དེ་རིང་ངྷ་ས་གཞོན་ལྷན་ཚོཊ་ཁང་དུ་བོད་རྒྱལ་ཡོངས་མང་གཙོ་ཚོཊ་པའི་ཚོཊ་ཆེན་ཐེངས་ ༦ པ་ཚོགས་ཏེ། གྲོས་གཞི་དོན་ཚན་༩ ལ་གྲོས་བསྡུར་དང་རྒྱུན་ལས་ཁག་གསར་འདེམས་གནང་རྒྱུ་ཡིན་པ་མ་ཟད། སྐབས་དེར་རྒྱུན་ལས་ཟུར་པ་ཁག་ཅིག་ལ་ཆེ་བསྟོད་གཟེངས་རྟགས་ཀྱང་ཕུལ་ཡོད།
བོད་རྒྱལ་ཡོངས་མང་གཙོ་ཚོཊ་པའི་ཚོགས་ཆེན་ཐེངས་ ༦ པ་དེ། དེ་རིང་ཕྱི་ཚེས་ ༢༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩ དང་ཕྱེད་ཀའི་སྟེང་། བཞུགས་སྒར་ངྷ་ས་གཞོན་ལྷན་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་ཟུར་ཀིརྟི་རིན་པོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོའི་ལས་ཚབ་སྤེན་པ་ཚེ་རིང་ལགས་རྣམ་གཉིས་གཙོས། སྤྱི་འཐུས་རྒྱུན་ལས་ཁག་ཅིག་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་རྒྱལ་ཡོངས་མང་གཙོ་ཚོགས་པའི་ས་གནས་ཡན་ལག་ཚོགས་མི་བཅས་ཁྱོན་མི་༧༠ ལྷག་འདུ་འཛོམས་བྱུང་ཡོད།
ཐེངས་འདིའི་ཚོགས་ཆེན་དེ་ཕྱི་ཚེས་ ༢༥ ནས་ ༢༧ ཉིན་བར་དུས་ཡུན་ཉིན་གསུམ་རིང་འཚོགས་འཆར་ཡོད་པ་དང་། ཚོགས་འདུའི་སྐབས་གྲོས་གཞི་དོན་ཚན་ ༩ ལ་གྲོས་བསྡུར་གྱིས་ཉིན་མཐའ་མར་གྲོས་ཆོད་འཇོག་རྒྱུ་ཡིན་པ་མ་ཟད། སྐབས་དེར་རྒྱུན་ལས་ཁག་གསར་འདེམས་གནང་རྒྱུ་ཡིན་འདུག མཛད་སྒོའི་སྟེང་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་མང་གཙོ་ཚོགས་པའི་རྒྱུན་ལས་ཟུར་པ་ཁག་ཅིག་ལ་ཆེ་བསྟོད་གཟེངས་རྟགས་བསྩལ་སོང་།
མཛད་སྒོའི་སྟེང་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོཊ་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་ལས་སྡོམ་ངོ་སྤྲོད་གནང་དོན་ལྟར་ན། ༢༠༠༩ ལོའི་ ༢ ཚེས་ ༡༨ ཉིན་ཚོགས་པ་དེ་༼མང་གཙོའི་གོ་རྟོགས་ལས་འགུལ་ཁང་༽གི་མཚན་ཐོག་ནས་ས་གནས་ (Under society Act,2006) ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་པ་དང་། ཚོགས་པ་དེས་སྔ་རྗེས་སུ་ལས་ཁུངས་གསར་རྒྱག་ཆེད་རོཊ་ཚོགས་བརྒྱུད་ཧིན་སྒོར་འབུམ་ ༡༤ འཚོལ་བསྒྲུབ་དང་། སློབ་ཕྲུག་ལ་ཟབ་སྦྱོང་། ཡུ་རོབ་མཐུན་ཚོགས་ནང་བོད་དོན་གཏམ་བཤད་བཅས་སྤེལ་ཡོད་འདུག
༢༠༡༡ ལོའི་བཀའ་སྤྱིའི་འོས་འདེམས་ཆེན་མོའི་སྐབས། མང་གཙོ་ཚོགས་པའི་རྒྱུན་ལས་ཁག་གིས་རྒྱ་བལ་འབྲུག་གསུམ་གྱི་གཞིས་ཆགས་ཁག ༢༧ དང་། ཡུ་རོབ་རྒྱལ་ཁབ་ ༥ ནང་མང་ཚོགས་ལ་བཀའ་སྤྱིའི་འོས་བསྡུའི་གལ་གནད་སྐོར་གོ་རྟོགས་སྤེལ་ཡོད་ཚུལ་དང་། འོས་འགྲན་སྐབས་མང་གཙོ་ཚོགས་པས་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་དང་། བློ་བཟང་སེང་གེ་རྣམ་གཉིས་བཀའ་ཁྲིའི་འོས་མིར་བདམས་པའི་ཁྲོད་བློ་སེང་ལ་མཐའ་མའི་འོས་ཤོག་ཐོབ་ཡོད་པ་དང་། སྤྱི་འཐུས་འོས་མི་ ༡༨ བཏོན་པའི་ཁྲོད་མི་ ༡༢ ལ་འོས་ཐོབ་པ་དེ་གྲུབ་འབྲས་ཆེན་པོ་ཡིན་སྐོར་ངོ་སྤྲོད་དང་སྦྲགས། “ རྒྱལ་ཡོངས་མང་གཙོ་ཚོཊ་པ་གསར་འཛུཊ་གནང་སྐབས་༸གོང་ས་མཆོག་གིས་མ་འོངས་པར་བོད་འདི་མང་གཙོ་མཚན་ཉིད་ཚང་བ་ཞིག་ཡོང་དགོས་ན། སྲིད་དོན་ཚོགས་པ་འདྲ་མིན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་ལྟར། མང་གཙོ་ཚོགས་པའི་དམིཊ་ཡུལ་བཙན་བྱོལ་བོད་གཞུང་ཆབ་སྲིད་ཚོཊ་པའི་ལམ་ལུཊ་ལྡན་པ་དང་། གྲོས་ཚོཊ་གོང་འོག་ཡོད་པ་བཟོ་རྒྱུ་དེ་ཡིན་ནའང་། ད་བར་ལམ་ལུཊ་དེ་འདྲ་ཞིག་འཛུཊ་མ་ཐུབ་པ་ནི། ཕྱི་རྐྱེན་ལས་ཀྱང་ནང་རྐྱེན་ཆགས་ཡོད་ལ། དེ་ནི་གཞི་རིམ་མང་ཚོགས་བཀག་འགོག་བྱས་པ་མིན་པར། ལས་ཀྱི་སྣེ་མོར་གཏོགས་པའི་མཐོ་རིམ་མགོ་ཁྲིད་ལས་བྱེད་ཁ་ཤས་ཀྱི་བྱེད་སྟངས་ཀྱི་རྐྱེན་པས་ཡིན ” ཞེས་བརྗོད་སོང་།
སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དེ་ཆོལ་ཁ་རིས་མེད་དང་ཆོས་ལུགས་རིས་མེད། རྒན་གཞོན་དབྱེར་མེད་ཀྱིས་གྲུབ་པའི་སྲིད་དོན་ཚོགས་པའི་ངོ་བོར་གནས་ཡོད་པར་བསྔགས་བརྗོད་དང་འབྲེལ། “ ཁོང་ནི་ཐོག་མར་སྲིད་དོན་ཚོགས་པ་མི་དགོས་ཟེར་མཁན་གྲས་ཡིན་རུང་། ༸གོང་ས་མཆོག་གིས་ཆབ་སྲིད་འགན་དབང་མང་ཚོགས་ལ་རྩིས་སྤྲོད་གནང་རྗེས། བོད་གཞུང་ཡུན་རིང་གནས་ཆེད་སྲིད་དོན་ཚོགས་པ་དང་གྲོས་ཚོཊ་གོང་འོག་འཛུཊ་རྒྱུར་གལ་ཆེར་བརྩི་བཞིན་ཡོད ” ཅེས་གསུངས་ཏེ། རྒྱལ་ཡོངས་མང་གཙོ་ཚོགས་པ་སྲིད་དོན་ཚོགས་པ་ཚད་ལྡན་ཞིག་ཆགས་ཐབས་དང་། བོད་གཞུང་གིས་ངོས་ལེན་འཐོབ་ཐབས་སུ་ཚོགས་མི་རྒྱ་སྐྱེད་དང་ལས་དོན་ཡས་རྒྱས་གཏོང་དགོས་སྐོར་དང་། ལོ་རྗེས་མ་ནི་༸གོང་ས་བཅུ་གསུམ་པ་ཆེན་པོས་བོད་རང་བཙན་ཁྱབ་བསྒྲཊ་གནང་སྟེ་ལོ་ ༡༠༠ འཁོར་བའི་དུས་ལ་འཁེལ་ཡོད་སྟབས། མང་གཙོ་ཚོགས་པའི་ངོས་ནས་བོད་རིཊ་གཞོན་སྐྱེས་ཚོར་བོད་རང་བཙན་ཡིན་ལབ་པ་ཙམ་མིན་པར། སྒྲུབ་བྱེད་དང་ཁུངས་སྐྱེལ་ཐོག་རང་བཙན་གཙང་མ་ཡིན་པ་གསལ་པོ་བཟོ་དགོས་ཚུལ་ནན་བརྗོད་གནང་བ་མ་ཟད། སྐད་ཡིག་སྲུང་སྐྱོབ་ཐོག་དེང་སྐབས་ཕྱི་རྒྱལ་ཁག་དང་བལ་ཡུལ། རྡོར་གླིང་བཅས་སུ་བོད་མིའི་ཁྱིམ་ཚང་ཁག་ཏུ་ཡུལ་སྐད་བེད་སྤྱོད་བཏང་སྟེ་རང་གི་ཕ་སྐད་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད་པ་དང་། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་བོད་མི་ཚོས་སོ་སོའི་ཁྱིམ་ཚང་ནང་བོད་སྐད་བེད་སྤྱོད་གཏོང་དགོས་པའི་འབོད་སྐུལ་གནང་སོང་།
མཇུག་ཏུ་དམིགས་བསལ་སྐུ་མགྲོན་གཞོན་ལྷན་ཚོགས་གཙོའི་ལས་ཚབ་སྤེན་པ་ཚེ་རིང་ལགས་ཀྱིས། རྒྱལ་ཡོངས་མང་གཙོ་ཚོགས་པ་བོད་གཞུང་གིས་ངོས་ལེན་གནང་ཐབས་དང་། སྐབས་སྔོན་མའི་གྲོས་ཆོད་ལྟར་ཐེངས་འདིའི་རྒྱུན་ལས་གསར་འདེམས་སྐབས་ཚོགས་གཙོར་མ་མཐའི་ཆ་རྐྱེན་ས་གནས་གཞོན་ནུའི་རྒྱུན་ལས་གནང་མྱོང་མཁན་ཞིག་བསྐོ་དགོས་པའི་འབོད་སྐུལ་བཅས་ཞུས་ཡོད།
བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་ནི། ༡༩༩༤ ལོར་གསར་འཛུགས་བྱས་པའི་བཙན་བྱོལ་བོད་མིའི་སྲིད་དོན་ཚོགས་པ་ཞིག་ཡིན་ཞིང་། ད་ཆར་ཚོགས་པ་འདིར་ཡན་ལག་ཚོགས་པ་ཁག་ ༤༠ དང་ཚོགས་མི་ ༤༠༠༠ ལྷག་ཡོད་འདུག
ཚོགས་པ་འདི་ཀརྨ་ཆོས་འཕེལ་གྱིས་བཙུགས་པ་ཡིན་ཙང།་བོད་གཞུང་དང་༧རྒྱལ་བ་རིན་པོ་ཆེར་རང་བཞིན་གྱིས་དམ་ཚིག་ལོག་རྒྱུ་ནི་ཐེ་མི་ཚོམ་པས། ག་རེ་བྱས་ཀྱང་ཁྱད་པར་ཡོད་པ་མ་རེད། བྱུང་ན། གཞིས་ཆགས་མི་མང་ཕྱི་རྒྱལ་མགོ་སེར་ཚོའི་པེད་ཤག་བསྡུ་རྒྱུ་ཉུང་ཉུང་བྱ་རོགས། དེ་མིན་ནམ་ཞིག་རྐུབ་བརྡོལ་ན་པེ་ཟགས་རེད།
གྲོས་ཚོགས་སྤུས་ལེགས་སུ་གཏོང་དགོས་ངེས་རེད། སྔོན་མ་ཙམ་མ་ཡིན་པར་ད་ལྟའི་གྲོས་ཚོགས་ཀྱི་སྤུས་ཀ་འང་ཧཅང་ཞེན་པས། བཅོས་སྒྱུར་ཅིག་གཏོང་དགོས་པ་འཕྱི་ཚོད་རེད། འཛིན་སྐྱོང་ལ་རྙོག་དྲ་བཤད་གང་ཐུབ་ལས། གཞོགས་འདེགས་ཤིག་གནང་མྱོང་མེད་ཚོད་རེད་ཅེས་ན་ཡང། ཧམ་པ་མི་ཆགས་པ་འདྲ།