སྔོན།

    ༧སྐུ་མདུན་རིན་པོ་ཆེ་ངོ་ལོག་རྒྱག་མཁན་ཁག་ཅིག་གིས་སྤྱི་འཐུས་ཉམས་ཆུང་ཟླ་བ་ཚེ་རིང་ལ་འདི་ལྟར་དངོས་ཤུགས་བརྒྱུད་གསུམ་ནས་ནག་པོ་བཟོ་ཐབས་གནང་བ་ནི་དངོས་གནས་ཐབས་སྐྱོ་བོ་ཞིག་མ་རེད་དམ།

    Reply
  8. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    ཨ་ཡ་མཚན་ལ་ཤེས་བཞིན་སྤྱི་རྒྱུ་ལྐོག་ཟས་ཟ་མཁན་ལ་ངས་མཆན་ག་ཚོད་རྒྱབ་རུང་མ་བཀོད་རྒྱུ་མཚན་ཅི་ཡིན་ན། ང་དང་ཕ་ཡུལ་གཅིག་པ་ཡིན་པའི་རྒྱུ་མཚན་གྱི་ཡིན་ངེས་དུས་བབ་ལ།

    Reply
  9. ནད་མེད་དྲ་འབུ། says:
    ལོ་ 13 སྔོན།

    གཞུང་འབྲེལ་གནས་དོན་འཐེན་འདོན་བྱེད་པ་ནི་མང་གཙོའི་བ་ལ་ངེས་པར་མཁོ་བ་ཞིག་རེད།
    འོནད་ཀྱང་ཁུངས་དག་དགོས་པ་ལས་གཏམ་འཆར་རྐྱང་བཤད་དེ་ནང་ཁུལ་དཀྲུག་པ་ལ་དགོས་པ་ཨེ་འདུག

    Reply
  10. thapkegyatso says:
    ལོ་ 13 སྔོན།

    མགོ་སྐྲང་སྟེང་དུ་ཁུ་ཚུར་གྱི་དཔེ་ལྟར་མོ་རང་ལ་མིང་ཆད་སྟེང་དུ་ན་ཚས་གཟེར་བཏབ་དུས་ཕམ་ཁས་ཕམ་ཁ་རང་མྱོང་བ་སྨྲས་ཅི་དགོས།ཡིན་ཡང་ད་ནས་བཟུང་སྤྱི་འཐུས་ཀྱི་མིང་དེ་མ་ཁུར་ན་ཡག་གོ། གཞན་ཡང་འདི་ནི་མདོ་སྨད་གཅིག་པུའི་བྱ་བ་ཞིག་མ་ཡིན་པ་ཤེས་བཞིན་དུ།གསར་འགོད་པས་ཅི་ཞིག་ལ་མདོ་སྨད་ཁོ་ནར་ཁག་དཀྲི་དགོས་པ་ཡིན་ནམ།ད་དུང་དྲི་བ་གསུམ་པ་གཏོང་ས་ཡི་མི་དེ་དག་གི་བཤད་སྟངས་ནི་བག་ཕེབས་ཀྱི་རང་གཤིས་དཀྲུགས་པ་ལས་ཡག་འབྲས་གཅིག་ཀྱང་མི་སྲིད་པར་རིག་གོ།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    གོ་སྐབས་འདི་དང་བསྟུན་ནས་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་རང་གི་བྱུང་རིམ་དེའི་སྐོར་ཆ་ཚང་རེ་བཤད་ན་ལོག་རྟོགས་སེལ་བར་ཕན་ཐོགས་ཆེ། ཁྱི་རྒན་ཤེས་ནས་ཟུག་མཁན་ཉུང་མ་ཤེས་པར་ཟུག་མཁན་ཁྱི་ཕྲུག་མང་གི

    Reply
  12. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ནུབ་ཕྱོགས་ཕོ་ཉས་ཟླ་བ་ཚེ་རིང་གིས་གོང་ས་མཆོག་ལ་ཁ་བཏང་མྱོང་མེད་པས་ཡང་གླིང་སློབ་གྲྭ་སྒེར་བདག་བྱས་པ་དེ་བརྔན་པ་སྤྲད་དགོས་རེད་གསུངས་ཀྱི་ཡོད་དམ།
    རྡ་ས་ནས་ཟླ་བ་ཚེ་རིང་ལ་སོགས་པའི་སྐབས་འཚོལ་བ་དེ་ཚོས་ཁ་ནས་གོང་ས་མཆོག་ཟེར་ནས་གསོལ་འདེབས་སྨོན་ལམ་འདེབས་མི་མང་ནང་དུ་བསླེབས་དུས་གོང་ས་མཆོག་གི་ཅི་གསུངས་བཀའ་སྒྲུབ་དགོས་རབ་ཀྱི་བཀའ་སློབ་གནང་ལྐོག་ནས་གོང་ས་མཆོག་གི་དགོངས་གཞི་དང་མ་མཐུན་པ་རྐུ་མ་ཁྲམ་པ་རྐྱང་འཁྲམ་མི་དེ་ཚོ་ཁྱོད་ཀྱི་མིག་མདུན་ལ་དཀར་པོ་ཡིན་སྲིད།
    དེ་ནི་ཁྱོད་དང་རིགས་མཐུན་གཅིག་པ་ལོས་ཡིན

    Reply
  13. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    སྤྱི་རྒྱུ་སྒེར་བདག་བྱེད་མཁན་མང་པོ་ཡོད་ཟེར་ནས་དྲ་གྲོགས་མང་པོས་གསུངས་འདུག །དེ་ལ་དཔང་རྟགས་དང་བཅས་པ་སྟོན་ན་མི་མང་གི་རྒྱབ་རྐྱོར་བྱ་རྒྱུ་རེད། དེ་མེད་ན་བཤད་པ་ཐམས་ཅད་དོན་མེད་ཅིག་མ་རེད་དམ།་ཟླ་ཚེས་བྱས་པའི་ལས་དེ་ངོ་མ་ཡིན་ན་ག་་རེ་བྱ་དགོས་མིན་དེ་མི་མང་གི་ལག་ཏུ་ཡོད་རེད་ལ་ལྷག་པར་དུ་རྡ་ས་དང་དབུས་གཙང་མི་མང་གི་གཙོ་བོ་བྱེད་དེ་ལག་ལས་བཏབ་དགོས་པ་ཞིག་རེད།་དེ་ལྟར་མུ་མཐུད་དེ་བཞག་ན་མ་འོངས་པར་ང་ཚོའི་སྤྱི་ཚོགས་དེ་ག་འདྲ་ཞིག་ཆགས་ཀྱི་རེད།

    Reply
  14. རེབ་ཐོག་མདའ says:
    ལོ་ 13 སྔོན།

    སྤྱིར་ནོར་འཁྲུལ་ནི་ནོ་འཁྲུལ་རེད། དེ་ལ་དགོངས་འམ་ཁ་ངོ་སྟེར་ས་འགྲོ་གི་མ་རེད་། ཡིན་ཡང་ང་ཚོས་སྤྱི་ཚོགས་འམ་གང་ཟག་ཞིག་ཡིན་ཡང་བཟང་ངན་གཉིས་ལ་བལྟས་ནས་བརྡར་ཤ་བཅད་ན་ཡག་པོ་རེད།
    སྤྱི་ཚོགས་ཡིན་ཡང་ཚོགས་པ་ཡིན་ཡང་ནང་དུ་མི་འདྲ་མི་འདྲ་སླེབས་སྲིད་པ་ཞིག་རེད་ལྐོག་ཟ་དེ་ཡང་ང་ཚོས་སྤྱི་ཚོགས་གཅིག་པོ་མ་རེད་འཛམ་པོ་གླིང་གི་ནང་དུ་ཟ་དང་ཟ་བཞིན་པའི་གནད་དོན་ཞིག་རེད།
    ད་ཡིན་ན་དོན་དག་ནི་བྱུང་ཚར་རེད་དེ་འདྲ་སོང་ང་ཚོས་སུ་ཡིན་ཡང་རང་ཉིད་གང་དུ་ཕྱིན་ཡང་་་་ག་རེ་བྱས་ཀྱང་དོན་དེ་མི་ལས་བའི་དམ་བཅའ་དགོས་གི་རེད་།
    མི་གཞན་ལ་སྐྱོན་འཛུགས་དང་ཐེར་འདོན་བྱེད་ང་ཚོས་བོད་མི་འདི་དག་ཧ་ཅང་གི་དགའ་བོ་འདུག། སུ་ཧ་གོ་གི་རྒྱུ་རིག་ན་མགོ་མི་འདར་མེད་གི་ཟེར་བ་ཧ་ཅང་དཀོན་པོ་རེད་དེའི་རྐྱེན་ག་དུས་ཡིན་ཡང་གཞན་སྐྱོན་ལ་མིག་གི་རིག་རིག་དང་རྣ་བའི་ཅོར་ཅོར་བྱས་ནས་མི་འདུག་པར་རང་ཉིད་ད་ལྟ་བར་དུ་བོད་སྤྱི་བའི་དོན་དུ་ལས་ཀ་ག་རེ་བྱས་ཡིན་མིན་བསམ་བློ་བཏང་ནས་ད་གཟོད་འདི་དག་སྐྱོན་ཆུང་ཆུང་ཞིག་དེ་འདྲའི་སྡང་སེམས་མི་བཟུང་བར་ཞུ།།
    ཚང་མ་ཤེས་ལྡན་མི་སྣ་ཏག་ཏག་རེད་དེ་འདྲ་སོང་དུས་རང་གཞན་གཉིས་ཕན་ཀྱི་ལས་ཀ་རེད་བྱེད་ན་དགེ་མཚན་ཆེ་བར་འདོད

    Reply
  15. གནས་ཚང་། says:
    ལོ་ 13 སྔོན།

    ད་ཚམ་མ་ལོས་རྩོད་པ་མ་རྒྱག རྔ་བ་དཔའ་བོའི་གྲོང་ལ་རྐུན་མ་གཅིག་གིས་ནག་པོ་བཟོ་དོན་ཡང་ཡ་མཚན་གྱི་གནས་རེད། དགོངས་པ་ཞུ་ཡག་ལས་ལམ་ཁ་གཅིག་ཀྱང་ལྷག་ཡོད་པ་མ་རེད། མང་གཙོའི་གྲོས་ཚོགས་གང་དང་གང་དུའང་འདི་འདྲའི་དོན་རྐྱེན་བྱུང་རྗེས་མཐུད་ནས་སྤྱི་འཐུས་སྡོད་ཐུབ་མཁན་གཅིག་ཀྱང་བྱུང་ཡོད་པ་མ་རེད། དེ་ལས་ལྡོག་ནས་དབང་ཆ་གཅིག་སྡུད་པའི་གཞུང་དུ་དེ་འདྲ་མང་པོ་ཡོད་པ་རེད། དེ་བས། ད་རེས་རྡ་ས་འདི་མང་གཙོའི་སྤྱི་ཚོགས་ཤིག་ཡིན་མིན་ལ་ཡིག་ཚད་ཅིག་ཀྱང་ཡིན་པས། གསལ་བོ་ཞིག་ལྟ་རོགས།

    Reply
  16. རྡོ་རྗེ་ཚེ་རིང་། says:
    ལོ་ 13 སྔོན།

    སྤྱི་རྒྱུ་སྒེར་བདག་ཟེར་ན་ཟླ་བ་ཚེ་རིང་གིས་བོད་གཞུང་གི་ཅ་དངོས་མར་གནང་བ་རྣམས་ཡར་མ་སྤྲད་པ་ཡིན་ནམ། དཔང་པོ་དང་ཁུངས་སྐྱེལ་ཡོད་ན་ཟླ་བ་ཚེ་རིང་སྐུ་ངོ་མའི་སར་ཕྱིན་ནས་ར་སྤྲོད་དང་། ཟླ་བ་ཚེ་རིང་གིས་སིམ་ལ་ཁྲིམས་ཁང་ལ་གཏུགས་གཤེར་བྱེད་པ་དེ་དངོས་བདེན་ཡིན་ཡང་། ཟླ་བ་ཚེ་རིང་གིས་སྐབས་དེའི་ཁྲིམས་དཔོན་རྒྱུག་ཁྱི་བྱ་དུར་བཟང་པོ་དང་ཁོ་པའི་ངན་རོགས་རྣམས་ཀྱིས་དྲང་བདེན་གྱི་ཁྲིམས་ཐག་གཅོད་བྱས་་མ་སོང་ཟེར་ནས་ཁྲིམས་གཏུགས་བྱས་པ་རེད། སྐབས་དེའི་བཅད་ཁྲ་ངོ་མ་མཐོང་ན་ཧ་སངས་དགོས་ཡས་རང་རེད། བཅད་ཁྲིམས་ནང་༼ཡོངས་གླིང་སློབ་གྲྭ་ཤེས་རིག་ལས་ཁུངས་སུ་རྩིས་སྤྲོད་དང་། ཟླ་བ་ཚེ་རིང་ལ་ལེགས་གསོལ་འབུམ་བཅུ་བོད་གཞུང་ནས་སྤྲོད་དགོས་རྒྱུ། ཟླ་བ་ཚེ་རིང་ནས་ཡབ་ཆེན་པ་སངས་ཚེ་དབང་ལ་ཁ་མཆུའི་གྲོ་གྲོན་སྒོར་ཁྲི་གཉིས་སྤྲོད་༽དགོས་ཞེས་འཁོད་ཡོད་པ་རེད། འོ་ན་ཟླ་བ་ཚེ་རིང་གི་དངོས་གནས་སྤྱི་རྒྱུ་སྒེར་བདག་བྱས་པ་ཞིག་ཡིན་ན་ག་རེ་བྱས་ནས་ལེགས་གསོལ་བྱ་དགའ་དགོས་པ་རེད། གལ་སྲིད་ཟླ་བ་ཚེ་རིང་བྱས་རྗེས་ཡིན་ཟེར་ན་ལས་དོན་ཡག་པོ་གྲུབ་མཚམས་ནས་ལེགས་གསོལ་མི་གནང་བ་ག་རེ་བྱས་པ་ཡིན། ཁ་མཆུ་ཐག་གཅོད་མ་ཚར་བར་དུ་ལེགས་གསོལ་མི་གནང་བ་དེ་གཞུང་ནས་མར་གནང་བའི་ཟླ་བ་ཚེ་རིང་ལ་ལེགས་གསོལ་བྱ་དགའ་་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ལྐོག་བཟའ་བྱས་པ་ཡིན་ནམ།རྒྱལ་སྤྱིའི་ཁྲིམས་སྒྲིག་གང་ཞིག་ཏུའང་ལྐོག་བཟའ་རུལ་སུང་བ་ཚར་གཅོད་ཟེར་བ་དེ་ལ་ལེགས་གསོལ་བྱ་དགའ་ཟེར་ནས་སྤྲོད་མཁན་གང་ན་འདུག 
    དེ་བས་དྲ་འབུ་སུ་ཞིག་ཡིན་ཡང་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་མཆན་སྤེལ་ཕན་ཆེ་བ་ལས་གཡམ་རྒྱུག་བྱས་ན་སུ་ལའང་ཕན་ཐོགས་མེད། 

    Reply
  17. བློ་འཕེལ། says:
    ལོ་ 13 སྔོན།

    གྲོགས་པོ་ཚོ་གནད་འདི་ནི། གོང་དུ་ཚོགས་གཙོ་ལགས་ཀྱིས་་་་་ འོས་བསྡུའི་སྒྲིག་གཞིའི་ནང་སྤྱི་འཐུས་ཀྱི་འོས་ཆོས་ཐད་ནས། བུ་ལོན་མཇལ་མ་ཐུབ་མཁན་དང་ཁྲིམས་ཁང་ནས་ནག་ཉེས་ཕོག་མཁན་ཞིག་ལ་རྩི་ཐུབ་ཀྱི་མེད་སྟབས། འོས་ཆོས་ཀྱི་ཆ་ནས་སྤྱི་འཐུས་ནང་མུ་མཐུད་བསྡད་པ་ཡིན་ནའང་། སུ་གཅིག་གིས་འགོག་ཐབས་མེད་པ་དང་། ་་་་་ཞེས་གསལ་བཤད་གནང་བ་བཞིན་འོས་བསྡུའི་སྒྲིག་གཞི་ལྟར་ན་མུ་འཐུད་སྤྱི་འཐུས་གནང་བ་ལ་དགག་བྱ་མེད་པ་དང།
    ཡང་ཁོང་གིས་་་་དེ་མིན། སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་འཛུགས་རང་གི་ཆེས་མཐོང་དང་འབྲེལ་བ་ཆགས་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་པ་ཡིན་ན། དེར་འཕོ་འགྱུར་གཏོང་བའི་ལམ་ཁ་ཞིག་ཡོད་པ་ནི། སྤྱི་འཐུས་རྩ་འབོར་གྱི་སུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་བྱུང་དགོས་་་་་ཞེས་ཟེར། འདི་ནི་་་་སྔ་དཔེ་ཕྱི་མ་་་་་ཟེར་བ་ལྟར་སྔར་སྤྱི་འཐུས་མང་པོ་ཞིག་ཚོགས་ཁང་ནས་ཕྱིར་ཐོན་པའི་ཞབས་འདྲེན་བླ་ན་མེད་པ་ཞིག་ཞུས་པ་འདི་ལས་ལྷག་པའི་གྲོས་ཚོགས་ཀྱི་ཆེས་མཐོང་ལ་གནོད་པ་ཞིག་ད་བར་བྱུང་མེད། སྐབས་དེར་ཆེས་མཐོང་མེད་པའི་གླེང་གཞི་ཙམ་ཡང་མེད་པར་ད་ལམ་ཀིརྟི་སྒྲོན་དཀར་ལྷ་མོའི་ཐོག་དེ་འདྲ་བྱུང་ན། ཉམས་ཆུང་གི་གཉའ་བ་ནས་མནན་པ་ཡིན་པས་དྲང་མོ་རྩ་བ་ནས་མ་རེད་དོ།།
    འགྱར་མེད་བསྟན་འཛིན་སོགས་ལ། སྤྱི་འཐུས་ཟླ་བ་ཚེ་རིང་གིས་སྒེར་ཐོག་སྤྱོད་རྒྱུ་དེ་སྤྱི་རྒྱུ་ཡིན་པའི་ཁུངས་གསལ་པོ་གསུངས་དང་། ཁོང་གིས་རྡ་སའི་མི་མང་གང་མང་ཞིག་བལྟ་རྟོག་བྱས་དང་བྱེད་བཞིན་པ་རེད། དེ་དག་གི་ཐོག་འགྲོ་གྲོན་བཏང་བ་དེ་ཡང་ཁོ་རང་སྒེར་གྱི་ཐོག་བཏང་བ་རེད་དམ། འོ་ན་ཁྱོད་ཀྱིས་དཀའ་ངལ་འཕྲད་བཞིན་པའི་མི་བཅུ་གྲངས་ཤིག་ལ་དེ་བཞིན་བལྟ་རྟོག་བྱོས་དང་གཞི་ནས་བཤད་ཆོག་གི་རེད།

    Reply
  18. བཀྲ་ཤིས་ལྷ་མོ། says:
    ལོ་ 13 སྔོན།

    སྤྱི་འཐུས་སྒྲོལ་དཀར་ལྷ་མོ་ཟླ་བ་ཚེ་རིང་ནང་བཞིན་སྡིག་པ་མིག་བཙུམ་བྱེད་མཁན་ཞིག་མིན་པ་གཏན་ཁེལ་བ་རེད་འདུག རང་སྐྱོན་ངོས་ལེན་བྱས་ན་གུ་ཡངས་ཡོད་ཟེར་མ་མཐའ་གུང་ཁྲན་ཏང་ལའང་བཤད་རྒྱུ་ཡོད་རེད། ཚང་མ་ངོས་ལེན་བྱས་ཏེ་དགོངས་པ་ཞུས་བྱེད་དུས་དེ་ལས་ལྷག་བྱེད་ཡ་གང་ཡང་ཡོད་མ་རེད་བསམ། དེའི་སྐོར་བགྲོ་གླིང་བྱས་པའི་གྲུབ་འབྲས་ཡག་པོ་བྱུང་བ་རེད། གོང་གསར་འགོད་པས་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་དེ་ལས་ལྷག་བཙན་ཟ་བྱེད་མཁན་གཙང་མ་བཟོ་དགོས་རེད་བསུང་འདུག ང་ཚོའི་མཐོ་རིམ་མི་སྣ་སྤྱི་འཐུས་ནང་དུ་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དབུས་གཙང་ཚོགས་པའི་ཚོགས་གཙོ་ཟླ་བ་ཚེ་རིང་ཐག་གཅོད་གང་འདྲ་བྱེད་དགོས་མིན་ལ་བགྲོ་གླེང་ནུས་ལྡན་བྱེད་དགོས་ཀྱི་རེད་བསམ། ཟླ་བ་ཚེ་རིང་སྤྱི་འཐུས་བྱེད་ཆོག་ན་སྒྲོལ་དཀར་ལྷ་མོ་སྤྱི་འཐུས་བྱེད་རྒྱུར་ཐེ་ཚོམ་བྱེད་དགོས་དོན་ཅི་ཡོད། ཡོངས་གླིང་སློབ་གྲྭ་ཆ་ཚང་བཟས་ཚར་དུས་སྒྲོལ་དཀར་ལྷ་མོས་སྒོར་འབུམ་གཉིས་དེ་འབུ་གྲོག་མ་རེད་བ། གླིང་གེ་སར་རྒྱལ་པོའི་སྒྲུང་ནང་དུ་བཤད་པ་ལྟར་རེད། འཇང་ས་དམ་རྒྱལ་པོའི་ཁ་རྩ་ལ། བདུད་ཀླུ་བཙན་བུ་ཆུང་ལོ་བརྒྱད་རེད། ཟེར་ཡོད་རེད། ཟླ་བ་ཚེ་རིང་སྤྱི་རྒྱུ་སྒེར་ཟོས་བྱས་པའི་ཁ་རྩ་ལ། སྒྲོལ་དཀར་ལྷ་མོ་རྐུ་མའི་མིང་མི་ཐོག དྲ་གྲོགས་ཚོ། དེའི་སྐོར་ཞིབ་ཕྲ་གྱེར་དགོས་ན་དུས་ཚོད་རགས་དུས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲའི་ནང་དུ་གཟིགས་དང་ཁ་གསལ་པོ་འདུག

    Reply
  19. ནད་པ says:
    ལོ་ 13 སྔོན།

    མདོ་སྨད་སྤྱི་མཐུས་སྒྲོལ་དཀར་ལྷ་མོ་དང་། དབུས་གཙང་སྤྱི་མཐུས་ཟླ་བ་ཚེ་རིང་སོགས་ཆོལ་ཁ་གསུམ་གྱི་སྤྱི་མཐུས་སུ་ཞིག་ཡིན་ནའང་སྤྱི་རྒྱུ་སྒེར་བདག་བྱེད་མཁན་དང་ཁྲིམས་འགལ་ནག་ཉེས་ཅན་ཞིག་ཡིན་ཚེ་ངེས་པར་དུའང་སྤྱི་འཐུས་དང་། བཀའ་བློན་སོགས་གང་ཡིན་ཀྱང་རྩ་དགོངས་གཏོང་དགོས།

    ངན་པ་ཚར་གཅོད་མ་བྱས་པར་གྱ་ཡན་དུ་བཏང་ན་བཟང་པོ་རྣམས་ཀྱི་མཛད་རྗེས་དག་ལ་སྤྲོ་བ་ཇི་ལྟར་འཕེལ་ཐུབ་བམ།

    ༸ གོང་ས་མཆོག་གི་བཀའ་ལྟར་རེ་བ་བཟང་ས་ནས་བརྒྱབས་ཏེ་བོད་རིགས་ཡ་རབས་དང་བཟང་པོ་ཤ་སྟག་ཡོང་ཐུབ་པ་བྱེད་དགོས། གྲ་སྒྲིག་སྡུག་ས་ནས་བྱས་ཏེ་མི་ངན་ངན་པ་ལམ་ཤོར་རྣམས་དུས་ཐོག་ཏུ་ཚར་གཅོད་ཀྱང་བྱེད་དགོས།

    རྒྱ་ནག་གུང་ཁྲན་ཏང་གིས་ཀྱང་སོ་སོའི་རྩ་ཁྲིམས་དང་འགལ་ན་དུས་ཐོག་ཏུ་ཁྲིམས་བཅད་དེ་ཉེ་ཆར་རྒྱ་ནག་སྲིད་ཁྲིམས་ཀྱི་ཀྲུའི་ཞི་ཀྲུང་ཡུང་ཁང་དང་། པོའི་ཤི་ལ་སོགས་གནས་དབྱངས་བཏང་ཡོད་པ་རེད།

    ང་ཚོས་འདི་ནས་དམངས་གཙོ་དང་། རང་དབང་། ཡང་དག་པ། འཚེ་བ་མེད་པ། ཞི་བདེ། ནང་པ་སངས་རྒྱས་པ་བཅས་ཡིན་ཟེར་དེ་ཁྲིམས་འགན་ཅན་གྱི་མི་སྣ་དག་མུ་མཐུད་བོད་ཀྱི་གྲོས་ཚོགས་སུ་བཞག་ན་དེ་ནི་ཡང་དག་པ་ཞིག་ཨེ་ཡིན་ནམ།

    བསམ་བློ་ཕུགས་རྒྱང་རིང་པོ་ཞིག་གཏོང་དགོས། བོད་ཀྱི་རྒྱལ་ཁབ་དང་། བོད་མི་རིགས། རང་སླར་གསོའི་ཆེད་འཐབ་རྩོད་ཡང་དག་པ་ཞིག་བྱེད་འདོད་ན་ངེས་པར་མི་སྒེར་གྱི་ངོ་གདོང་དེ་ལག་ཆེན་པོར་བརྩི་མི་རུང་། རྒྱལ་ཁབ་དང་དམངས་ཀྱི་བདེ་སྡུག་ལ་བསམ་བློ་ཕུགས་བསམ་ཅན་གཏོང་དགོས།

    ཁ་ཆེ་ཕ་ལུའི་སྙིང་གཏམ་ལས་ཀྱང། ཕ་ཡི་བུ་དང་བུ་ཡི་ཕ་བྱེད་ན། དེ་འདྲ་བསམས་ནས་ཐུང་ཐུང་གང་ནས་ཡིན། ཞེས་ཐུང་ཐུང་བྱེད་མི་རུང་། མི་རིགས་དང་རྒྱལ་ཁབ་གཅིག་གི་ཕུགས་བསམས་ཡིད་ལ་བཅངས་དགོས།

    Reply
  20. བུ་ཡུག says:
    ལོ་ 13 སྔོན།

    སྐྱག་འབུ་འདི་ཚོ་འཇོག་རིན་མ་རེད

    Reply
  21. བུ་ཡུག says:
    ལོ་ 13 སྔོན།

    ཅིས་ཕྱིར་འདི་ཚོ་འདི་ལྟར་བཞག་དགོས?

    Reply
  22. བུ་ཡུག says:
    ལོ་ 13 སྔོན།

    སྐྱག་འབུ་འདི་ཚོའི་ཁ་ཡར་གྲག་ན་ཆོལ་ཁའི་སྐད་ཆ་རྐྱང་རྐྱང་བཤད་ཀྱི་འདུག། ཁ་མར་གྲག་ན་ལྐོག་ཟ་རུལ་སུང་དོན་ངོ་མའི་འདི་ཚོའི་ཅི་ཞིག་ལ་བསམ་བློ་གཏོང་གི་ཡོད། སྤྱི་ཚོགས་ནང་དཀྲུག་ཤིང་རྒྱགས་མཁན་གཙོ་བོ་སྐྱག་འབུ་འདི་ཚོ་རེད། འདི་ཚོའི་དགྲ་དགའ་གཉེན་སྡུག་གི་ལས་ཀ་རྐྱང་རྐྱང་བྱས་ནས་གོང་ས་མཆོག་དང་རང་གཞུང་གི་མཚན་མཐོང་ལ་ཧ་ཅང་གནོད་ཀྱི་འདུག། དེའི་ཕྱིར་མགོ་བཀའ་ཁྲི་ནས་བཟུང་རང་གཞུང་དང་ཆོལ་གསུམ་གཅིག་བསྒྲིལ་དགོས་ན་འདི་ཚོ་ཕམ་པར་རྒྱགས་རིན་རེད་

    Reply
  23. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ད་ཐེངས་བློ་གཟུར་གནས་ཚོས་སྤྱི་འཐུས་ཟླ་བ་ཚེ་རིང་གི་སྤྱི་རྒྱུ་སྒེར་བདག་སྐོར་ལ་སྨྱུག་ཁ་གཏད་ནས་བགྲོ་གླེང་བྱ་དགོས།
    སྒྲོལ་དཀར་ལྷ་མོའི་གནས་ཚུལ་ཐག་གཅོད་ཚར་བ་རེད།
    དྲང་མོ་བཤད་ན་ཟླ་ཚེས་ལྟ་བུ་བུ་མོ་འདིས་སྤྱི་ཚོགས་ལ་བརྡབ་བསིག་གང་ཡང་བཟོས་མེད།

    Reply
  24. བཙན་པོའི་བུ། says:
    ལོ་ 13 སྔོན།

    དྲ་ཁང་འདིར་དྲ་འབུ་ཆོ་མེད་འགའ་བསླེབས་འདུག ཆུ་ཐིགས་སྔོན་མོ་ཞེས་པ་དེས་བརྗོད་པ་བཞིན་སྤྱི་ཚོགས་ཐོག་གྲག་མ་གྲག་ཅིག་དང་ཡང་ན་གཅིག་རྒྱབ་གཅིག་གིས་མནན་ནས་ཡོད་པ་ཙམ་ལས་ཀིརྟིའི་སྒྲོལ་དཀར་ལས་སྡུག་པ་ད་དུང་གངས་སྐྱིད་ན་ཁེངས་བསྡད་ཡོད་ན་ཁྱོད་རང་གིས་དཔང་རྟགས་ཁྱེར་ནས་ཐོན་དང་། དགའ་བསུ་ཡོད། ལྐོག་ཟའི་རིགས་དེ་ང་ཚོར་མི་དགོས་པའི་སྤྱི་ཚོགས་ཀྱི་ནད་གཞི་རེད། གལ་ཏེ་ཁྱོད་རང་བཏོན་རྒྱུ་མེད་ན་ཆོ་མེད་བཅོལ་ཆུང་གི་སྐད་ངན་མ་སྒྲགས་ན་ཡག་གི་རེད། རང་རེའི་སྤྱི་ཚོགས་ནང་མི་གཅིག་གིས་ལྐོག་ཟ་བྱས་པའི་དོན་རྐྱེན་བྱུང་བ་དེས་ལྐོག་ཟས་པ་མང་པོ་ཡོད་ལུགས་བརྗོད་པ་ནི་གཞི་མེད་ཀྱི་སྐད་ཆ་རེད།

    Reply
  25. ནུབ་ཕྱོགས་ཕོ་ཉ། says:
    ལོ་ 13 སྔོན།

    ཧ་ཧ་ཧ། འགྱུར་མེད་བསྟན་འཛིན་ལགས། ཟླ་བ་ཚེ་རིང་ལགས་ཀྱི་མི་དམངས་ཉམས་ཐག་དང་ སློབ་ཕྲུགས་ལ་སོག་ལ་ལྟ་སྐྱོང་ཐུབ་མཁན་ང་ཚའི་མདོ་སྟོད་སྤྱི་མཐུན་ས་འདུག་ ང་ཚོའི་མདོ་སྟོད་སྤྱི་མཐུན་དེ་ཚོ་ལ་ཆོས་ལུགས་གྱི་མཐེན་འཁྱེར་། ང་ཚོའི་ཨ་ཡོད་ནང་གི་ད་ཡོད་ མཁས་དབང་ཟམ་མདོང་རིན་པོ་ཆེ་ལ་ག་དུས་ཡིན་ན་ཁ་བཏང་ཡག་དང་གཞི་མེད་སྐྱོན་འཛུགས་ཀྱང་ཀྱང་བྱེད་ནས་སྡད་གི་རེད་བ། ཟླ་བ་ཚེ་རིང་གི་ད་བར་དུ་༧གོང་ས་མཆོགས་དང་བོད་གཞུང་ལ་ཁ་བཏང་མྱོང་མེད་།

    Reply
  26. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    དངོས་ཡོད་མང་ཚོགས་ནང་གླེང་བཞིན་པའི་སྤྱི་དངུལ་ལྐོག་ཟ་བྱས་པའི་གནས་དོན་ཐད་མདོ་སྨད་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་བོད་མི་མང་སྤྱི་འཐུས་ལ་འོས་མ་འོས་གནས་ཚུལ་འོས་འཚམ་ཞིག་བྱེད་དགོས་པ་ནི་དུས་ཀྱི་གནང་བའི་འོས་བབ་གཅིག་རེད་། ཕྱོགས་མཚུངས་གནད་དོན་འདིའི་རིགས་དཔེ་ན་གོང་རུ་བཀོད་པ་ལྟར་སྤྱི་སྒྱུ་སྒེར་བདག་ཅན་ཟེར་བ་དེ་དག་གི་ཐོག་ལ་ཀིརྟི་སྒྲོལ་དཀར་ལྷ་མོ་ཅིག་པུའི་ཐོག་ཏུ་སྨྱུ་ཁ་མ་གཏད་པར་དྲང་བདེན་ཐོག་མིང་དོན་མཚུངས་པའི་སྤྱི་འཐུས་ཤིག་ལ་བཅོས་བརྒྱུར་དགོས་པ་ནི་ཧ་ཅང་གི་གལ་ཆེན་ཡིན་པ་མཐོང་།

    Reply
  27. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    འབུམ་གཉིས་་་་་་་ཧཧ་་་་བོད་གཞུང་གི་ལས་བྱེད་དང་ཡང་ན་སྤྱི་འཐུས་ནང་ལ་འབུམ་གཉིས་ད་སྔ་ཟ་མཁན་བྱུང་མེད་ཅེས་བཤད་ཐུབ་ཀྱི་འདུག་གམ་་་འདི་ནི་སྤྱི་ཚོགས་ཐོག་གྲག་མ་གྲག་ཅིག་དང་ཡང་ན་གཅིག་རྒྱབ་གཅིག་གིས་མནན་ནས་ཡོད་པ་ཙམ་ལས་ཀིརྟིའི་སྒྲོལ་དཀར་ལས་སྡུག་པ་ད་དུང་གངས་སྐྱིད་ན་ཁེངས་བསྡད་པ་རེད་་་་་གཅིག་གིས་གཅིག་ལ་འགེབས་སྲུང་དང་རྒྱབ་སྐྱོར་ལས་ཡོངས་ཁྱབ་མ་གྱུར་པའི་གླེང་སློང་ཞིག་སྔ་མོ་ནས་གྲགས་པ་རེད་་་་ཡིན་ནའང་འཇོན་པོའམ་རྒྱབ་བརྟན་ཅན་གྱིས་བྱས་ན་ཅི་ཡིན་ཡང་གྲག་འགུལ་མེད་པར་བཟོ་གི་རེད་་་་་་འདི་འདྲ་མེད་པ་མིན་ཡང་་་་སྙིང་རྗེ་ཁ་ཙམ་ལས་རྒྱབ་རྟེན་མེད་པའི་བུད་མེད་ཁེར་རྐྱང་མ་འདི་ལ་ཕྱོགས་མང་པོ་ཞིག་ནས་ཐབས་ཚུལ་འདྲ་མིན་སྤྱད་ནས་འདི་ལྟར་བཟོས་པ་རེད་་་་་

    Reply
  28. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    སྤྱི་རྒྱུ་སྒེར་བདག་བྱ་མཁན་མཐོ་རིམ་སྤྱི་འཐུས་སྐུ་ངོ།

    Reply
  29. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ད་ལྟའི་ཆར་ཡང་སྤྱི་རྒྱུ་སྒེར་བདག་ང་ཚོའི་སྤྱི་ཚོགས་ནང་སྤྱི་རྒྱུ་སྒེར་བདག་བྱས་པའི་མཐོ་རིམ་མི་སྣ་ཟེར་བ་དེ་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་ལོས་ཡིན།
    ད་དུང་ཚོགས་པ་དང་བླ་བྲང་ཚོ་ལ་སྤྱི་རྒྱུ་སྒེར་བདག་བྱ་མཁན་གྱི་རྐུ་མ་མང་པོ་ཡོད།
    དེ་ཚོ་ལ་ལྟ་ན་སྤྱི་འཐུས་སྒྲོལ་དཀར་ལྷ་མོས་འབུམ་གཉིས་དེ་ཉུང་ཉུང་རེད།
    སྤྱི་འཐུས་ཟླ་ཚེས་ཀྱིས་ཡང་གླིང་སློབ་གྲྭ་སྤྱི་རྒྱུ་སྒེར་བདག་བྱས་བ་བཙན་བྱོལ་སྒྲིག་འཛུགས་དང་རྒྱ་གར་གཞུང་གཉིས་ཀྱིས་ཁྲིམས་ཐག་གཅོད་ཚར་ཡང་ད་དུང་བཀའ་ཤག་བློ་སེང་དང་ཁྲིམས་ཞིབ་ཁང་གིས་གོ་མེད་ཚོར་མེད་དུ་བཞག་བ་ནི་ཧང་སང་ཧོན་འཐོར་བའི་གནས་ཚུལ་ཞིག་རེད།
    མི་མང་གིས་ངོས་ནས་སྒྲོ་དཀར་ལྷ་མོས་རྙོག་དྲ་ལས་ཟླ་བ་ཚེ་རིང་གིས་རྙོག་དྲ་ལ་བསམ་ཚུལ་ཤོད་མཁན་མང་བ་མངོན་གསལ་རེད།
    གནས་ཚུལ་དེ་ཚོ་ངོ་སྲུང་བྱ་རེས་བྱས་ནས་བཞག་ན་དེ་ནས་ང་ཚོ་གང་ཞིག་ལ་བསླེབས་མིན་ཤེས་ཐུབ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese