མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་རྡོར་ཨ་མས་ཟས་བཅད་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༧
Share on FacebookShare on TwitterShare on EmailShare on Whatsapp

ད་ནངས་ཞོགས་པར་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་ཨ་མ་དང་སྲིང་མོ་གཉིས་ཕྱིར་ངྷ་སར་འབྱོར་རྗེས། ཨ་མ་ལྡོམ་པོ་སྐྱིད་ཀྱིས་ཆུ་ཚོད་ ༤༨ རིང་ཟས་བཅད་ངོ་རྒོལ་བྱེད་མགོ་བརྩམས་འདུག

དེ་རིང་ཞོགས་པ་ཆུ་ཚོད་ ༥ ཡས་མས་སུ་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཨ་མ་ལྡོམ་པོ་སྐྱིད་དང་སྲིང་མོ་ལྷ་མོ་སྐྱིད་གཉིས་ཕྱིར་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཡོད་པ་མ་ཟད། ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བོད་རྩ་དོན་ཆེད་ཞི་བའི་གོམ་བགྲོད་མུ་མཐུད་མཇུག་སྐྱོང་གནང་བཞིན་པ་དང་། ཁོང་གིས་རྒྱ་གཞུང་ལ་བཏོན་པའི་དགོས་འདུན་དོན་ཚན་ ༥ ལ་རྒྱབ་སྐྱོར་ཆེད། ཨ་མ་ལྡོམ་པོ་སྐྱིད་ཀྱིས་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དུ་ཆུ་ཚོད་ ༤༨ རིང་ཟས་བཅད་ངོ་རྒོལ་བྱེད་མགོ་བརྩམས་ཡོད་པ་རེད།

ཨ་མ་ལྡོམ་པོ་སྐྱིད་མ་སྨད་གཉིས་ངྷ་སར་འབྱོར་ཏེ་ཟས་བཅད་ངོ་རྒོལ་མགོ་འཛུགས་བྱས་པར། མདོ་སྨད་དབུས་རྒྱུན་དང་ངྷ་སའི་ཚོགས་པ་སྐྱིད་སྡུག་ཁག་ ༡༡ གི་སྐུ་ཚབ། ངྷ་ས་ས་གནས་འགོ་འཛིན། ས་གནས་མི་མང་སྐོར་ཅིག་གིས་ཁོང་མ་སྨད་གཉིས་ལ་རྒྱབ་སྐྱོར་སྣེ་ལེན་དང་།   ས་གནས་གནད་ཡོད་མི་སྣ་ཁག་ཅིག་གིས་ཁོང་མ་བུ་གསུམ་གྱིས་རང་འགན་རང་ཁུར་ཐོག་བོད་མིའི་རྩ་དོན་ཆེད་བློས་གཏོང་ཆེན་པོས་བོད་སྐྱོད་གོམ་བགྲོད་ཀྱི་ལས་འགུལ་སྤེལ་ཏེ། ད་བར་དཀའ་སྡུག་ཚད་མེད་མྱངས་ཡོད་པ་ཙམ་མ་ཟད། རྒྱ་བལ་མཐའ་མཚམས་སུ་བལ་ཡུལ་མཐའ་སྲུང་དམག་གིས་རྡུང་རྡེག་མནར་གཅོད་དྲག་པོ་བཏང་ཡོད་ཀྱང་། ཚེ་བརྟན་རྡོ་རྗེ་ལགས་ཀྱིས་མཐའ་མཚམས་བརྒལ་ཏེ་མུ་མཐུད་བལ་ཡུལ་ནང་ཁོང་གཅིག་པུས་གོམ་བགྲོད་བྱེད་བཞིན་ཡོད་ལ།  ཨ་མ་ལྡོམ་པོ་སྐྱིད་མ་སྨད་གཉིས་ངྷ་སར་འབྱོར་འཕྲལ་སོ་སོའི་འཕྲོད་བསྟེན་གྱི་དཀའ་ངལ་ལ་མ་འཛེམས་པར་ཟས་བཅད་ངོ་རྒོལ་བྱེད་བཞིན་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་སོང་།

གསར་འགོད་པའི་བཅར་འདྲིའི་སྐབས། ཨ་མ་ལྡོམ་པོ་སྐྱིད་ཀྱིས་༸གོང་ས་མཆོག་ཕྱིར་བོད་དུ་ཕེབས་ཐུབ་རྒྱུ་དང་བོད་ཀྱི་རྩ་དོན་ལ་ཕན་ཐོགས་རེ་འབྱུང་ཐུབ་པ་ཡིན་ན། ཁོང་མ་བུ་གསུམ་འཆི་གསོན་གང་ལ་ཐུག་དགོས་ཀྱང་མཉམ་དུ་འགྲོ་རྒྱུའི་ཆོད་སེམས་བཟུང་ཡོད་ཀྱང་། བལ་ཡུལ་མཐའ་མཚམས་ནས་བཀག་འགོད་དཀའ་ངལ་འཕྲད་རྗེས། ཚེ་བརྟན་རྡོ་རྗེ་ཡིས་ཁོང་མ་སྨད་གཉིས་ལ་གསང་བ་བྱས་ཏེ་ཁོ་རང་གཅིག་པུ་ཕྱིན་ཡོད་སྟབས། ཁོང་མ་སྨད་གཉིས་ཕྱིར་མི་ཡོང་ཐབས་མེད་དུ་གྱུར་བའི་གནས་སྟངས་ངོ་སྤྲོད་དང་སྦྲགས། ཁོང་མོས་ “ ད་ལྟ་ལྷ་མོ་སྐྱིད་ཕྱིར་དྷ་སའི་ཉེ་ཁུལ་གྱི་སློབ་གྲྭ་ཞིག་ཏུ་འགྲོ་ཐུབ་རྒྱུར་རེ་བ་བྱེད་ཀྱི་ཡོད་ལ། ང་རང་ཉིད་ཀྱི་ངོས་ནས་ཟླ་རེའི་ནང་དུས་ཡུན་གང་འཚམས་རེར་ཟས་བཅད་ངོ་རྒོལ་བྱ་འཆར་ཡོད།” ཅེས་བརྗོད་སོང་།

གླིང་ཚ་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་གྱིས་འདས་པའི་ཟླ་ལྷག་རིང་གོམ་བགྲོད་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་བལ་ས་མཚམས་སུ་འབྱོར་སྐབས། བལ་ཡུལ་མཐའ་སྲུང་དམག་གིས་གཅར་རྡུང་བཀག་འགོག་བྱས་ཏེ་བཙན་ཤུགས་ཀྱིས་ཕྱིར་ཕུད་བཏང་ཡོད་སྟབས། ཚེ་བརྟན་རྡོ་རྗེ་ལགས་གཅིག་པུར་བསྐྱོད་དེ་བལ་ཡུལ་ནང་མུ་མཐུད་གོམ་བགྲོད་བྱེད་བཞིན་ཡོད་འདུག
 

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

མཆན། 16

  1. Dawai Shonu says:
    ལོ་ 14 སྔོན།

    དྲ་མིང་རེབ་ཐོག་མདའ་ཅན་དེ་སུ་ཡིན། ཇོ་བོ་རིན་པོ་ཁྱོད་ཀྱིས་ག་རེ་བྲིས་ཡོད། ག་རེ་ཡིན་པའི་ཁུལ་རེད།

    Reply
  2. མི་རྒོད། says:
    ལོ་ 14 སྔོན།

    བོད་མི་རིགས་ཆེད་ལས་འགུལ་འདི་འདྲ་བ་བརྩམས་པ་ཆེ་ཆུང་གང་ཡིན་ཡང་སྙིང་དབུས་ནས་བསྔགས་བརྗོད་བྱེད་ལ་ཐུགས་རྗེ་ལན་བརྒྱར་ཆེ། གཞོན་ནུ་མ་ལྷ་མོ་སྐྱིད་ཤེས་བྱའི་བློ་གྲོས་རྒྱས་འགོ་རྩམ་པ་ངོས་ཧང་གིས་དགའ་པོ་བྱུང་འདི་ཡང་དུས་ལ་བབ་པའི་ཐག་གཅོད་ཡིན་པས་འགྲིག་ཤག། མཐར་དོན་མ་བུ་གསུམ་གྱིས་རེ་དོན་སྒྲུབ་པ་དང་། བོད་པ་ཚང་གི་ག་ལེ་ག་ལེ་མི་བརྗེད་པའི་དམ་བཅའ་དགོས་པ་དང་། བོད་པ་མང་གཙོའི་གོ་དོན་ཞན་པས་གང་བྱུང་སྐྱོད་བརྗོད་བྱས་པ་དེར་ངས་བློ་ཕམ་གནང་མི་དགོས་ཞེས་རེ་ཞུ་བཅས།།། བོད་རྒྱལ་ལོ།།།།

    Reply
  3. སྦྲ་གསར་དཀར་ལོ། says:
    ལོ་ 14 སྔོན།

    རང་རང་སོ་སོས་ཐད་ནས་དགོངས་ཚུལ་གསུངས་པ་བོད་སྤྱི་བའི་འགན་ཁུར་བ་རེད་བསམ་གྱིན་ཡོད། རང་སྟེངས་ལ་མཚོན་ན་ཟླ་བ་གཉིས་ཙམ་ཕར་ཞོག་ཉིན་གཉིས་རིང་གི་ཚ་དྲོད་ཀྱི་དཀའ་སྡུག་ཆག་ས་མེད་པ་གསལ་བོ་ཡིན། ཁ་རླབ་རྒྱབ་ན་ཁྱོ་མེད་པ་རེད། སྐད་ཆ་དྲང་མོ་དགོས། ཆབ་སྲིད་དང་རང་གི་ཁེ་བསང་བསམ་མི་ཉན། གང་ལྟར་ ཁོང་བུ་གསུམ་གྱི་སྙིང་སྟོབས་དང་སེམས་ཤུགས་ལ་ང་ཚོས་དངོས་ནས་ངེས་པར་དུ་རྒྱབ་སྐྱོར་དང་བོད་དོན་ཁྱབ་བསྒྲགས་ཆེད་ཕྱོགས་གང་ཐད་ནས་གསར་འགྱུར་རྒྱ་ཆེ་རུ་བཟོ་དགོས། རེ་བསྐུལ་ནན་ཏན་གྱི་ཞུ་རྒྱུ་ལ་ན་ཆུང་མི་རིགས་ཀྱི་ལ་ཞེན་ཅན་ལྷ་མོ་སྐྱིད་མ་འོངས་བོད་ཀྱི་རྩ་དོན་ཆེད་མགྱོགས་མྱུར་སློབ་གྲར་འགྲོ་ཐུབ་བའི་མཐུན་རྐྱེན་སོགས་འབྲེལ་ཡོད་ཁག་གནང་རོགས།

    Reply
  4. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    རྡ་ས་ནས་གཤོག་རྩལ་རྒྱས་ཏེ་ས་ཕྱོགས་གང་ཡིན་ལ་འཕུར་སོང་བའི་བོད་མི་སུ་ཡིན་རུང་། རྡ་ས་འདི་ནམ་ཡང་བརྗེད་ཐབས་དཀའ་ཞིང་། ཕ་ཡུལ་བཞིན་དུ་ཞེན་ཆགས་ཆེ་ས་ཞིག་ཏུ་གྱུར་ཡོད། ལྷག་ཏུ་རང་བྱུང་ཚ་གྲང་སྙོམས་ཞིང་ཁོར་ཡུག་ཀུན་པོ་གཡུ་ལོ་བཀོད་པའི་ནགས་ཚལ་གྱིས་རྒྱན་ནས་ཡོད། མིག་མདུན་ན་ལྷང་ངེར་འགྱངས་བའི་རྫ་རིའི་སྟོད་ལ་གཡོགས་བའི་གངས་དཀར་འདིས་དུས་བཞིའི་འགྱུར་ལྡོག་གི་སྣང་ཚུལ་ཞིག་ངོ་སྤྲོད་པ་ཙམ་ལས། འདིར་གནས་བའི་བོད་མི་རྣམས་ལ་དུས་བཞིའི་འགྱུར་ལྡོག་དང་བསྟུན་པའི་དཀའ་ཚེགས་ཅན་གྱི་ལས་བྱ་གང་ཡང་མེད། དེ་སྔོན་རྫ་སྟོད་ཀྱི་གངས་དཀར་འདིས་བོད་མི་རྒན་རབས་སྐོར་ཞིག་་ལ་བླ་འགུག་ལྟ་བའི་གདམས་ངག་ཞིག་ཕོགས་ནས། ཕ་ཡུལ་གངས་ལྗོངས་ལ་ལོག་འདོད་པའི་བྲེལ་ཤ་རེ་ལངས་མྱོང་མོད། ཚུལ་ཅི་ལྟར་ཕ་ཡུལ་ལོག་དགོས་བའི་ཐབས་ཇུས་འཚོལ་བའི་དུས་ལ་སླེབས་མེད་ཚུལ་གྱི་དགོངས་བ་བཞེས་ཕྱོགས་ཤིག་ལ་བརྟེན། མི་ལོ་གང་མང་ཞིག་ནང་རང་ཉིད་ལ་བློ་གདེང་འཁེལ་ཐུབ་མཁན་ཨུ་ཚུགས་ཅན་ཞིག་མ་བྱུང་བ་རེད། དེར་བརྟེན་ཕ་ཡུལ་ལ་ལོག་འདོད་པའི་བློའི་འཁྱེར་ཕྱོགས། དགོས་དམིགས། མྱུར་སྐྱོབས་རང་བཞིན་ཕ་ཡུལ་གྱི་གནས་བབ་གང་ཡང་། གཞན་དབང་སྟབས་བསྟུན་གྱིས་ངང་སྒུག་བྱས་ནས་ན་རྒས་སོང་བ་རེད།
    ག་ལེར་རྡ་སའི་ཁོར་ཡུག་འདིར་མི་ཚོགས་ཅི་ཙམ་མང་བ་འཛོམས་པ་ནང་ལྟར། ལྟོ་གོས་འཚོལ་བདེ་དང་སྣང་བ་ཇེ་སྐྱིད། ནམ་ཡང་ས་འདི་དང་ཁ་བྲལ་འདོད་མེད་པའི་ཚོར་སྣང་ཞིག་ལ་ལུང་ཀུན་ལ་ཁྱབས། གནས་འདིར་བཞུགས་བའི་བོད་མི་རྣམས་ཀྱི་དབང་རྩ་ཡང་ལྷོད་ནས་ས་བདག་ཆུ་བདག་ཡུལ་མི་ཚོ་ལས་ལྷག་པའི་ཞེ་འདང་ཆེར་ཙམ་ཡོད་བ་རེད།
    དོན་དངོས་བཤད་ན་གནས་འདིར་བཞུགས་བའི་ཡུལ་གྱར་བོད་མི་ཚོ་ལ། ས་ལག་མཐིལ་ཙམ་གྱི་བདག་དབང་ཡང་མེད་མོད། འདི་ལྟར་རི་སྒང་ཞིག་ལ་གྲོང་ཁྱེར་ལྟ་བུའི་ཁང་བརྩེགས་གང་མང་ཞིག་བསྐྲུན་དོན་ཅི་ཡིན་ནམ། མ་གཞི་ནས་ཁང་བརྩེགས་འདི་དག་ཀྱང་རྡ་སའི་མཛེས་ལྗོངས་ཀྱི་ཆ་ཤས་ཤིག་ཡིན་ལ། གལ་་སྲིད་ང་རང་ཉིད་ལ་ཡང་དཔལ་འབྱོར་རེ་ཡོད་ཚེ། ས་འདི་ནས་ཁང་བརྩེགས་ཞིག་བསྐྲུན་ནས་ནང་མིའི་འཚོ་བ་ཞིག་རོལ་ཀྱང་། རྒྱ་མཚོའི་མཐའ་ཡི་སྤྲོ་སྐྱིད་ཁང་ལྟ་བུ་ཞིག་མི་ཆགས་རུང་། སྣང་བ་སྐྱིད་ཁོ་ཐག་ཡིན།
    རྡ་སའི་ཁྱད་ཆོས་ལབ་ན་ཕ་ཡུལ་བརྗེད་འགྲོ་བ་རྒྱུན་ལྡན་ལྟར་སྣང་མོད། མི་གཤིས་གཡའ་མི་སླ་བའི་བོད་རིགས་སྐོར་ཞིག་དེ་ལས་ལྡོག་སྟེ། ས་འདིར་ཡིད་ཐང་ཆད་ནས་རྣ་བ་གཏད་ན་མགོ་གཟེར་བའི་ན་ཚ་ཞིག་འཕོགས་བཞིན་པ་རེད། དེ་ཡང་ས་འདི་ན་སྔ་ཕྱི་མི་མཚུངས་བའི་ཚོགས་འདུ་མང་ཞིང་། བློ་གཏོད་དཀའ་བའི་སྤྲེའུ་མང་སྟབས། གཞན་གྱི་ཁ་ནང་ན་མུར་བཞིན་པའི་ཟས་ལྷག་ཡིན་རུང་། ཐབས་རྙེད་ན་ཐར་བ་མི་གཏོང་མཁན་གཅིག་ལས་གཅིག་གྲུང་བོ་ཡོད་སྟབས། ནམ་རྒྱུན་བློ་རིག་བསྒྲིམས་འདུག་རྒྱུར་འ་ཐང་ཆད་འདུག
    ཁ་སང་དེ་རིང་རྡ་སའི་སྤྲེའུ་ཚོགས་ཀྱིས་འདོད་རྔམ་བྱེད་ས་ནི་་་གླིང་ཚ་མ་བུ་གསུམ་དང་འབྲེལ་བའི་རང་རང་གི་འདོད་མོས་ལྟར། ལམ་དབུ་མ་དང་རང་བཙན་ཞེས་བའི་མིང་ཚིག་ཙམ་རེད།
    གང་ལྟར་རྡ་ས་ཅི་འདྲིའི་ཧ་ལས་བའི་གནས་དེ་ཡིན་རུང་ཁ་ཕྱིར་འཁོར་ནས་ཡོང་བ་ནོར་སོང་བ་རེད། དོན་དངོས་ནས་ནོར་སོང་བ་རེད།

    Reply
  5. ལུང་རྟོགས། says:
    ལོ་ 14 སྔོན།

    ཨ་མ་ལགས་ཀྱིས་སྐུ་གཟུགས་ལ་ཐུགས་བཅའ་དང་། བུ་མོ་སློབ་གྲྭ་ཡག་པོ་ཞིག་ལ་འགྲོ་ཐུབ་པ་གནང་དགོས། སོ་སོ་ཉིན་གཅིག་ལ་ཟས་བཅད་སྡོད་དགོས་པ་དང་གོམ་བསྒྲོད་ལ་འགྲོ་དགོས་ན་ཡང་དཀའ་ལས་ཁག་པོ་འདུག་ན། ཁོང་ཚོས་མི་རིགས་འདིའི་ཆེད་དུ་སྐུ་ལས་འདི་ལྟ་བུ་སྐྱོན་པ་ལ་རྗེས་སུ་ཡི་རང་ཞུ་རྒྱུ་ལས། ཟུར་ཟ་སོགས་བྱེད་པ་ནི་མིའི་བྱེད་སྟངས་གཏན་ནས་མ་རེད།

    Reply
  6. བསྟན་འཛིན། says:
    ལོ་ 14 སྔོན།

    རྒྱ་དར་དམར་པོ་དེ་ག་རེ་བྱས་ཡིན།

    Reply
  7. སྙིང་རྩ་སྤར་འཛིན། says:
    ལོ་ 14 སྔོན།

    (ངའི་འདི་)ནས་གཏམ་རྒྱུད་ཐུང་ཐུང་ཞིག་བཤད་འདོད་བྱུང་དེ་ནི་དེ་རིང་(ངའི་གངས་སྐྱིད་)ནས་(མིག་གི་མཐོང་)ཞིང་(རྣ་བའི་གོ་)བའི་དངོས་ཡོད་བདེན་པའི་དོན་དག་ཅིག་ཡིན་དེའི་རྐྱེན་ཀྱིས་དོན་དག་དེ་(ངའི་འདིར་བཤད་)གི་ཡིན།
    fuck, fuck and fuck.

    Reply
  8. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    སྐད་ཆ་དྲང་མོ་བཤད་ན་མ་བུ་གསུམ་གྱི་ཐོག་མའི་སེམས་ཤུགས་ལ་ཡིད་རང་དང་བསྔགས་བརྗོད་རྒྱབ་སྐྱོར་དང་ངོས་ལེན་ཆ་ཚང་ཡོད།
    ཁོང་མ་བུ་གསུམ་གྱི་ལྷག་བསམ་གྱི་ལས་འགུལ་འདི་རྡ་སའི་ཆབ་སྲིད་པ་ཚོས་ཕར་འཐེན་ཚུར་འཐེན་བཟོས་ནས་མཐའ་མ་ངོ་བོ་གཞན་ཞིག་ལ་བསྒྱུར་སོང་བས་བློ་ཕམ་ཡོད།
    ག་དུས་ཀྱང་རྡ་སའི་ཆབ་སྲིད་སྐབས་འཚོལ་རིང་ལུགས་པ་ཚོ་འདི་འདྲ་རང་རེད།

    Reply
  9. ཀེ་ཏ་ཀ says:
    ལོ་ 14 སྔོན།

    ཨ་མ་ལགས། བློ་མ་ཕམ། ཁྱེད་མ་བུ་གསུམ་གྱིས་བོད་གངས་ཅན་གྱི་ལོ་རྒྱུས་ནང་བྱས་རྗེས་གསེར་ཡིག་གིས་བྲིས་སོང། ༧རྒྱལ་བ་རིན་པོ་ཆེ་གཙོ་བོ་དང་མགོན་སྐྱབས་དཔུང་གཉེན་མཚུངས་ཟླ་མ་མཆིས་པ་ཡིན་པའི་བོད་དོན་ཕྱག་ལས་གནང་སྟངས་ནི་དེ་བས་ཀྱང་ངོ་མཚར་ཆེ་བ་ཡིན་པས། ང་ཚོ་ཚང་མས་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་ཆེད་སོ་སོའི་འཇོན་ཚོད་ཀྱིས་སྲི་ཞུ་བསྒྲུབ། ༧རྒྱལ་བ་རིན་པོ་ཆེའི་ལྟ་དགོངས་སྤྱོད་གསུམ་ལའང་རྒྱང་མིག་གནང་མཁན་ཚོ་ནི་ནམ་ཡང་བོད་ཆོལ་གསུམ་ཆིག་སྒྲིལ་གྱི་གཞི་རྩ་གཏོར་བཤིག་གཏོང་མཁན་ཡིན་པས། ༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བཞིན་ང་ཚོས་མུ་མཐུད་རང་ཉིད་བོད་དང་བོད་མིའི་ཆིག་སྒྲིལ་ཆེད་བློས་གཏོང་དགོས། ཡིན་ནའང། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་ལས་ལྷག་ཅིག་ཡོད་མདོག་སྟོན་པའི་ཚེ་ང་ཚོས་ང་ཚོ་ལོག་འགྲོ་སའི་གནས་མལ་དུ་ངེས་པར་དུ་མ་ནོར་བ་བྱེད་དགོས། འདི་ཨ་མ་ལགས་མ་བུ་གསུམ་དང་རིགས་མཐུན་ཚོའི་སེམས་ལ་རྒྱུན་ཏུ་བཅངས་དགོས་སོ། ཁ་བྲོ། སྐུ་ཚེ་རིང།

    Reply
  10. བསོད་ནམས says:
    ལོ་ 14 སྔོན།

    བུ་མོ་ལགས་སེམས་ཤུགས་རྒྱབ་ནས་སློབ་སྦྱོང་ལ་འབོད་དེ་ནི་ང་ཚོ་ལ་དགོས་པའི་ལས་འགུར་དངོས་རེད།

    Reply
  11. བློ་འཕེལ། says:
    ལོ་ 14 སྔོན།

    ཨ་མ་མ་ལོ་་་ལོ་ལོ།།
    གཡོ་མེད་ལྷག་བསམ་དཀར་པོས།།
    ཐག་རིང་གོམ་གྱིས་མཇལ་སོང་།།
    ད་ནས་འཕྲོད་བཞེས་གནང་རོགས།།

    བུ་ལོའི་གོམ་ཁ་རེ་རེ།།
    ཆུ་ཚོད་སྐར་ཆ་རེ་རེར།།
    ཁ་བའི་ཕྱོགས་སུ་འཁོར་བ།།
    མི་རབ་གསར་བའི་མིག་དཔེ།།
    ས་གནས་གཞིས་འགོ་དང་ཚོགས་པ་ ༡༡ ལ་ཐུགས་རྗེ་ཆེ་ཞུ།

    Reply
  12. རེབ་ཐོག་མདའ says:
    ལོ་ 14 སྔོན།

    ངའི་འདི་ནས་གཏམ་རྒྱུད་ཐུང་ཐུང་ཞིག་བཤད་འདོད་བྱུང་དེ་ནི་དེ་རིང་ངའི་གངས་སྐྱིད་ནས་མིག་གི་མཐོང་ཞིང་རྣ་བའི་གོ་བའི་དངོས་ཡོད་བདེན་པའི་དོན་དག་ཅིག་ཡིན་དེའི་རྐྱེན་ཀྱིས་དོན་དག་དེ་ངའི་འདིར་བཤད་གི་ཡིན།
    སྤྱིར་ཡིན་ན་གླིང་ཚ་མ་བུ་གསུམ་ཀྱིས་ལས་འགུལ་སྤེལ་དེ་ཟླ་ཁ་ཤས་འགྲོ་སོང་ལ་མ་ཟད་དེ་རིང་ཞོགས་པ་གླིང་ཚའི་ཨ་མ་དང་ནུ་མོ་གཉིས་ཕྱིར་རྡ་ས་ལོག་རྗེས་དེ་མ་ཐག་ཟས་བཅད་ངོ་རྒོལ་བྱེད་པར་མགོ་འཛུགས་བྱས་སོང་།
    ཡིན་ཡང་དེ་རིང་ཉིན་གོང་ཞལ་ལག་ཟ་དུས་ངའི་དེ་ན་ཁ་ལ་ཟ་བཞིན་པའི་གངས་ཅན་སྐྱིད་གཞུང་གི་ལས་ཀྱི་སྣེ་མོ་བ་འགས་གླེང་བཞིན་པའི་སྐད་ཆ་འགའ་གོ་བ་དང་རང་སེམས་ལ་ཆུ་འཁྱག་བླུགས་པ་འདྲ་བའི་སེམས་པ་འཁྱག་སིབ་སིབ་དུ་ཆགས་སོང་།
    རྒྱུ་མཚན་ནི་ཁོང་ཚོ་བཤད་བཞིན་པའི་བརྗོད་བྱ་ནི་རྡ་སར་ཉེ་ལམ་སླེབས་མ་ཐག་པའི་རྒྱ་གར་དབྱིག་པའི་རྩེ་འགྲན་པ་དང་གཞན་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཕུ་ཀྲེ་ཛན་ཏ་སོོགས་ཀྱིས་སྐོར་རེད་མ་ཟད་གཅིག་གིས་དོ་དགོང་ཆུ་ཚོད་༤བའི་ཐོག་དུ་རྩེ་འགྲན་མགོ་འཛུགས་བྱེད་ཀྱི་ཡིན་པའི་ལས་སྣེ་ནས་དགོངས་པ་ཞུས་ནས་དེ་ལ་བལྟ་རུ་འགྲོ་ཟེར།
    སྤྱིར་ཁོང་ཚོ་དེ་ལ་ལྟ་རུ་འགྲོ་མི་འགྲོ་དང་སྐད་ཆ་ག་རེ་བཤད་གི་ཡོད་མིན་སོགས་ནི་དོན་དག་གཞན་ཞིག་ཡིན་ཀྱང་།

    Reply
  13. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    ཚེ་རྡོར་མ་བུ་གསུམ་གྱི་ལས་འགུལ་ལ་བསྔགས་བརྗོད་ཞུ་རྒྱུ་དང་། ངའི་རེ་བར་ལྷ་མོ་སྐྱིད་ཀྱི་སློབ་སྦྱོང་མཇུག་སྐྱོང་གི་ཐད་བར་ཆད་མེད་པ་ཞིག་ཚོགས་སྐྱིད་ཁག་གི་རྒྱབ་སྐྱོར་བ་རྣམས་ཀྱིས་གནང་འོས་པར་འདོད།

    Reply
  14. thapkegyatso says:
    ལོ་ 14 སྔོན།

    སེམས་ཚོར་སྟོན་ཁའི་བ་མོ་ལྟ་བུ་མ་ཡིན་པར་བསིལ་ལྡན་གངས་ཅན་ཡོངས་ཀྱི་བདེན་མཐའ་གསལ་ཆེད་དུ་ལྷག་བསམ་རྣམ་དག་གིས་འབད་བརྩོན་ལྷོད་མེད་དང་།སྤོབས་པའི་སྙིང་སྟོབས་ཀྱིས་ཀུན་ནས་ཕྱུག་པའི་ཨ་མ་སྡོམ་པོ་སྐྱིད་ལགས་ལ་བསྔགས་བརྗོད་དང་ནམ་ཡང་རྒྱབ་སྐྱོར་ཡང་ཡང་ཞུའོ།།

    Reply
  15. རོང་ཕྲུག says:
    ལོ་ 14 སྔོན།

    ཨ་མ་ལྡོམ་པོ་སྐྱིད་དང་བུ་མོ་ལྷ་མོ་སྐྱིད་གཉིས་རྡ་སར་འབྱོར་བ་དང་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པར་བཀྲ་ཤིས་བདེ་ལེགས་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན།

    Reply
  16. ནད་པ says:
    ལོ་ 14 སྔོན།

    བོད་ཀྱི་བསྟན་སྲིད་དང་མི་རིགས་ཆེད་སྐུ་ལས་ཚད་མེད་སྐྱོན་བཞིན་པར་ཐུགས་རྗེ་ཆེ་ཞུ།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་སྤྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese