མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་གི་རྐང་པའི་སྒང་ལངས་ཐུབ་པར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གངས་སྐྱིད་དཔེ་མཛོད་ཚོགས་ཁང་དུ་དགེ་བཤེས་མར་ཕྱག་འཁྱེར་འབུལ་ཕྱོགས་སྐོར་གྱི་བགྲོ་གླེང་ཞིག་ཚོགས་ཡོད་ཅིང་། ཚོགས་འདུའི་དབུ་འབྱེད་ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཐེངས་འདིར་ཐག་གཅོད་ག་རེ་གནང་ཡང་བཀའ་ཤག་གིས་རྒྱབ་སྐྱོར་ཡོད་སྐོར་གསུངས་སོང་།

དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བསླབ་པ་མཐར་སོན་པའི་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་སྐོར་གྱི་བགྲོ་གླེང་ཞིག་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་ཚོགས་ཡོད་འདུག་ལ། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གཙོས། བོད་གཞུང་ཆོས་རིག་བཀའ་སློན་པདྨ་ཆོས་འབྱོར་མཆོག་དང་བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག དེ་བཞིན། ངྷ་ས་རིགས་ལམ་སློབ་གཉེར་ཁང་མ་ལག་གཉིས་དང་། བོད་ཀྱི་བཙུན་མའི་ལས་འཆར། མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་། བལ་ཡུལ་བཙུན་དགོན་མཁའ་སྤྱོད་དགའ་འཁྱིལ་གླིང། བལ་ཡུལ་བཙུན་དགོན་སྐྱིད་གྲོང་ཐུགས་རྗེ་ཆོས་གླིང་། ངྷ་ས་བཙུན་དགོན་དགེ་ལྡན་ཆོས་གླིང་། ངྷ་ས་བཙུན་དགོན་འཇམ་དབྱངས་ཆོས་གླིང་། ངྷ་ས་བཙུན་དགོན་སྒྲོལ་མ་གླིང་བཅས་ཀྱི་སྐུ་ཚབ་ ༢༡ བཅས་འདུ་འཛོམས་བྱུང་ཡོད།

ཐེངས་འདིའི་ཉིན་གཉིས་རིང་གི་བགྲོ་གླེང་སྟེང་གྲོས་གཞི་གཙོ་བོ་གསུམ་སྟེ། དང་པོ། ༸གོང་ས་མཆོག་གིས་འདི་ལོའི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་དགེ་བཤེས་མའི་ཕྱག་འཁྱེར་གནང་ཕྱོགས་ཐད་བཀའ་སློབ་ཕེབས་པར་དངོས་སུ་ལག་བསྟར་ཞུ་ཕྱོགས་དང་། གཉིས་པ། བཙུན་མའི་འདུས་སྡེ་ཁག་ནས་བསླབ་པ་མཐར་སོན་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་གཏན་འབེབས་དང་། ཡང་ན། བཙུན་མའི་འདུས་སྡེ་ཁག་གི་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་འབུལ་ཕྱོགས་ཀྱི་སྒྲིག་གཞི་བཟོ་མཁན་ཚོགས་ཆུང་གཏན་འབེབས་གནང་རྒྱུ། གསུམ་པ། ཕྱི་ཟླ་ ༨ པའི་ཚེས་ ༡༩ ནས་ ༢༡ བར་མོན་གྷོ་དགའ་ལྡན་བླ་སྤྱིར་ཚོགས་རྒྱུའི་དགེ་ལུགས་བསྟན་བདག་དང་མཁན་པོ་རྣམ་པའི་ལྷན་ཚོགས་སུ་དགེ་བཤེས་མའི་སྐོར་སྙན་སྒྲོན་གསུང་བཤད་གནང་མཁན་བཙུན་མའི་སྐུ་ཚབ་གཅིག་དང་དཔེ་ཁྲིད་དགེ་རྒན་གཅིག་འདེམས་བསྐོ་གནང་རྒྱུ་བཅས་ཡིན་འདུག

དེ་རིང་གི་མཛད་སྒོའི་ཐོག་བཀའ་ཁྲི་མཆོག་གིས། སྣང་གསལ་མར་མེ་ཞལ་འབྱེད་དང་ཚོགས་ཞུགས་པ་ཡོངས་ཀྱིས་བོད་བསྟན་སྲིད་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་ཕོ་མོ་འདས་གསོན་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཆེད་སྐར་མ་གཅིག་རིང་ངག་བཅད་གུས་འདུད་དང་བདེན་ཚིགས་སྨོན་ལམ་གསུང་འདོན། གནས་ཆུང་གྲྭ་ཚང་གི་དགེ་འདུན་པས་ཤིས་བརྗོད་བཅས་གསུངས་ཏེ་སྔོན་མགྲོའི་མཛད་རིམ་གྲུབ་རྗེས། བཀའ་བློན་ཁྲི་པ་མཆོག་གིས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བསླབ་པ་མཐར་སོན་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གནང་ཕྱོགས་སྐོར་ལ་བཀའ་བསྡུར་གནང་རྒྱུའི་ལྷན་ཚོགས་ཐེངས་དང་པོ་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པ་དང་།  ༸གོང་ས་མཆོག་གིས་ཀྱང་འདིའི་ཐད་བཀའ་སློབ་རིམ་པ་ཕེབས་ཡོད་སྟབས། ཉིན་གྲངས་གཉིས་རིང་གི་གྲོས་བསྡུར་ཁྲོད་ཐག་གཅོད་ག་རེ་གནང་ཡང་། རྒྱུ་མཚན་ལྡན་པའི་ཐོག་བསླབ་པ་མཐར་སོན་གྱི་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་འཁྱེར་གནང་དགོས་པའི་གསལ་བསྒྲགས་གནང་བ་ཡིན་ན། སྤྱི་ཚོགས་ཡོངས་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་ཀྱང་ཁས་ལེན་དང་རྒྱབ་སྐྱོར་ཡོང་བར་ཕན་ཐོགས་ཡོད་པའི་སྐོར་གྱི་བཀའ་སློབ་གནང་ཡོད།

ཡང་བཀའ་ཁྲི་མཆོག་གིས་བཀའ་ཤག་གི་ལྟ་གྲུབ་གསུམ་དང་འབྲེལ་ཏེ་གསུང་དོན།  “  བཀའ་ཤག་སྐབས་བཅུ་བཞི་པའི་ལྟ་གྲུབ་ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་ལས་ཆིག་སྒྲིལ་ཞེས་པ་ནི། ཆོལ་ཁ་དང་ཆོས་ལུགས་དབྱེར་མེད། ཕོ་མོ་འདྲ་མཉམ་ཡིན་སྟབས། དགེ་བཤེས་མར་ཕྱག་འཁྱེར་སྤྲོད་ཕྱོགས་དེའང་ཆ་རྐྱེན་ཡོངས་རྫོགས་ཚང་བ་ཡིན་ན། ཏན་ཏན་འདྲ་མཉམ་གནང་དགོས་ཀྱི་རེད་བསམ་གྱི་ཡོད། གསར་གཏོད་ཅེས་པ་བྱེད་ཕྱོགས་ཀྱི་ཐོག་ནས་གསར་གཏོད་གནང་དགོས་ཀྱི་ཡོད། ང་ཚོའི་སྤྱི་ཚོགས་ནང་བར་ལམ་ཞིག་ནས་དགེ་བཤེས་མར་ཕྱག་འཁྱེར་གནང་ཐུབ་ཡོད་དམ་མེད་ཅེས་པའི་བགྲོ་གླེང་མང་པོ་ཞིག་ཡོང་གི་ཡོད་སྟབས། ད་རེབ་དགེ་བཤེས་མར་ཕྱག་འཁྱེར་གནང་རྒྱུ་ཞིག་བྱུང་ན་དེ་གསར་གཏོད་ཆགས་ཀྱི་ཡོད་ལ། དེ་བཞིན། རང་ཁ་རང་གསོ་ལ་མཚོན་ན། རང་ཉིད་རྐང་པའི་ཐོག་ལངས་ཐུབ་པ་བྱ་རྒྱུ་དེ་རེད། དེ་སྔ་ང་ཚོའི་ཕ་མ་རྣམས་བོད་ནས་ཕྱི་རྒྱལ་དུ་ཕེབས་སྐབས་རྒྱ་གར་དང་ཕྱི་རྒྱལ་གྱི་འགྲོ་སྟངས་ཤེས་ཀྱི་མེད་པར། གཞན་ལ་མ་བསྟུན་ཐབས་མེད་ཀྱི་གནས་སྟངས་ཤིག་ཆགས་ཡོད། ད་ཆ་ལོ་ ༥༠ རྗེས་འདིར་མི་སྒེར་དང་ཚོགས་པ་གང་ཞིག་ཡིན་ཡང་། རང་ཉིད་ཀྱི་རྐང་པའི་ཐོག་ལངས་ཐུབ་པར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དགེ་བཤེས་མར་ཕྱག་འཁྱེར་ཕུལ་བ་ཡིན་ན། དགེ་བཤེས་མ་རྣམས་ཀྱང་སོ་སོའི་རྐང་པའི་ཐོག་ལངས་ཐུབ་མཁན་ཞིག་ཡིན་ཞེས་པའི་རྣམ་པ་ཐོན་པ་ལྟ་བུ་ཆགས་ཀྱི་འདུག་སྟབས།  བགྲོ་གླེང་འདི་བརྒྱུད་དེ་ཐག་གཅོད་གང་བྱུང་བ་རྣམས་ལ་བཀའ་ཤག་གིས་རྒྱབ་སྐྱོར་ཡོད་ལ། དམིགས་བསལ་ཆོས་རིག་གི་བཀའ་བློན་མཆོག་གཙོས་ལས་བྱེད་ཡོངས་ཀྱིས་མཐུན་རྐྱེན་འོག་སྤྱི་ཚོགས་ཡོངས་ཀྱིས་ཁས་ལེན་གནང་ཐུབ་པའི་ཐག་གཅོད་ཅིག་ཡོང་བའི་རེ་འདུན་དང་འབོད་སྐུལ་ཡོད། ” ཅེས་གསུངས་བྱུང་།

དེ་རྗེས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་དེ་སྔོན་བཙུན་མའི་ལག་ཁྱེར་སྐོར་ལ་གྲོས་བསྡུར་རིམ་པ་བྱས་པའི་བརྒྱུད་རིམ་དང་བགྲོ་གླེང་འདི་ཚོགས་དགོས་པའི་སྐོར་ངོ་སྤྲོད་དང་། བཙུན་མའི་ལས་འཆར་གྱི་ངེས་སྟོན་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གིས་བཙུན་མའི་སློབ་སྦྱོང་བྱེད་ཕྱོགས་ཀྱི་བརྒྱུད་རིམ་སྐོར་ངོ་སྤྲོད་བཅས་གནང་སོང་།  

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༩ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 21

  1. མི་རྒོད། says:
    ལོ་ 13 སྔོན།

    དོན་འདི་ཐག་གཅོད་བརྟན་པོ་གཅིག་དང་། མ་འོངས་པར་དམིཊ་པ་ཞིག་གནང་བ་ཡིན་ཚེ་ཆོས་ལུགས་ཚང་མ་དགོས་གལ་ཧ་ཅང་གལ་ཆེ་རེད། དེ་མེད་ཚེ་ད་དུང་ཡང་རྩོད་རྙོག་འདྲ་མིན་ཡོང་སྲིད་པ་རེད་། དང་ཐོག་བགྲོ་གླེང་ལྷུག་པོ་བྱས་ནས་མཁས་དབང་སྣ་ཚོགས་མཉམ་ལེགས་ཆ་གྲངས་མེད་བླངས་ནས་མཐའ་མིའི་ནང་ཆོས་དགེ་བཤེས་མའི་ཆོས་ལུགས་སྲིས་ཇུས་འབད་ཐབས་གནང་གལ་ཆེའོ།།།

    Reply
  2. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 13 སྔོན།

    ཡ་གྲོགས་པོ་བུ་ཡུག་ལགས་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་ལགས་ལ་ཁྱེད་ཀྱི་་འདྲ་མཚུང་གྱི་རིག་པ་ཞིག་བཏང་བ་དེ་ཤིན་ཏུ་ནས་ཀྱང་ཐབས་སྐྱོ་པོ་རེད་འདུག། བཙུན་མ་ལག་ཁྱེར་གནང་བ་དེ་གསར་སྟོད་མ་ཡིན་ན་ཁྱེད་ཀྱི་གསར་སྟོད་ཀྱི་མཚན་གཞི་གཅིག་ཆར་ཤོག།།།

    Reply
  3. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 13 སྔོན།

    ཡ་གྲོགས་པོ་བུ་ཡུག་ལགས་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་ལགས་ལ་ཁྱེད་ཀྱི་་འདྲ་མཚུང་གྱི་རིག་པ་ཞིག་བཏང་བ་དེ་ཤིན་ཏུ་ནས་ཀྱང་ཐབས་སྐྱོ་པོ་རེད་འདུག། བཙུན་མ་ལག་ཁྱེར་གནང་བ་དེ་གསར་སྟོད་མ་ཡིན་ན་ཁྱེད་ཀྱི་གསར་སྟོད་ཀྱི་མཚན་གཞི་གཅིག་ཆར་ཤོག།།།

    Reply
  4. ངས་པོ་རྒྱལ་མཚན། says:
    ལོ་ 13 སྔོན།

    (ད་རེབ་ཁོང་གིས་བཙུན་མ་ཚོར་ལག་འཁྱེར་སྤྲད་ན་ཁོང་ཚོ་ལྟོ་གོས་ཐོག་རང་མགོ་ཐོན་ཐུབ་ཀྱི་རེད་)ཅེས་པ་འདི་ནང་ཆོས་ཀྱི་དོན་ཅི་ཡང་ཧ་མ་གོ་བའི་རྟགས་སུ་མངོན་འདུག་ལགས།

    Reply
  5. སྲོང་བཙན། says:
    ལོ་ 13 སྔོན།

    གྲྭ་རྫུན་མགོ་རིལ་དྲང་བདེན་གྱི་སློང་མོ་བ་ཟེར་བས་སྨྱོ་ལབ་བསྐྱོན་གིན་འདུག ཨ་མ་རྗེ་བཙུན་པདྨ་དང་། བཀའ་ཟུར་རིན་ཆེན་མཁའ་འགྲོ་གཉིས་ནི་བོད་ཀྱི་བུད་མེ་ཚོས་མིག་དཔེ་ལྟ་ས་དང་། བྱིས་པ་ཁྲི་སྟོང་མང་པོའི་ཨ་མ་ཡིན།
    གྲྭ་རྫུན་འདིས་གནད་ཡོད་བུད་མེད་འདི་ཚོ་ལ་སྐྱོན་བརྗོད་བྱེད་ཁུལ་གྱིས་ཆོལ་ཁའི་ན་ཚ་གླེང་ཁུལ་བྱེད་མོད། རླབས་ཆེན་གྱི་ཨ་མ་དག་གི་བླ་ན་མེད་པའི་ཕྱག་རྗེས་ནི་ནམ་ཡང་ང་ཚོས་སེམས་ངོར་གསལ་པོ་ཡིན།

    Reply
  6. ཟུར་ཁང་དབང་ཆེན་དགེ་ལེགས། says:
    ལོ་ 13 སྔོན།

    སྤྱི་བཏང་གི་ལས་གཞི་འདིའི་རིགས་ལ་དགའ་བསུ་ཞུ་ཆོག་ཀྱང་། བགྲོ་གླེང་གནང་མཁན་དང་བཙུན་དགོན་ཁག་གི་སྐུ་ཚབ་ཡོངས་སྟངས་བཅས་ལ་ངོས་ལེན་རྩ་བ་ནས་མེད། བོད་ཀྱིང་བཙུན་མའི་འདུས་སྡེ་ཡོངས་རྫོགས་ཀྱི་བདེ་སྡུག་དང་འབྲེལ་བ་ཡོད་ན་ས་དགེ་བཀའ་རྙིང་གཡུང་དྲུང་བོན་དང་བཅས་པའི་བཙུན་དགོན་ཁག་གི་སྐུ་ཚབ་ངེས་པར་དུ་འདུས་དགོས་རྒྱུ་ཡིན་པས་ལས་དགེ་ལྡན་པའི་བཙུན་དགོན་ཁག་ཅིག་གིས་དེ་དག་ཚང་མའི་སྐུ་ཚབ་ནམ་ཡང་མཚོན་མི་ཐུབ། ངས་ཁྱེད་ཚོར་དྲི་བ་ཞིག་ཞུ་གིན་ཡིན། རིན་ཆེན་མཁའ་འགྲོས་དབུ་ཁྲིད་པའི་བཙུན་མའི་ལས་འཆར་དང་དེར་རྒྱབ་སྐྱོར་གནང་མཁན་ཚང་མས། རིས་སུ་མ་མཆེད་པའི་བཙུན་དགོན་ཁག་གི་བཙུན་མ་སློབ་པ་མཐར་སོན་པ་རྣམས་ལ་དགེ་བཤེས་མའི་མཚན་སྙན་འབུལ་ཕྱོགས་ཐད་བགྲོ་གླེང་གནང་གིན་ཡོད་རེད་དམ། ཡང་ན་དགེ་ལྡན་པའི་བཙུན་དགོན་ཁག་ཅིག་པོའི་སྐོར་རེད། དྲི་བ་སྔ་མ་ལྟར་ཡིན་ན། དགེ་ལྡན་པའི་བླ་སྤྱི་གཅིག་པོར་དགེ་བཤེས་མའི་མཚན་ཉིད་འབུལ་ཕྱོགས་ཐད་ཆེད་བཅར་ཞུ་དགོས་དོན་ཅི་ཡིན་ནམ། རིས་སུ་མ་མཆེད་པའི་བསྟན་བདག་དབུ་ཁྲིད་བླ་ཆེན་རྣམ་པར་ཞུ་མི་དགོས་པའི་རྒྱུ་མཚན་ངེས་པར་དུ་དགོས། དྲི་བ་ཕྱི་མ་ལྟར་ཡིན་ན། བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་དེར་ཐེ་བྱུས་ནམ་ཡང་གནང་དགོས་དོན་མེད། བོད་གཞུང་ཆོས་རིག་ལས་ཁུངས་ནི་ཆོས་བརྒྱུད་བྱེ་བྲག་པ་ཞིག་གིས་ཆེད་དུ་བཙུགས་པ་རྩ་བ་ནས་མིན། མ་ཟད་བཙུན་མའི་ལས་འཆར་ཡང་དེ་དང་གཅིག་མཚུངས་རེད། ཅི་སྟེ་གནས་ཚུལ་འདིའི་རིགས་ཁ་གསལ་གཏིང་གསལ་ཞེས་མེད་ཚེ་རང་གཞུང་འདིར་ཡིད་ཆས་དང་བློ་གཏད་ཇི་ཞན་ལས་ཇི་འཕེལ་ནམ་ཡང་འགྲོ་མི་སྲིད།

    Reply
  7. མངའ་རིས་བུ། says:
    ལོ་ 13 སྔོན།

    དྲང་བདེན་གྱི་སློང་མོ་བས་བཤད་པར་རྒྱུ་མཚན་འདུག་དེ་རང་ལ་རྒྱབ་སྐྱོར་ཡོད་དཱ།
    གང་ལྟར་ཆོས་རྒྱུད་ཀྱི་བསྟན་བདག་རྣམས་དང་ཆོས་རྒྱུད་ཀྱི་སྤྱི་འཐུས་རྣམས་ཀྱིས་ཐག་ཆོད་མ་ཐུབ་པའི་གནད་དོན་དེ་བུད་མེད་གཉིས་ཀྱིས་ཐག་ཆོད་གནང་རྩིས་ཡིན་པ་རེད། དེ་ལ་དགོངས་པ་བཞེས་དགོས་པ་མ་རེད་དམ། བཙུན་མ་དེ་ཚོར་ཅི་ཞིག་དགོས་ཀྱི་ཡོད་དམ། དེ་འདྲ་ཨུ་ཚུགས་ཆེན་པོ། དགོས་པའི་སློབ་སྦྱོང་གྱིས། མི་དགོས་པའི་ཐོབ་ཐང་རྩོད་དགོས་མི་འདུག ཀླུ་སྨྱོན་གྱིས་ཡང་རྒྱབ་སྐྱོར་བྱེད་ཀྱིན་འདུག་གཱ། བུད་མེད་བློ་ལ་སྙིང་པོ་མེད། སྙིང་པོ་མེད་པ་ཆུ་ཡི་སྦུ་བ་ཡིན།
    ཡང་ཟུར་ཁང་དབང་ཆེན་གྱིས་བསམ་ཚུལ་བཤད་པ་དེ་ལའང་རྒྱབ་སྐྱོར་ཡོད། རིས་སུ་མ་ཕྱེས་པའི་བོད་ཀྱི་བཙུན་མའི་ཚོགས་འདུ་ཞིག་ཡིན་ན་རིས་སུ་མ་ཕྱེས་པའི་བཙུན་དགོན་ཁག་གི་འཐུས་མི་ཅི་ཡིས་ཕྱིར་མགྲོན་འབོད་མ་བྱས་པ་རེད་དམ། ད་དུང་ས་སྐྱ་དང་རྙིང་མ་ག་ལ་ཚད། བཀའ་རྒྱུད་དང་བོན་པོ་ཇོ་ནང་སོགས་ཀྱང་མི་འདུག་གམ། བསམ་ཚུལ་རིས་སུ་མ་ཕྱེས་ཏེ་ཤོད་དགོས་པ་རེད་མ་གཏོགས་དེ་ཡང་ཕྱོགས་ལྷུང་ལ་འགྲོ་གི་འདུག ཡང་ངས་བཤད་པ་དེ་ཡང་ཕྱོགས་ལྷུང་འགྲོ་སྲིད་པ་རེད། གང་ལྟར་ཆོས་དོན་ལྷན་ཁང་ཡིན་ནའང་འདྲ།་ཆོས་རིག་ལྷན་ཁང་ཡིན་ནའང་འདྲ་སྔ་ས་ནས་དགོངས་པ་རྒྱ་ཆེན་པོ་བཞེས་དགོས་པ་རེད་མ་གཏོགས། ད་ལྟ་དུས་ཚོད་གཉན་འཕྲང་གི་སྐབས་སུ་དོ་དོ་ནན་གཟབ་གཟབ་མ་གནང་ན་འཐོར་ཞིག་ཏུ་འགྲོ་ངེས། གཞི་ནས། བཀའ་ཁྲིས་བཤད་པ་ལྟར། རང་ཁ་རང་གསོ། རང་མགོ་རང་ཐོན། རང་ས་རང་སའི་གནས་སུ་རང་ཡལ་དུ་འགྲོ་ངེས་པ་རེད། དེ་ངས་བསམ་ཚུལ་ཡིན།

    Reply
  8. Dawai Shonu says:
    ལོ་ 13 སྔོན།

    བཀའ་ཁྲི་བློ་བཟང་སེང་གེ་མཆོག་འཇོན་ཐང་ཅན་ཞིག་ལོས་ཡིན། འོན་ཀྱང་གནས་འགག་དེ་འདྲའི་སྐབས་སུ་ཤེས་ཡོན་གཏིང་ཟབ་མེད་པའི་སྐད་ཆ་མང་པོ་གསུངས་ཀྱི་འདུག ད་རེབ་ཁོང་གིས་བཙུན་མ་ཚོར་ལག་འཁྱེར་སྤྲད་ན་ཁོང་ཚོ་ལྟོ་གོས་ཐོག་རང་མགོ་ཐོན་ཐུབ་ཀྱི་རེད་ཅེས་གསུངས་པ་ནི་ཧ་ཅང་ཚད་དམའ་བོའི་ཕྲུ་གུ་ཆུང་ཆུང་གི་སྐད་ཆ་རེད། ལྟོ་གོས་འཚོལ་ཐབས་ཁོ་ནའི་ཆེད་དུ་ལག་འཁྱེར་སྤྲོད་དགོས་པ་རེད་ཅེས་གསུངས་པ་ནི་ཧ་ཅང་ནོར། གནས་དོན་དེ་དེ་འདྲའི་རྩོད་གཞི་ཅན་དང་ཐག་གཅོད་མ་ཐུབ་པ་རྒྱུན་རིང་ལྷག་དགོས་པ་རྒྱུ་ཚན་མང་དག་ཡོད་ལགས། ལག་འཁྱེར་སྤྲད་ན་དགེ་སྐྱོན་ག་རེ་ཡོད་རེད། ཚད་གང་འདྲ་ཞིག་ལ་བཟུང་གི་ཡིན་པ་དང། ནང་ཆོས་ཀྱི་ལུང་དང་མཐུན་མ་མཐུན་སོགས་མང་པོ་ཞིག་ལ་བསྟུན་དགོས་པ་རེད།

    Reply
  9. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 13 སྔོན།

    བཀའ་ཟུར་རིན་ཆེན་མཁའ་འགྲོ་དང་བཀའ་ཟུར་རྗེ་བཙུན་པདྨ་གཉིས་ཀྱི་བཙན་བྱོལ་ནང་དངོས་གསལ་མེད་པའི་འཐབ་རྩོད་ཤུགས་ཆེ་གནང་བ་རེད་། རིན་ཆེན་མཁའ་འགྲོའི་བེུད་ཀྱི་ཆེད་དུ་ཡིན་ཁུལ་གྱི་འཐབ་རྩོད་བྱས་པ་དང་རྗེ་བཙོན་པདྨས་སློབ་ཕྲུག་ཚོའི་དོན་ཏུ་ཡིན་ལབ་ནས་སློབ་ཚན་དབྱིན་ཡིག་བཞག་དགོས་པའི་འཐབ་རྩོད་གནང་བ་རེད་། མཁྱེན་གསལ་བཞིན་བཀའ་ཤག་སྐབས་སྔོན་མ་སུའི་དབང་འོག་ཏུ་མ་ཚུད་པའི་བེུད་འདི་གཉིས་ནི་ཡབ་གཞིས་ཚང་གི་ཁྱིམ་རྒྱུད་རེད་། དངོས་གནས་ཁོང་གཉིས་ཀྱི་ལས་གཞི་ཁག་རྩ་ཁྲིམས་ལ་སྟོས་མི་དགོས་པ་དང་གཞུང་འཛིན་བཀའ་ཤག་ལ་བརྩི་མི་དགོས་པའི་དཔོན་ཉམ་དེ་མཐོང་དུས་དེ་སྔོན་རྒྱ་ནག་ནང་མོའི་ཆུང་མ་དང་འདྲ་བའི་དབང་ཚད་ཡོད་པའི་ཕྱོགས་ཁག་གཅིག་ཡིན་པ་བསམ། ག་དུས་ཡིན་ན་མོ་འདི་གཉིས་ཀྱི་ལས་དོན་ལ་མཐོ་རིམ་ཁྲོད་རྒྱོབ་སྐྱོར་རག་པ་དང་། དམངས་ཀྱི་སྐྱོན་འཛུགས་བྱེད་མཁན་མེད་པ་འདིར་དོན་ངོ་མ་ག་རེ་མཚོན་པ་རེད་གསལ་བཤད་མི་དགོས་པ་རེད་། དེ་རིང་བློ་སེང་ལ་རིན་ཆེན་མཁའ་འགྲོའི་བཀའ་དབང་ཇི་ལྟར་རྩལ་ཡོད་མེད་ནི་བློ་སེང་གི་ངག་རྩལ་ནས་ཐོན་སོང་། དཔེ་ན་རྒྱབ་སྐྱོར་ཡོད་། རྒྱབ་སྐྱོར་ཡོད་ཅེས་པ་འདི་རེད་། འདི་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ནང་ལོ་ལྔ་བཅུའི་གནས་ཚུལ་འཇུག་སྒྲིག་མ་ཐུབ་པའི་གནས་ཚུལ་ཕར་མ་ཞིག་ཡོད་པ་དེ་རེད་།

    Reply
  10. ཀླུ་སྨྱོན། says:
    ལོ་ 13 སྔོན།

    ལས་ཀ་དེ་མགོ་འཛུགས་པ་དང་མཇུག་སྐྱོང་རྒྱུ་ཚང་མ་བུད་མེད་སྤྱི་དང་ཁྱད་པར་བཙུན་མའི་ལས་ཀ་ཞིག་རེད། སྐྱེས་པ་སྤྱི་དང་ཁྱད་པར་དུ་གྲྭ་པ་ཚོར་དེའི་མགོ་ནས་མར་འཁོར་ནས་སྐད་ཆ་བཤད་པའི་ཐོབ་ཐབ་ཨེ་ཡོད་དམ།

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    བཙུན་མ་ཚོ་སློབ་མཐར་ཕྱིན་སྐབས་དགེ་བཤེས་མའི་ཕྱག་ཁྱེར་འབུལ་རྒྱུ་ཧ་ཅང་གལ་ཆེན་རེད། འོན་ཀྱང་ཕྱག་ཁྱེར་དེ་ཚད་དང་ལྡན་པ་ཞིག་ཡོང་རྒྱུའི་སླད་དུ་དང་པོ་ནས་སྒྲིག་ཁྲིམས་མནན་མོ་ཞིག་འཇོག་རྒྱུ་གལ་ཆེ། སྤུས་དག་ཅིག་ཡོང་དགོས་ན་ཕྱོགས་གང་ནས་བལྟས་ན་ཤེས་ཡོན་ཡོད་མཁན་གྱི་བཙུན་མ་ཉུང་ཤོས་རེ་སྤྲད་ན་ལེགས།

    Reply
  12. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 13 སྔོན།

    བཀའ་ཟུར་རིན་ཆེན་མཁའ་འགྲོས་ལོ་མང་རིང་འབད་བརྩོན་བྱེད་པའི་གྲུབ་འབྲས་ཡག་པོ་རེད། མ་གཞི་དགེ་བཤེས་ཞེས་པའི་ལག་ཁྱེར་དེ་འཁྲབ་བསྟོན་བྱེད་ཆོག་ཟེར་བའི་ཐོབ་ཐང་ཞིག་རེད་དེ་སུ་ལ་སྤྲད་ན་ཡང་ཁྱད་པར་མེད་གི དཔེར་ན་དགེ་བཤེས་ལུང་རིག་རྒྱལ་མཚོ་ལ་དགའ་ལྡན་ཁྲིར་པའི་ཐོབ་ཐང་སྤྲད་པ་དང་དགེ་བཤེས་སྐལ་བཟང་དང་ལི་ཐང་སྣ་བུག་རྒྱལ་མཚོ་སོགས་ལ་དགེ་བཤེས་གི་ལག་ཁྱེར་སྤྲད་ཡོད་པ་ཚང་མ་གཅིག་མཚུངས་རེད། འདིའི་ཐ་སྙད་དེ་དགེ་བཤེས་ཡིན་དང་དགེ་བཤིག་ཡིན་གསལ་པོ་ཞིག་མི་འདུག དགེ་བཤིག་ཡིན་པའི་དཔང་རྟགས་མང་པོ་ཞིག་འདུག འོན་ཀྱང་དགེ་བཤེས་ཡིན་པའི་དཔང་རྟགས་ཧ་ཅང་གི་དཀོན་པོ་རེད་བཞག

    Reply
  13. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ཀེ་ཏ་ཀ་་་་་་ལགས་་་་རིན་ཆེན་མཁའ་འགྲོས་བཀའ་ཁྲི་ལ་སྤྲེལ་ལད་འཁྲབ་ཟེར་བའི་སྐད་ཆ་དེས་ཁྱོད་རང་ལ་རྡ་སའི་གནས་ཚུལ་ལ་ཅུང་ཙམ་རྒྱུས་མངའ་མེད་པ་གསལ་སྟོན་བྱས་ཡོད།
    རིན་ཆེན་མཁའ་འགྲོས་བཀའ་ཁྲི་བློ་སེང་ལ་ཕར་སྤྲེལ་ལད་འཁྲབ་རྒྱུ་ཕར་བཞག་་་་་་རིན་ཆེན་མཁའ་འགྲོས་བཀའ་ཁྲི་ལ་མར་བཙན་བཀའ་ཡང་གཏོང་ཆོག་པའི་གོ་རིམ་ཤེས་བ་གྱིས།
    ཁྱི་བརྒྱུད་མཐོ་བོ་དང་མི་ཆེན་སྐུ་དྲག་ཚོས་ལག་འོག་ནས་བཀའ་ཁྲི་སེངྒེ་འདི་ནུས་མེད་ཉམས་ཆུང་ཞིག་ཡིན་པའི་གོ་རིམ་དེ་མ་ཤེས་མེད་ན་རྡ་སའི་གནས་ཚུལ་མ་ཤེས་བ་རེད།

    Reply
  14. མི་ཉག་བཙན་པོ says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་གི་གཏམ་བཤད་ཀྱི་ནང་དོན་ནི་གཟི་རྗི་ཆེན་ལ་
    འོད་མདང་རྣམ་པར་བཀྲ་བའི་གསར་གཏོད་གྱི་ཆ་ཤས་ཤིག་རེད།
    གཞུང་འབྲེལ་ཐོག་ནས་བོད་ཀྱི་བཙུན་མ་རྣམས་ལ་དགེ་བཤེས་མའི་ཕྱག་
    འཁྱེར་བཞེས་རྒྱུའི་གོ་སྐབས་ཤིག་གནང་བ་ནི་གསར་གཏོད་དངོས་མ་རེད།
    ཕེབས་ཟིན་པའི་བཀའ་ཁྲི་རྣམས་དང་བཀའ་བློན་སུ་གང་གིས་དེ་འདྲའི་ཁ་
    གསལ་ཐོག་གོ་སྐབས་དེ་གནང་མེད།བཙུན་དགོན་ཁག་ཁ་ཤས་ནང་གཞུང་
    ཆེན་བཀའ་པོད་ལྔའི་བསླབ་པ་མཐར་སོན་པའི་བཙུན་མ་ཇི་སྙེད་ཀྱི་
    ཐོན་ཡོད་ན་ཡང་ད་ལྟ་བར་དགེ་བཤེས་མའི་ཕྱག་འཁྱེར་བཞེས་རྒྱུ་བྱུང་མེད།
    དེ་རིང་བཀའ་ཁྲི་མཆོག་ནས་བཀའ་འཁྲོལ་གནང་བ་ནི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་གསར་གཏོད་ཞིག་རེད།མ་ཟད་རང་ཁ་རང་གསོ་ཡང་རེད།
    བོད་ཀྱི་བཙུན་མ་རྣམས་སོ་སོའི་རྐང་པཐོག་ལང་ཐུབ་པའི་ཆ་རྐྱེན་དང་བཙུན་རྣམས་ཀྱིརང་ཁ་རང་གསོ་གནང་ཐུབ་པའི་ལམ་ཁ་གསར་པ་ཞིག་རེད།

    Reply
  15. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    རིན་ཆེན་མཁའ་འགྲོས་ལོ་མང་རིང་འབད་བརྩོན་བྱས་པའི་གྲུབ་འབྲས་སྨིན་གྲབ་འདུག་ཨ།
    བཀའ་ཁྲི་སེངྒེ་འདི་རྒྱབ་དཔུང་མཐུག་པའི་རིན་ཆེན་མཁའ་འགྲོའི་ལག་འོག་ལ་འགྲོ་གྲབ་འདུག་ཨ།

    དེང་སང་དགེ་བཤེས་ཟེར་བ་དེ་ལ་རྒྱུ་ཡོད་ན་གདན་ས་ནས་སྐུ་འགྱེད་དང་མང་ཇ་རྒྱུག་ནས་ལས་སླ་མོ་གཏོང་ཐུབ་ཀྱི་ཡོད།

    དགེ་བཤེས་ལག་འཁྱེར་ཐོབ་ན་ཐར་པ་ཐུབ་སོང་བ་ལྟ་བུ་ཚད་མཐོ་བོ་ཞིག་གི་མི་སྣ་རླབས་ཆེན་ཆེ་མཐོང་ཡོད་བ་ཞིག་ཆགས་སོང་བ་མ་ཡིན་པ་ཤེས་བ་གྱིས།

    Reply
  16. རྭ་རྒྱ་བློ་དབང་། says:
    ལོ་ 13 སྔོན།

    བསམ་བཞིན་དུ་ཉོག་གཏམ་གླེང་བ་མིན་མོད། དངོས་གནས་བཤད་ན་”རྐང་པའི་སྒང་ལངས་མི་ཐུབ་མཁན་དེ་བྱིས་དམར་འབྱར་རམ། ཡང་ན་ཞ་བོ་ཞིག་ལས་འགྲོ་ས་མེད་ཨང་” སྙམ་ལ། སྤྱིར་བཏང་ནས་འདི་དང་འདི་འདྲས་མཚོན་ཐ་སྙད་མང་པོ་ཞིག་ཇི་ལྟར་བྱས་ཏེ་བརྒྱུད་ལམ་དུ་སྤྱད་ན་འོས་འཚམ་ཡིན་མིན་ལ་བརྡ་སྤྲོད་རིག་པ་སྨྲ་བ་སྤྱི་དང་། ཡང་དགོས་གསར་འགྱུར་གྱི་བྱ་བ་གཉེར་མཁན་ཚོས་དོ་ནན་གནང་དགོས་པ་ཞིག་རེད་སྙམ་མོ། །

    Reply
  17. ཀེ་ཏ་ཀ says:
    ལོ་ 13 སྔོན།

    རིན་ཆེན་མཁའ་འགྲོས་བཀའ་ཁྲི་མཆོག་སྤྲེལ་ལད་འཁྲབ་ནས་སྐད་བཏང་བ་མ་གཏོགས། ང་ཚོའི་ཁྲི་པ་གསར་པ་མཆོག་ལ་བོད་ཀྱི་ནང་དོན་རིག་གནས་ཕར་ཞོག ཕ་སྐད་དག་མ་ཞིག་ཀྱང་བསྐྱོན་ཤེས་ཀྱི་མེད་དུས། དགེ་བཤེས་མའི་ཕྱག་ཁྱེར་འབུལ་ཕྱོགས་སྐོར་ལ་བཀའ་ཁྲི་མཆོག་གིས་ལམ་སྟོན་ཅི་ལྟར་གནང། གལ་སྲིད་གནང་རྒྱུ་ཡོད་ན། རྡོ་ལས་འོ་མའང་ཐོན་རྒྱུ་ཡོད་པའི་ཆོས་ཉིད་གོ་ལྡོག་ཏུ་འགྲོ་ངེས་སྟབས། སྐུ་མཁྱེན་ཁྱེད་རྣམ་པས་བཙུན་མའི་བསྟན་པར་ཕྱག་ལས་གནང་གི་ཡོད་ན། དངོས་གནས་ཕན་པ་ཞིག་གནང་རོགས། མ་གཞི་ནས་རིན་ཆེན་མཁའ་འགྲོ་འདི་ལའང་ཞིབ་འཇུག་བྱ་རྒྱུ་མེད་པ་ཞིག་ག་ལ་ཡིན། བཙན་བྱོལ་ནང་གི་སྐྱུག་བྲོ་བའི་ཟུར་ངོས་དག་གླེང་ན་བློ་ཕམ་ཆེན་པོ་རེད་གདའ།

    Reply
  18. བུ་ཡུག says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་གིས་དགེ་བཤེས་མར་ལག་ཁྱེར་སྤྲད་ན་གསར་སྟོད་ཡིན་ཟེར། སྐུ་ངོ་མཆོག་གི་གསར་སྟོད་ཀྱི་དམིགས་ཡུལ་ཧ་ཅང་ཆུང་འདུག། དེས་ན་ཁྱེད་ཀྱི་དུས་རྒྱུན་འབྲས་རྡ་ལི་ཟ་བཞིན་ཡོད་པས་དོ་དགོང་ཨ་མདོའི་འཐེན་ཐུག་ཞིག་བསྐོལ་ན་དེ་ཡང་གསར་སྟོད་ཡིན་རྒྱུ་རེད།

    Reply
  19. སྐར་མདའ། says:
    ལོ་ 13 སྔོན།

    བཀའ་ཁྲིས་བཀའ་ཤག་གི་ལྟ་གྲུབ་གསུམ་དུ་སྒྲོག་བཞིན་པའི་རང་ཁ་རང་གསོ་ཐད་ནས་འགྲེལ་རྒྱག་སྐབས། དགེ་བཤེས་མར་ལག་འཁྱེར་སྤྲད་པ་ཡིན་ན། ད་གཟོད་བཙུན་མ་ཚོ་ས་སོའི་རྐང་པའི་ཐོག་ལངས་ཐུབ་མཁན་ཡིན་པར་བཤད་འདུག དེ་མིན་་་་་་་་
    དགོས་མཁོ་དང་གནས་སྐབས་ལྟ་བཞིན་མཚམས་རེར་རང་ཁ་རང་གསོ་ལ་་་རང་མགོ་རང་ཐོན་་་ཡང་ཟེར་གྱི་འདུག

    Reply
  20. thapkegyatso says:
    ལོ་ 13 སྔོན།

    ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་བ་བདག་པོ་མེད།ཅེས་པ་འདི་ཨ་མ་ཞིག་གིས་རང་གི་བུ་ལ་བསྩལ་པའི་སྙིང་སྟོབས་ཡིན་ལ།བུ་ཡིས་ཀྱང་ཨ་མའི་རེ་འདུན་ཇི་བཞིན་ལེགས་པར་བསྐངས་ཡོད།
    ཨ་མའི་བུ་ལ་ཡོན་ཏན་ཡོད་ན་བཀའ་བློན་ཁྲི་བ་བདག་པོ་མེད།ཅེས་པ་འདི་ནི་བུ་རྒོད་ཅིག་གིས་རང་ལ་སྙིང་སྟོབས་བསྩལ་པའི་ང་རོ་ཡིན་ལ།ད་ལྟ་རང་ཉིད་གངས་ཅན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ལེའུ་ཞིག་ཏུ་ལེགས་པར་བཞེངས་ཐུབ་ཡོད།
    ཡང་ཨ་མའི་བུ་མོར་ཡོན་ཏན་ཡོད་ན་བཤེས་གཉེན་བུ་མོར་བདག་པོ་མེད།ཅེས་པ་འདི་ལ་ཨ་མའི་བུ་མོ་སུ་ཞིག་འཛེགས་ཏེ་ལོ་རྒྱུས་དང་གཏམ་བརྒྱུད་གསར་བ་ཞིག་སུ་ཞིག་གིས་བསྐྲུན་ཐུབ་ན།བཀྲ་ཤིས་དང་དགའ་བསུའི་ཤིས་ཚིག་ཡང་ཡང་ཞུའོ།།

    Reply
  21. ཟུར་ཁང་དབང་ཆེན་དགེ་ལེགས། says:
    ལོ་ 13 སྔོན།

    དེ་རིང་གི་བགྲོ་གླེང་འདིའི་ནང་ས་སྐྱ་དང་རྙིང་མ་བཀའ་བརྒྱུད་སོགས་ཀྱི་བཙུན་དགོན་ཁག་ཡོང་མི་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ། འོ་ན་ཆོས་བརྒྱུད་དེ་དག་ལ་དགེ་བཤེས་ཤིག་པའི་མཚན་དེ་ཐོབ་ཐང་མེད་པ་རེད་དམ། དོན་ངོ་མའི་དགེ་བཤེས་དང་རབས་འབྱམས་པ་སོགས་བོད་ཀྱི་སྲོལ་དར་ས་གཙོ་བོའི་དེ་ས་སྐྱའི་ཕྱོགས་ནས་དར་ཡོད་པ་སུ་གང་གི་སྙོན་དུ་མེད། འོན་ཀྱང་ང་ཚོའི་ལས་འགུལ་དང་ཐོབ་ཐང་སོགས་འདྲ་མཉམ་མེད་པའི་ཉེར་ལེན་གྱིས་ནུས་པ་མཉམ་འདུས་དང་གོམས་བུ་ཆིག་སྒྲིལ་སོགས་་ཐོར་གཞིའི་རྩ་བའང་འདི་ལྟ་བུ་རིགས་དེ་ཡིན། འདིར་ཆོས་རིག་ལས་ཁུངས་ཀྱི་ངོས་ནས་ངེས་པར་གསལ་བཤད་ཅེས་གནང་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese