གཟའ་ལྷག་པའི་ཉིན་ངྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ། ༸གོང་ས་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་སླར་གསོའི་བསྒྲཊ་གཏམ་སྤེལ་ཏེ། ལོ་ ༡༠༠ ཙམ་འཁོར་བཞིན་པའི་སྔོན་འགྲོའི་དུས་དྲན་སྲུང་གཙི་གནང་ཡོད།
བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག ༡༩༥༡ ལོར་རྒྱའི་བཙན་འོག་ནས་ཆིངས་ཡིག་དོན་ ༡༧ ལ་མཚན་རྟགས་བཀོད་དེ་མི་ལོ་ ༦༡ འཁོར་བའི་ཉིན་མོ་སྟེ། ཁ་སང་ཕྱི་ཚེས་ ༢༣ ཉིན་གྱི་ཕྱི་དྲོ་ངྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ ༡༩༡༣ ལོར་བོད་རང་བཙན་སླར་གསོའི་ཡོངས་ཁྱབ་བསྒྲཊ་གཏམ་སྤེལ་ཏེ། ཁྱོན་མི་ ༡༠༠ ཙམ་འགྲོ་བཞིན་པའི་སྔོན་འགྲོ་དུས་དྲན་སྲུང་གཙི་གནང་ཡོད་ཅིང་། དུས་དྲན་མཛད་སྒོར་བོད་མི་མང་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་དང་གསེར་རྟ་ཚུལ་ཁྲིམས། ཤར་གླིང་ཟླ་སྒྲོན་གསུམ་དང་། མི་རབས་གཉིས་ཀྱི་དཔང་མི་སྣར་སྐྱིད་ངག་དབང་དོན་གྲུབ། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ། རང་དབང་རྩོམ་པ་པོ། སློབ་ཕྲུག དེ་བཞིན་ངྷ་སའི་སེར་སྐྱ་མང་ཚོགས་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་ ༣༠༠ ལྷག་འདུ་འཛོམས་བྱུང་ཡོད།
མཛད་སྒོའི་ཐོག་མར་ངྷ་ས་ས་གནས་བོད་རང་བཙན་སློབ་ཕྲུག་ཚོཊ་པའི་ཚོགས་གཙོ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས། རྒྱ་དམར་གྱི་བཙན་གནོན་འོག་བཞག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་ལ་ངོས་ལེན་རྩ་བ་ནས་མེད་སྐོར་དང་། ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པ་བརྟེན་ནས་བོད་རང་བཙན་ཤོར་ཡོད་ཚུལ། ༸གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་རང་བཙན་ཁྱབ་བསྒྲཊ་སྤེལ་ཏེ། མི་ལོ་བརྒྱ་ཙམ་འཁོར་བཞིན་བའི་སྔོན་འགྲོའི་དུས་དྲན་སྲུང་གཙི་དང་འབྲེལ། མ་འོངས་པར་རང་བཙན་སློབ་ཕྲུག་ཚོཊ་པས་འཛམ་གླིང་རྒྱལ་ཁབ་དང་ས་གནས་ ༡༠༠ ཙམ་ནང་། རང་བཙན་བསྒྲཊ་གཏམ་སྐོར་གྱི་ལས་འགུལ་སྣ་ཚོཊ་སྤེལ་རྒྱུ་ཡིན་སྐོར་ངོ་སྤྲོད་གནང་ཡོད།
བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་དཔལ་ལྡན་རྒྱ་མཚོ་ལགས་ཀྱིས། ༸གོང་ས་བཅུ་གསུམ་པ་མཆོག་གི་རང་བཙན་བསྒྲགས་གཏམ་གྱི་ཐང་ག་དབུ་འབྱེད་གནང་རྗེས། བོད་ནང་འདས་གྲོངས་སུ་ཕྱིན་པའི་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད། ཚོགས་ཞུཊ་པ་ཡོངས་ཀྱིས་དུས་ཡུན་སྐར་མ་གཅིག་རིང་ངག་བཅད་གནང་རྗེས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སོང་ལ། དེའི་རྗེས་ཚོགས་པ་ཁག་དང་། སློབ་ཕྲུག མི་མང་བཅས་ཀྱི་སྐུ་ཚབ་རྣམས་ཀྱིས་བོད་དབྱིན་གཉིས་ཐོག བོད་རྒྱལ་ལོ་ ༢༠༤༠ རབ་བྱུང་བཅོ་ལྔ་པའི་ཆུ་གླང་ཟླ་ ༡ ཚེས་ ༨ ཉིན། ༸གོང་ས་བཅུ་གསུམ་པ་མཆོག་གིས་ཡོངས་བསྒྲགས་གནང་བའི་རང་བཙན་བསྒྲཊ་གཏམ་ཀློག་འདོན་གནང་ཡོད།
མཛད་སྒོའི་སྟེང་བོད་བཙན་སློབ་ཕྲུག་ཚོཊ་པའི་ཚོགས་གཙོ་བསྟན་འཛིན་རྡོ་རྗེ་ལགས་ཀྱིས། ༸གོང་ས་བཅུ་གསུམ་པ་མཆོག་གིས་རྒྱ་འོག་ནས་རང་བཙན་བསྒྲཊ་གཏམ་སྤེལ་ཏེ། ལོ་ངོ་ ༡༠༠ ཙམ་འཁོར་བཞིན་པའི་སྔོན་འགྲོའི་དུས་དྲན་གྱི་གལ་གནད་སྐོར་ངོ་སྤྲོད་དང་། ལོ་རྗེས་མ་ནི་༸གོང་ས་བཅུ་གསུམ་པ་མཆོག་གིས་བོད་རང་བཙན་སླར་གསོའི་བསྒྲཊ་གཏམ་སྤེལ་ཏེ་མི་ལོ་ ༡༠༠ འཁོར་གྱི་ཡོད་སྟབས། ད་ལྟ་ནས་མགོ་བཙུགས་ཏེ་ ༢༠༡༣ ལོ་ཧྲིལ་པོ་དེ་དགའ་སྟོན་གྱི་ལོ་ཞིག་དང་ཁྱབ་བསྒྲགས་ཀྱི་ལོ་ཞིག་ལ་སྲུང་གཙི་ཞུ་རྒྱུ་ཡིན་སྐོར། ད་ལྟ་བོད་པ་ཚོར་རིག་གཞུང་རང་བཙན་དང་བསམ་བློ་རང་བཙན་གཉིས་ཀ་ཐོབ་ཡོད་སྟབས། ད་དུང་མུ་མཐུད་ནས་དཔལ་འབྱོར་རང་བཙན། མི་སྒེར་རང་བཙན། གྲོང་ཚོ་རང་བཙན། སྤྱི་ཚོགས་རང་བཙན་སོགས་གཞི་རིམ་གོམ་པ་རིམ་འཛེགས་ཀྱིོས་ལོ་རྒྱུས་ཀྱི་བདེན་པ་དངོས་རྩོད་དགོས་རྒྱུ་དང་། འཛམ་གླིང་ལོ་རྒྱུས་ཐོག་གི་དམར་ཤོག་ལོ་རྒྱུས་རིང་ཤོས་དེ་ལོ་ ༧༤ ཙམ་ལས་ཕྱིན་མེད་སྟབས། རྒྱ་ནག་དམར་གཞུང་འཐོར་བཤིག་ཏུ་འགྲོ་རྒྱུར་ལོ་བཅུ་གྲངས་ལྷག་མེད་པ་དང་། ད་ལྟ་རྒྱ་ནག་ནང་ཁུལ་དུ་རྩོད་རྙོག་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ང་ཚོ་རྐྱེན་དང་གོ་སྐབས་ལ་འཕྲད་རྒྱུའི་རྒྱུ་སྔོན་ལ་བསྒྲུབ་དགོས་ཚུལ་ནན་བརྗོད་གནང་སོང་།
མཇུག་ཏུ་མི་རབས་གཉིས་ཀྱི་དཔང་མི་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་དང་། སྤྱི་འཐུས་འབའ་བ་སྐལ་བཟང་དང་གསེར་རྟ་ཚུལ་ཁྲིམས། ཤར་གླིང་ཟླ་སྒྲོན། བཀྲས་མཐོང་ལྷ་སྒྲོན། བསྟན་འཛིན་བརྩོན་འགྲུས། གྲྭ་ཀ་ཉག་ཚེ་རིང་བཅས་ཀྱིས། འདས་པའི་ལོ་རྒྱུས་དང་ད་ལྟའི་སྤྱི་ཚོགས་གནས་བབ་ཐོག་བོད་རང་བཙན་གྱི་གལ་གནད་སྐོར་གཏམ་བཤད་སྤེལ་ཡོད།
བོད་རང་བཙན་སློབ་ཕྲུག་ཚོགས་པར་འཛམ་གླིང་རྒྱལ་ཁབ་ ༣༥ ནང་ཡན་ལག་ཚོགས་པ་ ༦༥༠ ལྷག་ཡོད་ཅིང་། ཚོགས་པ་དེར་རྒྱལ་ཁབ་དང་ས་གནས་འདྲ་མིན་ནང་མི་རིགས་དབྱེ་མེད་ཀྱི་ཚོགས་མི་ཁྲི་ཚོ་ལྷག་ཡོད་འདུག
(གནས་ཚུལ་རྒྱས་པ་ཚེས་ ༣༡ ཉིན་གྱི་དུས་བབ་ཚགས་ཤོག་ལ་གཟིགས།)
རིག་གཞུང་རང་བཙན་ཟེར་བ་དང་བསམ་བློ་རང་བཙན་ཟེར་བ་ནི་སྙན་ངག་གི་ཚིག་གཅིག་ཡིན་པས་དོན་མ་རྟོགས་པར་སྙན་འདོགས་མ་བྱེད། བསྟན་རྡོར་ལྟ་བུ་དོན་དོན་ཐོག་ཁ་ཞེ་གཉིས་མེད་རྩོད་མཁན་ཞིག་གིས་རང་དབང་མེད་པའི་བོད་ནང་གི་ལུང་པར་རང་དབང་ཡོད་ཅེས་དུས་ནམ་ཡང་བཤད་མི་སྲིད། བྱས་ཙང་། གནས་ཚུལ་རྟོགས་ནས་བསམ་འཆར་འདོན་རོགས།
བོད་ཀྱི་རིག་གནས་པ་ཟེར་བ་དེ་སུ་རེད། ཁོང་གིས་རྩོད་གཞི་གཏིང་ཟབ་ཅིག་གི་མ་གདན་བཏིངས་འདུག ད་ཡང་རྩོད་པའི་འགོ་བསླངས་འདུག
ཀྭ་ཡེ་བསྟན་རྡོར་ལགས། བསམ་བློ་རང་བཙན་དང་། རིག་གཞུང་རང་བཙན་ཐོབ་ཡོད་ན་ཁྱོད་ད་དུང་ཆབ་སྲིད་ཀྱིས་ལས་འགུལ་སྤེལ་དགོས་འདུག་གམ། མི་རིགས་ཆེན་པོ་ཞིག་གི་ཁྲིམས་མཐུན་དང་། ལག་ལེན་དངོས་ནང་ཕྱི་གསལ་ནང་གསལ་གྱིས་མི་རིགས་ཆུང་ངུ་དེའི་རིག་གཞུང་ཆ་ཚང་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུའི་དབང་ཚད་དམ་རང་དབང་ཆ་ཚང་ཡོད་ན་བོད་རྒྱ་མཉམ་གནས་ཡོང་རྒྱུར་དཀའ་ངལ་མེད་ལ་ངེད་ཚང་ནས་དེ་ལྷག་ཐུབ་རྒྱུ་མེད་པ་དངོས་ཡོད་གནས་ཚུལ་ཡིན། ཡིན་ནའང་ཁྱེད་ནས་བོད་པའི་རིག་གཞུང་ངོ་མ་ཅི་ཞིག་ཡིན་མིན་མི་ཤེས་པའི་རྒྱུ་མཚན་གི་སྐད་ཆ་དེ་ཐལ་བ་ཡིན་ངེས། ཁྱེད་ཚོའི་སེམས་ཤུགས་ལ་རྗེས་སུ་ཡིད་རང་ཡོད། ལྟ་བ་ལ་རྒྱབ་སྐྱོར་མེད་འདི་ནི་རྨི་ལམ་རང་རེད་ལ་དེང་སྐབས་དངོས་ཡོད་གནས་སྟངས་མི་མཐུན་ལ་རྒྱབ་སྐྱོར་ཡང་བྱ་མཁན་ལུང་པ་སུ་གཅིག་ཡོང་གི་མ་རེད་ལ་ང་ཚོས་ཡང་འཇོན་གྱི་མ་རེད་དའོ།།
འོ་དེ་རེད་དངོས་ལོ་ལ་ཐུག་དུས་རྒྱལ་ཁབ་འཚོང་མཁན་དེ་ཚོ་ཐབས་སྡུག་ནང་གི་ཡང་སྡུག་རེད། འོ་ན་བོད་འདི་དམར་པོ་བཙན་བཟུང་བྱེད་པ་འདི་ཁྲིམས་མཐུན་རེད་དམ།
ཡང་དག་རེད་དམ། ངོས་ལེན་ཡོད་དམ། ཁྱེ་ཀྱིས་དྲང་བདེན་དང་མཛུན་མ་གཉིས་ཀྱི་དབྱེ་མཚམས་ཅི་འདྲར་འཇོག་གི་ཡོད་དམ།
ད་དུང་ཁྱོད་ཀྱིས། ཕྱོགས་གཉིས་ཀྱི་མོས་མཐུན་ཡོད་པའི་རྩིས་མེད་གཏོང་སྟངས་དཔལ་ལྡན་མའོ་ཀྲུའུ་ཞིས་མཁྱེན་ན་མ་གཏོགས་སུས་ཀྱང་མི་ཤེས་ཟེར། མའོ་ཀྲུའུ་ཞིས་མཁྱེན་ན་མ་གཏོགས་སུས་ཀྱང་མི་ཤེས་པའི་ཁུངས་གཏུགས་རྒྱུ་ག་རེ་ཡོད་དམ། བྱས་ན་༧་གོང་ས་མཆོག་གིས་དོན་ཚན་བཅུ་བདུན་རྩིས་མེད་བཏང་བ་དེ་ནོར་བ་རེད་དམ། སྡིག་ཅན་ཤན་པ་ལག་དམར་མའོ་ལ། དཔལ་ལྡན་མའོ་ཟེར་སྟེ་གཙུག་ཏུ་བཀུར། ༧ གོང་ས་མཆོག་ལ་ཟུར་ཟ་བྱེད་ལུགས་ལ་ལྟོས་དང་། ཏང་གི་རྒྱུག་ཁྱི་སྐྱག་ཟན་དྭངས་མ་ཞིག་ཡིན་པ་རྟོགས་ཐུབ།
༥ དོན་ཚན་བཅུ་བདུན་འདི་ཕྱོགས་གཉིས་ནས་བཞག་ཀྱང། འདི་ལ་ཕྱོགས་གང་ཞིག་ཆིངས་དོན་དང་འགལ་ཚེ་རྩིས་མེད་བཏང་ཆོག་པའི་ཆིངས་ཡིག་སྤྱི་མཚུངས་ལྟར་གྱི་ཆ་རྐྱེན་དེ་བཀོད་མེད། ཕྱོགས་གཉིས་ཀྱི་མོས་མཐུན་ཡོད་པའི་རྩིས་མེད་གཏོང་སྟངས་དཔལ་ལྡན་མའོ་ཀྲུའུ་ཞིས་མཁྱེན་ན་མ་གཏོགས་སུས་ཀྱང་མི་ཤེས།
རིག་གཞུང་གིས་མི་བསྐྱེད་པ་རེད་པས། མིས་རིག་གཞུང་བསྐྱེད་པར་བྱས་པ་རེད། བོད་ཀྱི་རིག་གཞུང་འདི་རྒྱའི་རིག་གཞུང་ལས་ལོགས་སུ་ཡོད་ཙང་འདིས་ཀྱང་རང་བཙན་ཡིན་པ་གསལ་བསྟོན་བྱེད་ཀྱི་ཡོད་པ་རེད། བྱས་ཙང་ད་ཆ་བཙན་བྱོལ་མཚོན་ན་རིག་གཞུང་ལ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་རྒྱུའི་རང་དབང་གཙང་མ་ཡོད་ཙང་རིག་གཞུང་ལ་རང་བཙན་ཐོབ་ཡོད་ལབ་པ་ཡིན་རྒྱུ། བསམ་བློ་ལ་རང་བཙན་ལབ་དུས་ཁྱོད་ལྟ་བུ་རྒྱ་ཞེན་ཅན་ལ་ནམ་ཡང་བསམ་བློར་རང་བཙན་ཞིག་ཐོབ་རྒྱུ་མེད་ཁོ་ཐག་རེད། ནམ་ཡང་རྒྱ་ལ་གཞན་དབང་སྟབས་བསྟུན་མ་གཏོག་རང་ཉིད་ལ་བསམ་བློ་གཏོང་རྒྱུའི་རང་དབང་ཡང་མེད་ཙང་བསམ་བློར་རང་བཙན་ཞིག་གང་ན་ཡོད།
བྱས་ན་འཇིགས་བསྐུལ་རིང་ལུགས་པ་ཡང་ཁྲིམས་མཐུན་ཡིན་རྒྱུ་རེད་པ། ས་དབང་ང་ཕོད། ཧ་ཧ་ཧ། ས་དབང་སྒེར་འཛིན་པ་མ་རེད་པས། བོད་འདི་ཏཱ་ཡང་སྟོང་སྒམ་ལ་བཙོངས་པ་མ་རེད་པས།
དམངས་གཞས་སྙན་མོ་ཞིག་ཡོད་པ་རེད།
ང་ཕོད་ངར་ནས་ཕྱིན་སོང་། ལྷ་ས་བཙོངས་ནས་ལོག་བྱུང་།
དབྱིན་ཇིའི་པུ་གུས་བོད་དོན་བཤད་ན་འགྲིག་པ་རེད། ཁྱོད་བོད་ཀྱི་རིག་གནས་པས་རྒྱ་དོན་བཤད་དགོས་དོན་ཅི་རེད། དོན་མེད་མུ་ཅོར་མ་སྨྲ་ཨ། རང་སྐྱག་རང་གི་མཆོད་ཟེར་རྒྱུ་ཡིན།
བོད་ཀྱི་རིག་གནས་པ་རེད་མི་འདུག་རྒྱའི་རིག་གནས་པ་རེད་འདུག།
དོན་མཚན་བཅུ་བདུན་ཁྲིམས་མཐུན་ཡིན་ན་ཁྲིམས་བསྒྲིག་ལག་བསྟར་མི་བྱེད་པ་ཅི་རེད། དེས་ན་ཁྱོད་ཁྲིམས་མཐུན་འོག་ན་མི་སྡོད་པ་ཡིན་ཅིག་ཡུལ་བགྱར་བྱེད་དགོས་དོན་ཅི་རེད།
མི་རིགས་རྒྱ་མ་བོད། རྣམ་འགྱུར་ཡ་མ་བརླ། ཆ་ལུགས་ཡ་མ་ཟུང་ཟེར་ན་ཁྱོད་ལ་ཟེར་ལེ་རེད།
བོད་ཀྱི་རིག་གནས་ཕར་ཞོག ཀ་ཁའི་འབྲི་ཀློག་ཙམ་ཡང་མི་ཤེས་མཁན་བསྟན་རྡོར་དང་ལྷ་སྒྲོན་ལྟ་བུས་བོད་ཀྱི་རིག་གཞུང་རང་བཙན་ཐོབ་ཡོད་ཟེར་ན་དགོད་བྲོ་བ་ཞིག་མ་རེད་དམ། རིག་གཞུང་ལབ་ན་ག་རེ་རེད། དང་པོ་རིག་གཞུང་འགྲེལ་བཤད་རྒྱབ། དེ་ནས་དེས་བསྐྱེད་པའི་མི་རིགས་འགྲེལ་བཤད་རྒྱབ་སྟེ། རིག་གཞུང་རང་བཙན་ཐོབ་ཡོད་མེད་གསུངས་དགོས་ཀྱང། ཁུངས་མེད་ལུང་མེད་ཀྱི་འཆལ་གཏམ་འདི་རིགས། ཨིན་ཇིའི་བུ་གུའི་ཁ་ནས་ཐོན་པར་ངེད་རང་ཤིན་ཏུ་གད་མོ་ཤོར། བོད་ལ་རིག་གཞུང་རང་བཙན་ཐོབ་ཡོད་ན། བོད་ཀྱི་རིག་གཞུང་གིས་བོད་མི་རིགས་སྐྱོབ་མ་ཐུབ་པ་ག་རེད། བསམ་བློའི་རང་བཙན་ཟེར་བ་ནི་ང་བོད་པ་ཡིན་ཟེར་བ་ཙམ་དང། ཚོར་བའི་རྗེས་སུ་འབྲངས་པའི་ལས་མེད་རུ་ཁག་གི་ལས་སྣེ་ཚོར་བཤད་ཀྱི་ཡོད་པ་རེད་པས།
དོན་ཚན་བཅུ་བདུན་ཁྲིམས་མཐུན་རེད།
དེ་རིང་སང་ཉིན་ལས་མེད་རུ་ཁག་གིས་ངའི་སྒེའུ་ཁུངས་ཕྱི་རོལ་ནས་དོན་ཚན་བཅུ་བདུན་ཟེར་བའི་མུ་ཅོར་གནམ་མཁར་བསྒྲགས། དྲན་པ་རྟིང་བརྗེད་དུ་གྱུར་ཟིན་པའི་གྲོས་མཐུན་དེ་ཡིད་ལ་འཁོར་དུ་བཅུགས། རྒྱུད་ལམ་གྱི་ཚོང་པ་ཚོས་ཀྱང་དོན་ཚན་བཅུ་བདུན་གྱི་རུས་པ་མུར་བཞིན་གདོང་པ་འཛུམ་གྱིས་ཁེངས། ང་ཉོབ་སོང། མི་ལ་ཉོབ་སོང། འགོ་མི་འཚོས་ནའང་ཆེན་པོ་ཞིག་བྱེད་རྒྱུ་ཡིན་ཟེར་མཁན་ཚོར་ཉོབ་སྟེ། ཉན་འཇོག་ལྟེབས་ཚགས་རྒྱབ། ཡིན་ནའང་དེས་ཀྱང་ང་གཅིག་པུའི་ཉན་འཇོག་ལྟེབས་པ་འདྲ་བས་ག་ལ་འགྲིག ངས་སླར་ཡང་རང་ཉིད་དམིགས་བསལ་གྱིས་མཁས་པའི་དོན་ཚན་བཅུ་བདུན་དེ་མིང་གསར་པ་ཞིག་འདོག་ན་འདོད་བྱུང། མིང་ལ་ཁྲིམས་མཐུན་དོན་ཚན་བཅུ་བདུན་ཟེར།
དེ་ནི་དེང་གི་ལོ་རྒྱུས་སྨྲ་མདོག་སྟོན་མཁན་དང་ལས་མེད་རུ་ཁག་ཚོའི་ཁའི་ནང་དུ་གཟས་ནས་འཕྲེད་ཀྱིས་བཞག་པ་ཞིག་ཡིན་པ་ལས། གཞན་དུ་རྒྱུ་མཚན་གང་ཡང་མེད། ཡོད་དགོས་དོན་ཀྱང་མི་འདུག་སྟེ། དོན་ཚན་བཅུ་བདུན་གནའ་སྔ་མོ་ཞིག་ནས་རྩིས་མེད་བཏང་ཟིན་པ་རེད། རྩིས་མེད་བཏང་ཚར་བ་ཞིག་ཡང་སེ་དྲན་པ་བསླངས་ནས། རྩིས་མེད་བཏང་བ་དེར་ནུས་བ་མ་ཐོན་པ་ལྟ་བུའམ། ཡང་ན་རྩིས་མེད་གཏོང་མཁན་ལས་མེད་རུ་ཁག་ཡིན་པ་ལྟ་བུའི་བྱེད་སྟངས་འདི་འདྲ་ཐོན་པས། ངས་བསམ་གཟས་ནས་དོན་ཚན་བཅུ་བདུན་འདི་ཁྲིམས་མཐུན་རེད་ཟེར་གྱི་ཡིན་ལ། རྒྱུ་མཚན་ཡང་འདྲེན་རྒྱུ་ཡིན། མཁས་པ་ཚོའི་གུ་ཡངས་པོའི་ཐོག་ང་དང་མཉམ་དུ་བགྲོ་གླེང་གནང་རོགས།
༡ དོན་ཚན་བཅུ་བདུན་བཙན་འོག་ནས་བཞག་པས་ཆིངས་ཡིག་ཡིན་སྟབས་ཁྲིམས་མཐུན་མིན་ཟེར་ན། བཙན་འོག་ནས་བཞག་པའི་ཆིངས་ཡིག་ཁྲིམས་མཐུན་མིན་ཟེར་བའི་ཁྲིམས་ཀྱི་གཞི་འཛིན་ས་གང་ཡིན་ནམ། བཙན་འོག་ནས་བཞག་པའི་ཆིངས་ཡིག་ཁྲིམས་མཐུན་མིན་ཟེར་བའི་རྒྱལ་སྤྱིར་ཁྱབ་པའི་ཁྲིམས་ཡིག་ཅིག་གནམ་འོག་ན་མི་འདུག
༢ དོན་ཚན་བཅུ་བདུན་འཇོག་དགོས་པའི་གྲོས་འགོ་འདོན་མཁན་ས་དབང་ང་ཕོད་ངོ་ལས ༢༦ ཡིན་ཞིང། ཁོང་ཚོ་དང་མཉམ་དུ་གྲོས་མ་མཐུན་ཡང། ཝང་ཆི་མིན་ལྷ་སར་འགྲོ་རྒྱུར་སྐུལ་མ་བྱས་འདུག
༣ བཀའ་ཤག་གིས་མངགས་པའི་སྐུ་ཚབ་གཉིས་ལ་དབང་ཚད་བཀའ་ཡིག་ཕྱི་ནང་གཉིས་སྤྲད་པའི་ནང་མའི་ནང། རང་བཙན་མ་གཏོང་མཐུ་མེད་བྱུང་ན་བཅིངས་འགྲོལ་དམག་བོད་དུ་འཇོག་རྒྱུར་མོས་མཐུན་གནང་མི་ཆོག་ཅེས་བཀོད་འདུག བཀོད་པ་བཞིན་ང་ཕོད་འཁོར་བཅས་ཀྱིས་ལས་དོན་འགྲུབ་ཡོད་པ་རེད། དམག་སྲིད་ཨུ་ཡོན་ལྷན་ཁང་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དུ་བསྒྱུར་བ་རེད།
༤ དོན་ཚན་བཅུ་བདུན་བཞག་ནས་ལོ་མང་པོའི་རིང་འབྲུ་དོན་བཞིན་འགྲོ་ཐབས་བྱས་པ་དེས་ཀྱང་ལོ་བརྒྱད་ཀྱི་ནང་ཁྲིམས་མཐུན་ཆགས་ཚར་བ་སྟོན་ཐུབ།
༥ དོན་ཚན་བཅུ་བདུན་འདི་ཕྱོགས་གཉིས་ནས་བཞག་ཀྱང། འདི་ལ་ཕྱོགས་གང་ཞིག་ཆིངས་དོན་དང་འགལ་ཚེ་རྩིས་མེད་བཏང་ཆོག་པའི་ཆིངས་ཡིག་སྤྱི་མཚུངས་ལྟར་གྱི་ཆ་རྐྱེན་དེ་བཀོད་མེད། ཕྱོགས་གཉིས་ཀྱི་མོས་མཐུན་ཡོད་པའི་རྩིས་མེད་གཏོང་སྟངས་དཔལ་ལྡན་མའོ་ཀྲུའུ་ཞིས་མཁྱེན་ན་མ་གཏོགས་སུས་ཀྱང་མི་ཤེས།
༦ དོན་ཚན་བཅུ་བདུན་གྱི་ཟུར་རྒྱན་རྣམས་བོད་གཞུང་གི་སྐུ་ཚབ་ཚོར་རེག་སོན་མ་བྱུང་བ་དེས་ཀྱང་ཁྲིམས་མཐུན་ཡིན་པ། མོས་པ་རྩེ་གཅིག་ཏུ་ཡོད་པ། ཧ་ཅང་ལས་སླ་བོའི་ཐོག་བཞག་པའི་ཆིངས་ཡིག་ཡིན་པ་མཚོན་པས་བཙན་དབང་གི་ཆ་བཙལ་ནས་རྙེད་དུ་མེད།
རྒྱུ་མཚན་ཆེན་པོ་བཞི་འདིའི་འགག་རྩ་གཏོར་བ་ཡིན་ན། ད་གཟོད་ལས་མེད་རུ་ཁག་གིས་ལས་ཀ་བཙལ་བར་ངས་ཡག་བྱུང་ཟེར་རྒྱུ་ཡིན། དེ་མིན་སྐད་ཅོར་མ་རྒྱག་ཅེས་ཀྱག་ཀྱག་བྱས་པ་ཡིན།
བོད་རང་དབང་སློབ་ཕྲུག་ཚོགས་པ་འདི་དངོས་གནས་མང་དོན་ལྡན་པ་ཞིག་ཏུ་མཐོང་གི་ཡོད། ཁོང་ཚོའི་ལས་འགུལ་གྱི་ཁ་ཕྱོགས་ཚང་མ་གུང་ཁྲན་དམར་གཞུང་ལ་གཏོད་པ་ལས་ནང་ཁུལ་དུ་ཟུར་ཟ་དང་སྐྱོན་བརྗོད་དེ་འདྲ་དེ་སྔ་མཐོང་མ་སོང་། གཞི་རྩའི་ལྟ་བ་འཛིན་ཕྱོགས་གཞོན་ལྷན་དང་གཅིག་མཚུངས་བོད་རང་བཙན་རྩོད་ལེན་གནང་མཁན་ཞིག་ཡིན་ཡང་། མི་འདྲ་ས་ཞིག་ལ། གཞོན་ལྷན་གྱིས་མི་མང་ལ་བརྡབ་གསིག་དང་། ནང་ཁུལ་དུ་ཟུར་ཟ་དང་རྩོད་རྙོག་ཤུགས་ཆེན་པོ་སློང་གིན་འདུག།།འདི་ཡང་ཤེས་ཡོན་གྱིས་ཕོངས་ཤིང་སྙིང་རྩ་ལྕགས་ལས་མཁྲེགས་པའི་འགོ་འཛིན་པ་ཁ་ཤས་ཀྱི་བྱས་ཉེས་སུ་སྣང་།
དེ་ལས་ལྡོག་ཏེ་སློབ་ཕྲུག་ཚོགས་པ་འདི་དེང་དུས་ཀྱི་ཤེས་ཡོན་གྱིས་ཕྱུག་ལ། རྒྱལ་སྤྱིའི་འགྲོ་ལུགས་ཤེས་པ། ལས་འགུལ་སྤེལ་ལུགས་ཤེས་པ། ནང་ཁུལ་མཐུན་ལམ་ཤེས་པ་ཞིག་རེད། དགའ་བསུ་དང་རྒྱབ་སྐྱོར་ཡོད།
འོན་ཀྱང་རྡ་ས་ས་གནས་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་གཏམ་བཤད་ནང་་་ཆིངས་ཡིག་དོན་ཚན་བཅུ་བདུན་བཞག་པ་བརྟེན་ནས་བོད་རང་བཙན་ཤོར་ཡོད་ཚུལ་་་་བཤད་པ་འདི་ལ་ཞིབ་འཇུག་གནང་རོགས།
ངས་ག་དུས་ཡིན་ན་ཡང་། བསྟན་འཛིན་རྡོ་རྗེ་ལགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ཁོང་གིས་གསུང་པའི་སྐད་ཆ་རེ་རེའི་རྒྱབ་ལྗོངས་ལ་བསམ་བློ་གཏང་དུས་ངས་ལས་དོན་གྱི་ཁ་ཕྱོགས་གསར་པ་རེ་མཐོང་གི་འདུག དེ་ཙམ་མ་ཟད་ཁོང་གི་་གུ་ཡང་གི་བསམ་བློ་དང་སྣང་མེད་ཀྱི་སྐད་ཆ་དེའི་ཁྲོད་ན་བོད་མི་ས་ཡ་དྲུག་གི་བདེ་སྡུག་དང་། མདུན་ལམ་གསལ་གྱི་འདུག དེ་ཡང་མི་རབས་གསར་བའི་རླབས་ཆེན་གྱི་བྱ་བཞག་ཡིན་པར་ཚང་མས་ངོས་འཛིན་གསལ་བོ་ཐོབ་དགོས་པ་གལ་ཆེན་པོ་ཡིན་པར་སེམས་བཞིན་ཡོད།
ཁ་སང་དེ་རིང་གི་རྡ་རམ་ས་ལ་འདི་དངོས་འགྲན་བསྡུར་དག་དག་གི་ནང་དུ་འདུག།
དཔེར་ན། གངས་སྐྱིད་དཀྱིད་གཞུང་ན་ལས་ཀྱིས་སྣེ་མོ་བ་དག་ལག་རྩལ་སྤོ་ལོ་འགྲན་བསྡུར་བྱེད་ཀྱིན་འདུག་ལ། ད་དུང་བོད་ཕྲུག་ཁྱིམ་སྡེ་ནས་རྒྱལ་ཡུམ་ཆེན་མོ་རྗེས་དྲན་རྐང་སྤོ་འགྲན་བསྡུར་མགོ་འཛུགས་ལ་ཉེ།
དེ་གཉིས་ངའི་ཞཽར་ལ་ཅིག་བཤད་པ་ཡིན།
ཡིན་ཡང་དེ་གཉིས་ལས་ལྷག་པའི་འགྲན་རྩོད་ནི་གཞཽན་ནུ་དང་སློབ་ཕྲུག་ཚོགས་པ་གཉིས་རེད། གཅིག་གིས་ཁ་སང་གྲོས་མཐུན་དོན་ཚུན་བཅུ་བདུན་ལ་ངོས་ལེན་མེད་པར་གསལ་བསྒྲགས་བྱས་བ་དང་དེ་རིང་བོད་རང་དབང་སློབ་ཕྲུག་ཚོགས་པའི་བོད་ལ་བསམ་བློ་རང་བཙན་དང་རིག་གཞུང་རང་བཙན་ཐོབ་ཡོད་ཟེར།།
དངོས་གནས་བཤད་ན་དེང་སངས་ཚོགས་པ་འདི་དག་ཁོམ་ནས་ལས་རྒྱུ་མེད་ས་རེད། གལ་སྲིད་ང་ཚོས་གྲོས་མཐུན་དོན་ཚུན་བཅུ་བདུན་ལ་ངོས་ལེན་དང་རིག་གཞུང་དང་བསམ་བློ་རང་དབང་ཡོད་ན་ད་ང་ཚོས་དཀའ་བ་གྲངས་མེད་མྱོང་ནས་རྒྱ་གར་ལོངས་པ་ག་རེ་བྱེད་དུ་ཡོངས་ངམ། གལ་སྲིད་ང་ཚོས་ལ་བསམ་བློ་རང་དབང་དང་རིག་གཞུང་རང་བཙན་ཡོད་ན་ག་རེ་བྱས་ནས་རང་ལུས་རིན་པོ་ཆེ་དེ་མེ་རུ་སྒྲོན་དགོས། ཚོགས་པ་འདི་ཚོ་ལས་རྒྱུ་མེད་བཏང་ན་ད་ཅི་བཤད་འདི་བཤད་ཅིག་མི་འདུག།
གལ་སྲིད་ང་ཚོ་ལ་རིག་གཞུང་རང་བཙན་ཡོད་ན་བཙན་བྱོལ་དུ་ཡོད་པའི་ཁྱོད་དང་ཁྱོད་ལྟ་བུ་ཁ་མ་འཁོར་ཏེ་སྐད་ཆ་ར་མ་ལུག་འདྲ་བོ་བཤད་དུས་ཁྱོད་ཀྱིས་ཁ་སེམས་གཉིས་ལ་གཟའ་རྒྱབ་བཏང་ནི་མིན་ན། ང་ཚོ་རིག་གཞུང་རང་བཙན་ཡོད་ན་དེང་སང་གི་གཞོན་སྐྱེས་ཚོས་ཀླད་པ་ནང་ལ་ཞག་བླུགས་བཏང་ནི་མིན་ན།བོད་ཡིག་གཙང་མ་ཞིག་ཕར་བཞག་ཞཽག་བོད་སྐད་དག་མ་ཞིག་ཀྱང་བཤད་མི་ཤེས་བ་ག་རེ་བྱས་བ་རེད
ཡག་པོ་རེད། མི་མཐུད་དུ་འཐབ་རྩོད་ཀྱི་ལས་འགུལ་གང་མང་སྤེལ་དགོས། འོན་ཀྱང་ལྷག་དཀར་སྲུང་རྩིས་གནང་མཁན་གྱི་ཚོགས་པ་རང་ཉིད་ཀྱི་ཚོགས་མི་རེ་ཟུང་ནས་བོད་ཆས་གྱོན་མི་འདུག་བས་ད་ག་འདྲ་བྱས་ནས་གཞན་ལ་སྐད་ཆ་བཤད། ཧ་ཧ་ཧ་ངོ་ཚ་རེད།
བོད་ལ་རིག་གཞུང་རང་བཙན་དང་བསམ་བློ་རང་བཙན་གཉིས་ཐོབ་ཡོད་ཟེར་དོན་ཅི་རེད། དོན་གཞན་ཞིག་འགྲེལ་རྒྱུ་ཡོད་ན་མ་གཏོགས། དོན་དངོས་སུ་བོད་ལ་རངབཙན་ཕར་ཞོག་རང་དབང་གང་ཡང་མེད།
བོད་ལ་རིག་གཞུང་རང་བཙན་དང་བསམ་བློ་རང་བཙན་གཉིས་ཐོབ་ཡོད། ཟེར་དོན་གང་མགྱོགས་སུ་འགྲེལ་བཤད་གནང་རོགས་ཞུའོ།། གལ་སྲིད་འགྲེལ་བཤད་མེད་ན་རྒྱ་དམར་ཀྱི་ལས་དོན་སྒྲུབ་ཀྱི་ཡོད་པར་ཐེ་ཚོམ་ཟ་ཡུལ་འགྱུར་ཉེན་ཆེའོ།། ལྷན་རྒྱས་རྣམ་པ་ལགས།།
ད་ལྟར་བོད་པ་ཚོར་བསམ་བློ་རང་བཙན་དང་། རིག་གཞུང་རང་བཙན་ཐོབ་ཡོད་ན། བོད་རང་དབང་སློབ་ཕྲུག་ཚོགས་པས་གོང་གསལ་ལས་ལྷག་པའི་རང་དབང་ག་རེ་རྩོད་ཀྱིན་ཡོད་དམ།།།།
((ད་ལྟ་བོད་པ་ཚོར་རིག་གཞུང་རང་བཙན་དང་བསམ་བློ་རང་བཙན་གཉིས་ཀ་ཐོབ་ཡོད་སྟབས། ))
གོང་གི་ཚིག་དུམ་དེ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་བསྟན་རྡོར་གྱི་སྐད་ཆ་རེད། ཁྱེད་ལ་རིག་གཞུང་དང་བསམ་བློ་རང་བཙན་ཨ་རིས་སྤྲད་པ་རེད་དམ།
དེ་མིན་བོད་ནང་དུ། བོད་པ་གུང་ཁྲན་ཏང་ཡོན་དང་ལས་བྱེད་ལ་མ་ཟད། བོད་པ་སུ་ཞིག་གིས་ཀྱང་མི་རིགས་ཁ་བྲལ་དང་རྒྱབ་འགལ་གྱི་བསམ་བློ་ཙམ་བཏང་མ་ཡང་། ཆེས་ཚབ་ཆེའི་ནོར་འཁྲུལ་དུ་བརྩི་གི་ཡོད། དེ་བསམ་བློ་རང་བཙན་རེད་དམ།
བོད་ནང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཐད། ཤུགས་ཆེའི་བཀག་འགོག་ཡོད་པ་དང་། གཞན་ཡང་བོད་ཀྱི་ཡུལ་སྲོལ་གོམས་གཤིས་འགའ་རེ། བོད་མི་རིགས་རང་བཙན་པའི་ངོ་བོར་བསྙད་དེ་བརྟན་འགོག་བྱེད་ཀྱི་ཡོད། དེ་ཚོ་རིག་གཞུང་རང་བཙན་རེད་དམ།
གཅིག་བྱས་ན་ཁྱེད་ལ་ཕྱི་རྒྱལ་བ་ཞིག་གི་སློབ་ཁྲིད་འོག་སྐད་ཆ་ནོར་འཁྲུལ་ཅན་དེ་རིགས་བཤད་པ་རེད། ཡང་མིན་ན་མ་ཤེས་པར་རྨོངས་བཤད་བྱས་པ་རེད།
གང་ལྟར་ཡང་ང་ཚོ་གཡང་ཁར་མ་བསྐྱུར་རོགས།
༄་། གངས་རི་ཇོ་མོ་གླང་མའི་དཔའ་རྒོད་ཁྱེད་རྣམས་ད་འཐབ་པ་དང་། རྩོད་པའི་དུས་ལ་བབས་ཡོད་པས་བཀྲིན་ཆེ་དུས་དྲན་འདི་འདྲ་ཞིག་སྲུང་རྩི་ཞུས་པ་དང་། དེ་ཡང་འཆར་གཞི་ལྡན་པའི་ངང་བྱེད་ཐུབ་པ་ནི་ཧ་ཅང་གི་གཟི་བརྗིད་རེད། མི་ཁྱེད་ཚོར་འདབ་ཤོག་གཉིས་ལྡན་ཡིན་པས་དགྲ་རྒྱ་དམར་སླར་ཡང་དྲན་པ་ཐོར་ནས་རིལ་འགྲོ་བ་ཞིག་གཏན་གཏན་ཡོང་ངེས་རེད།