མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་སྲིད་འཛིན་གསར་པ་དང་རྒྱལ་སྤྱིའི་དོ་སྣང་།

བོད་ཀྱི་དུས་བབ།
༢༠༡༢/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp


ཟླ་འདིའི་ཕྱི་ཚེས་
 ༦ ཉིན་ཧྥ་རན་སིའི་ནང་དངོས་གཞིའི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུ་བྱས་ཏེ། རང་ལོ་ ༥༧ ཡིན་པ་ཧྥ་རན་སིའི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་(Soialist Party )འོས་མི་སྐུ་ཞབས་ཧོ་ལན་ཌེ་(Francois Hollande) ལ་རྒྱལ་ཁ་ཐོབ་ཡོད། ཕྱི་ཚེས་ ༡༥ ཉིན་གཞུང་འབྲེལ་ཐོག་སྲིད་འཛིན་གསར་རྙིང་གི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ཚོགས་ཡོད་ཅིང་། ཉིན་དེར་ཁོང་འཇར་མན་དུ་རྒྱལ་དོན་གཟིགས་སྐོར་ལ་ཕྱིན་ཡོད་པ་དང་། ཕྱི་ཚེས་ ༡༨ ཉིན་ཨ་རིར་སྟོབས་ཆེན་རྒྱལ་ཁབ་བརྒྱད་ཀྱི་ཚོགས་ཆེན་སྟེང་ཞུགས་ཡོད།  

ཕྱི་ཟླ་ ༤ ཚེས་ ༢༢ ཉིན་ཧྥ་རན་སིའི་སྔོན་འགྲོའི་སྲིད་འཛིན་འོས་འདེམས་སྐབས། འོས་གྲངས་ཐོ་ཤོས་ཀྱི་སྲིད་འཛིན་འོས་མི་ ༡༠ ཡོད་པ་ལས། སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་སྲིད་འཛིན་འོས་མི་ཧོ་ལན་ཌེ་ལ་བརྒྱ་ཆ་ ༢༨།༦༣ དང་། དེ་སྔའི་སྲིད་འཛིན་སཱར་ཁཱོ་ཛེ་ལ་བརྒྱ་ཆ་ ༢༧།༡༨ ཐོབ་སྟེ་ཁོང་གཉིས་དངོས་གཞིའི་འོས་བསྡུའི་ནང་བསླེབས་ཡོད། ཕྱི་ཟླ་ ༥ ཚེས་ ༦ ཉིན་དངོས་གཞིའི་འོས་བསྡུ་གནང་སྟེ་ཧོ་ལན་ཌེ་ལ་འོས་གྲངས་བརྒྱ་ཆ་ ༥༡།༦༤ དང་། སཱར་ཁཱོ་ཛེ་ལ་འོས་གྲངས་བརྒྱ་ཆ་ ༤༨།༣༦ ཐོབ་སྟེ། ཧོ་ལན་ཌེ་ཧྤ་རན་སིའི་སྲིད་འཛིན་གསར་པར་ཁྱབ་བསྒྲགས་བྱས་ཡོད།

ཕྱི་ཚེས་ ༡༥ ཉིན་སྲིད་འཛིན་གསར་རྙིང་གཉིས་ཀྱིས་མཛད་སྒོའི་སྟེང་ཕན་ཚུན་ལ་ལག་འཇུ་དང་ཧོ་ལན་ཌེ་ཡིས་སྲིད་འཛིན་དམ་འབུལ་གྲུབ་མཚམས། སྲིད་འཛིན་ལས་ཁུངས་ཀྱི་རྒྱལ་དོན་གསང་བའི་ཡིག་ཆ་རིགས་རྩིས་སྤྲོད་རྩིས་ལེན་བྱས་མཐར། ཧོ་ལན་ཌེ་ཡིས་ “ང་ཚོ་གཞུང་གསར་པའི་ལས་དོན་གལ་ཆེ་ཤོས་བཟོ་ལས་འཛུགས་སྐྲུན་དང་འཆར་འགོད་ལས་རིགས། ཞིབ་འཇུག་སོགས་ཀྱི་ཐད་ཤུགས་གནོན་བརྒྱབ་སྟེ། ཧྥ་རན་སི་ཡང་བསྐྱར་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཡིན་”ཞེས་བསྒྲགས་ཡོད།

ཧོ་ལན་ཌེས་སྲིད་འཛིན་ལས་ཁུར་གྱི་དམ་འབུལ་བྱས་པའི་ཆུ་ཚོད་འགའི་རྗེས་སུ་ཁོང་སྲིད་འཛིན་དུ་བསྡད་པའི་ཕྱི་འབྲེལ་རྒྱལ་དོན་ཕྱོགས་སྐྱོད་ཐེངས་དང་པོ་དེ་འཇར་མན་ལ་གནང་ཡོད་པ་དང་། འཇར་མན་སྲིད་བློན་ལྕམ་མཱར་ཁེལ་(Angela Merkel) དང་ཐུག་འཕྲད་ཐོག ཕྱོགས་གཉིས་ཀྱིས་ཡུ་རོབ་གླིང་གི་དཔལ་འབྱོར་ཉམ་ཉེས་བསྐྱར་གསོ་བྱ་རྒྱུར་མཉམ་ལས་དང་། ད་ལོའི་ཕྱི་ཟླ་ ༣ ནང་གཏན་འབེབས་བྱས་པའི་ཡུ་རོབ་མཐུན་ཚོགས་ཀྱི་དཔལ་འབྱོར་སྲིད་ཇུས་ལ་བསྐྱར་ཞིབ་བྱ་རྒྱུར་ཧྥ་རན་སི་དང་འཇར་མན་གཉིས་ཀྱིས་མཉམ་འབྲེལ་བྱ་དགོས་པའི་བསམ་ཚུལ་བཏོན་ཡོད་འདུག ཧྥ་རན་སི་དང་འཇར་མན་གཉིས་ཡུ་རོབ་གླིང་(Eurozone)གི་བཅོས་སྒྱུར་གྱི་རྨང་རྡོ་ལྟ་བུ་ཞིག་ཆགས་ཡོད་པ་རེད།

ཕྱི་ཚེས་ ༡༨ ཉིན་ཏེ། ཧོ་ལན་ཌེ་སྲིད་འཛིན་དུ་བསླེབས་པའི་ཉིན་གསུམ་པར་ཁོང་ཝ་ཤིན་ཝོན་དུ་སྟོབས་ཆེན་རྒྱལ་ཁབ་བརྒྱད་ (G8 Summit) ཀྱི་ལྷན་ཚོགས་དང་ཆཱེ་ཁཱ་གྷོ་རུ་ཎ་ཊོའམ་ནུབ་རྒྱ་མཚོའི་གནའ་མཐུན་ལྷན་ཚོགས་(Nato) ཀྱི་ཚོགས་ཆེན་བཅས་ལ་ཕྱིན་ཡོད། ཁོང་ཧྥ་རན་སི་ནས་མ་ཐོན་གོང་ནས་ཐེངས་འདིའི་ལྷན་ཚོགས་ཁག་གི་སྔ་རྗེས་སུ་ཨ་རིའི་རིའི་སྲིད་འཛིན་དང་དབྱིན་ཇིའི་སྲིད་བློན་སོགས་ལ་ཧྥ་རན་སི་དང་ཨ་དབྱིན་སོ་སོའི་བར་གྱི་ཕྱི་འབྲེལ་སྐོར་ལ་གྲོས་བསྡུར་བྱ་རྒྱུ་ཡིན་པ་དང་། དེ་བཞིན་ལྷན་ཚོགས་སོ་སོའི་སྟེང་རྒྱལ་ཁབ་ཕན་ཚུན་བར་གྱི་ཕྱི་འབྲེལ་དང་ཡུ་རོབ་གླིང་གི་དཔལ་འབྱོར་གནད་དོན། ཨེ་རན་དང་ཨབ་གྷན། སེ་རི་ཡ་སོགས་ཀྱི་གནད་དོན་སྐོར་བཅས་ལ་ལ་གླེང་སློང་བྱ་འཆར་ཡིན་འདུག

ཧོ་ལན་ཌེ་ནི་རྒྱལ་སྤྱིའི་གླེང་སྟེགས་སུ་ཐེངས་དང་པོར་བུད་པ་ཞིག་ཡིན་པ་དང་། ཧྥ་རན་སི་ནི་ཡུ་རོབ་གླིང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནད་དོན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་མཁན་ཞིག་ཡིན་སྟབས། རྒྱལ་སྤྱིའི་ཁྱོན་ཡོངས་དང་དབུ་ཁྲིད་མི་སྣ་ཚོས་ཧོ་ལན་ཌེའི་མི་གཤིས་དང་ལངས་ཕྱོགས། ལྟ་གྲུབ་སོགས་ཀྱི་ཐད་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

ཧོ་ལན་ཌེ་ཐོག་མ་སྲིད་འཛིན་འོས་གཞིར་ལངས་སྐབས་རྒྱ་ནག་ནི་དགྲ་བོ་དངོས་ཡིན་ཚུལ་བརྗོད་ཡོད། ཁོང་གིས་ “ངས་གང་ལ་དགྲ་བོར་འབོད་དགོས་པར་རྒྱུ་རྐྱེན་ཡོད། དཀའ་ངལ་དངོས་རྒྱ་ནག་རེད། ཁོ་ཚོས་གཡོ་ཟོལ་མགོ་སྐོར་མི་གཏོང་ས་གཅིག་ཀྱང་མེད་”ཅེས་བརྗོད་ཡོད་པ་དང་། གནད་དོན་དེའི་ཐད་ཧྲང་ཧེ་ཧྥུ་ཌན་(Fudan University) སློབ་གྲྭ་ཆེན་མོའི་ཡུ་རོབ་ཉམས་ཞིབ་ཚན་པའི་འགན་འཛིན་ཌེན་ཆུན་(Ding Chun) གྱིས་ “ཧྥ་རན་སིའི་དཔལ་འབྱོར་འཕེལ་ཚད་རང་སོར་ལྷག་ཡོད་སྟབས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ནག་གི་ཆབ་སྲིད་དང་། ལྷག་པར་དུ་རྒྱ་ནག་གི་དཔལ་འབྱོར་སྟོབས་ཐད་ཧྥ་རན་སིས་རྒྱ་ནག་ཕྱོགས་སུ་བཟུང་པའི་བརྟན་བརླིང་མེད་པའི་ཕྱི་འབྲེལ་དེ་རྒྱུན་རིང་པོར་བསྲིང་མི་ཐུབ། ཧོ་ལན་ཌེ་ཡིས་ཧྥ་རན་སིའི་དཔལ་འབྱོར་ལ་འགྱུར་བ་གཏོང་དགོས་ན་ཁོང་ལ་རྒྱ་ནག་མེད་ཐབས་མེད་”ཅེས་བརྗོད་འདུག

ཧོ་ལན་ཌེ་ནི་ཉེ་ཆར་ཧྥ་རན་སིའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ཁྲོད་ཞུགས་མཁན་འོས་མི་ ༡༠ ལས་འོས་མི་ ༩ ཡིས་བོད་དོན་ལ་རྒྱབ་སྐྱོར་དང་༸གོང་ས་མཆོག་དང་མཇལ་འཕྲད་ཞུ་འདུན་གྱི་རྣམ་འགྱུར་བསྟན་ཡོད་པའི་གྲས་ཀྱི་གཅིག་ཡིན་ཞིང་། ཁོང་གིས་ “ཏཱ་ལའི་བླ་མ་ནི་ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་འཛམ་གླིང་མི་མང་གིས་གུས་བརྩི་ཡོད་པའི་དབུ་ཁྲིད་ཅིག་རེད། ཉེ་སྔོན་ཁོང་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་རྩིས་སྤྲོད་བྱས་ཟིན་པར་བརྟེན། ང་རང་གི་ངོས་ནས་ཏཱ་ལའི་བླ་མ་དང་མཇལ་འཕྲད་ཞུ་རྒྱུར་འགོག་རྐྱེན་གང་ཡང་མཐོང་གི་མེད” ཅེས་བརྗོད་ཡོད་པ་རེད།

ཧོ་ལན་ཌེ་ཁོང་ ༡༩༩༧ ནས་ ༢༠༠༨ བར་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་མགོ་ཁྲིད་ཀྱི་འགན་བཞེས་ཡོད་པ་དང་། ཁོང་གིས་ ༡༩༩༣ ལོར་མི་ཞིག་གིས་བྱིས་པ་སྐོར་ཞིག་བྱིས་གསོ་ཁང་ཞིག་ཏུ་བཙན་བཀག་བྱས་སྐབས་དཔའ་མཛངས་ཟུང་འབྲེལ་ཐོག་བྱིས་པ་རྣམས་ཉེན་ཁ་ལས་སྐྱབས་པའི་གནས་ཚུལ་ཞིག་བྱུང་པ་ནས་སྤྱི་ཚོགས་ཁྲོད་དོ་སྣང་ཆེན་པོ་སླེབས་མགོ་ཚུགས་ཡོད་པ་རེད། ཉམས་ཞིབ་པ་ཚོས་ཧོ་ལན་ཌེ་ནི་ཕྱི་འབྲེལ་སྲིད་ཇུས་ཐད་སཱར་ཁཱོ་ཛེ་ལས་གཟབ་ནན་དང་བཏང་སྙོམས་ཅན་ཞིག་ཡིན་པར་ཚོད་དཔག་བྱེད་ཀྱི་ཡོད། སཱར་ཁཱོ་ཛེ་ཡིས་འཇོར་ཇི་ཡ་(Georgia) དང་རཱ་ཤི་ཡའི་རྩོད་རྙོག ལེ་བྷེ་ཡའི་ཟིང་འཁྲུག་སོགས་རྒྱལ་སྤྱིའི་ནང་གི་རྩོད་རྙོག་འདྲ་མིན་ལ་ཐེ་ཇུས་བྱས་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese