ཁ་སང་གཟའ་ཉི་མའི་ཉིན་ལྷ་སའི་ཇོ་ཁང་མདུན་ཐང་དུ་བོད་མི་གཞོན་སྐྱེས་གཉིས་ཀྱིས་རང་ལུས་མེར་བསྲེཊ་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་འདུག
ཁ་སང་ཕྱི་ཚེས་ ༢༧ ཉིན་གྱི་བོད་ནང་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡ ཡས་མས་ཙམ་ལ། ལྷ་སའི་ཇོ་ཁང་མདུན་དུ་ཇོ་ཁང་གཡས་གཡོན་གྱི་ཟ་ཁང་ཞིག་ཏུ་ལས་ཀ་བྱེད་བཞིན་པའི་རང་ལོ་ ༡༩ ཡིན་ཞིང་། ཕ་ཡུལ་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་འབོ་རའི་དཔེ་ལུང་སྡེ་བའི་རྡོ་རྗེ་ཚེ་བརྟན་ལགས་དང་། རང་ལོ་ ༢༥ ཡས་མས་ཡིན་པའི་རྔ་པ་སོ་རུ་མའི་གཞོན་སྐྱེས་དར་རྒྱས་ལགས་རྣམ་གཉིས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་ལ། མེར་བསྲེགས་གནས་ཚུལ་དེ་བྱུང་ནས་ཅུང་མ་འགོར་བར་ཉེན་རྟོག་པ་དང་དམག་མིས་ཁོང་གཉིས་འཛིན་བཟུང་བཙན་འཁྲིད་བྱས་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཁ་སང་མེར་བསྲེཊ་ཀྱི་གནས་ཚུལ་བྱུང་སྐབས་ཉེ་འཁོར་དུ་ཡོད་པའི་བོད་མི་ཚོས་ཁོང་གཉིས་ཀྱིས་འབོད་ཚིག་གསལ་པོ་གོ་ཐོས་བྱུང་མེད་ཀྱང་། ལུས་སྟེང་དུ་མེ་ལྕེ་མཆེད་བཞིན་པ་ཉེ་འཁོར་གྱི་བོད་མི་མང་པོས་མཐོང་ཡོད་འདུག་ལ། ཁོང་གཉིས་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་བར་སྐོར་བསྐོར་ལམ་ནས་ཇོ་ཁང་མདུན་ཐང་བར་ཡོང་ཡོད་པ་དང་། ཅུང་མ་འགོར་བར་དམག་མི་དང་ཉེན་རྟོག་པ་ཡོང་སྟེ་ཁོང་གཉིས་ཀྱི་ལུས་སྟེང་གི་མེ་བསད་རྗེས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་མ་ཟད། སྐར་མ་ ༡༥ ཙམ་གྱི་རིང་གཡས་གཡོན་གྱི་མི་མང་དང་ཡུལ་སྐོར་བ་ཚང་མ་བཀག་སྡོམ་གྱིས་གནས་ཚུལ་བྱུང་ཡུལ་དུ་བཅར་མ་བཅུག་པར་གནས་ཚུལ་བྱུང་ཡུལ་གཙང་བཟོ་བྱས་འདུག
ད་དུང་ཁ་སང་ཕྱི་དྲོ་ནས་བཟུང་ཁྲོམ་སྟེགས་དང་ཚོང་ཁང་ཁག་སྒོ་བརྒྱབ་མི་ཆོག་པའི་བཙན་བཀའ་བཏང་བ་དང་། ཡུལ་སྐོར་བའི་པར་ཆས་དང་ཁ་པར་སོགས་ལ་ཞིབ་བཤེར་ནན་མོ་བྱས་ཡོད་པ་མ་ཟད། བར་སྐོར་སྐོར་ལམ་གྱི་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཚང་མ་བཀག་སྡོམ་བྱས་ཡོད་འདུག
ད་ལྟའི་ཆར་ཁོང་གཉིས་གང་དུ་བཙོན་འཇུག་བཀག་ཉར་བྱས་ཡོད་མེད་དང་། ཤི་གསོན་གྱི་གནས་སྟངས་མ་ཤེས་པར་ལྷག་འདུག
གསར་འགོད་པ། དོན་གོ
སྔོན་འདས་པའི་དུས་སུའང་བོད་ཀྱི་སངས་རྒྱས་བསྟན་པའི་མེ་རོ་མདོ་ཁམས་སྨད་ནས་གསོས་པ་བཞིན།
དུས་རབས་ཉེར་གཅིག་པའི་དེ་རིང་ཡང་བོད་ཀྱི་རང་དབང་དང་༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ། གཞིས་བྱེས་མཉམ་འཛོམས་ཀྱི་མེ་རོ་སླར་ཡང་མདོ་ཁམས་སྨད་ནས་གསོས་ཏེ་བོད་ཀྱི་ཡུལ་དབུས་སུ་སླེབས་པ་ནི་ཧ་ལས་ཤིང་ཧོན་འཐོར་བ་ཞིག་རེད་འདུག་པས། ཡུལ་དབུས་ནས་ཀྱང་འཐབ་ཕྱོགས་གཅིག་གྱུར་ཁང་གི་རྒྱུ་དངོས་ཀྱི་བསླུ་བྲིད་འོག་འགྲོ་རྒྱུ་ཅུང་ཙམ་མཚམས་འཇོག་བྱས་ནས། རང་གི་ཁེ་ཕན་དང་བོད་ཀྱི་བདེན་དོན་ཟེར་བ་གཉིས་ཉི་མ་གཅིག་དང་ཡང་ན་ཆུ་ཚོད་གཅིག་ལ་དབྱེ་བ་གང་ཡང་མེད་བསམ་པ་ཞིག་གིས་ཤུགས་སྐྱོན་རོགས། སྐད་རྒྱག་རོགས། མིག་ཕྱེས་རོགས། ལུས་འགུལ་རོགས། ཁ་གདང་རོགས། ཀླད་པ་འགུལ་རོགས། ཀྱེ་ཀྱེ་དབུས་གཙང་པ་རྣམས།། བོད་རྒྱལ་ལོ།
རྒྱལ་སྲས་དཔའ་པོ་གཉིས་ཀྱིས་བསམ་དོན་མྱུར་དུ་འགྲུབ་པ་དང་།
འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་འཛིན་པར་ཤོག
དཔའ་པོ་གཉིས་ལ་གུས་ཕྱག་གྲངས་མེད་འཚལ།
རྔ་བ་སོ་རུ་མའི་གཞོན་སྐྱེས་དེའི་མིང་ལ་དར་རྒྱས་ཞུ་གི་ཡོད་པ་དང་། ད་དུང་འབོ་ར་བ་དེའི་མཚན་ཧྲིལ་བོའང་སྟོབས་རྒྱས་ཚེ་བརྟན་ཞུ་གི་ཡོད་ཚུལ་དབྱིན་ཡིག་གི CNNསྟེང་བཀོད་འདུག་ལ། ད་དུང་མི་གཞན་ཞིག་ཀྱང་ཡོད་པར་བཤད་འདུག གང་ལྟར་དཔའ་བོ་རྣམ་པའི་དགོངས་དོན་འཕྲོ་བརླག་ལ་མི་གཏང་བ་གནང་རྒྱུ་ཧ་ཅང་གི་གལ་ཆེན་རེད།
མཐོ་སྒང་རྩེ་ཡི་བདེན་པའི་ལྕེ་དེ། །ཆེས་ཆེར་འབར་བས་འཛམ་གླིང་འདི་ཡང་འདར། །ལྷ་དང་ལྷ་མིན་ལ་སོགས་འཇིག་རྟེན་ཀུན། །བོད་མི་སྙིང་སྟོབས་མཐེ་བོང་སྒྲེང་ནས་བསྔགས། །
གོང་དུ་བསོད་ནམས་ཅན་ནས་བོད་གཞུང་མང་གཉིས་ལ་ག་རེ་བྱ་རྒྱུ་ཡོད་ཅེས་ངར་མདོག་འདྲ་བྱ་སྐད་ལ། ངས་ཁྱེད་ལ་ཞུ་རྒྱུ་ལ། གཞན་གྱིས་ག་རེ་བྱེད་མིན་ལྟ་མི་དགོས་པར་སོ་སོས་ག་རེ་བྱ་རྒྱུ་ཡིན་ཞེས་རང་ལ་འདྲི་ན་བཟང་ངོ་། །
བོད་ནང་དུ་བོད་མི་ཚོས་བོད་དོན་འཐབ་རྩོད་ཆེད་རང་ལུས་མེར་བསྲེག་གཏོང་དུས། རྡ་སའི་ཚོགས་པ་ཚོ་ས་གནས་ཁག་ཏུ་ཕྱིན་ནས་སོའི་རྒྱབ་རྩ་འཚོལ་བཞིན་འདུག (གཞོན་ལྷན་གྱི་དབུས་རྒྱུན་ས་གནས་ཁག་ཏུ་སྐོར་བསྐྱོད་བ་ཕྱིན་པ་དང་། དབུ་མའི་ལམ་ལས་འགུལ་ཁང་གིས་ས་གནས་སུ་མི་མང་གཏམ་བཤད་འགོ་འཛུགས་བྱས།) ད་དུང་བོད་ནས་ནང་བོད་དོན་རྒྱབ་སྐྱོར་དགོས་པ་དང་ བོད་མིའི་མགོ་ཐོག་ཏུ་རྒྱ་ནག་གི་དར་དམར་འཕྱར་མི་ཆོག་པའི་སྐད་འབོད་བྱེད་སྐབས། རྡ་སའི་དབུ་མའི་ལམ་ལས་འགུལ་ཁང་ནས་རྒྱ་ནག་གི་རྒྱལ་དར་འཕྱར་རོགས་ཞེས་འབོད་སྐུལ་བྱེད་ཀྱི་འདུག
ཁ་བཤད་མཁས་པའི་གཞོན་ནུ་ཚོགས་པ་དང་་་བོད་གཞུང་གིས་ད་ཡིན་ན་་་་གཙུག་ལག་ཁང་ནས་མཎི་ཞིག་དང་མེག་ལོའི་ཁྲོམ་ནས་མར་མེ་ཁྲོམ་སྐོར་ཞིག་བྱས་ནས་རྒྱལ་གཅེས་དཔའ་བོ་གཉིས་ཀྱི་རེ་བ་འགྲུབ་ཐབས་བྱེད་ཀི་རེད་ཡ་་་་
རྒྱལ་སྲས་དཔའ་བོ་གཉིས་ལ་གུས་ཕྱག་འཚལ། ད་ག་རེ་བྱེད་རྩིས་ཡོད་བཙན་བྱོལ་གཞུང་དམང་གཉིས། ཡང་མ་ཎི་རེ་འདོན་ནི་བསྡད་རྩིས་ཡོད་དམ།
རྒྱལ་སྲས་དཔའ་བོ་གཉིས་ལ་གུས་ཕྱག་འཚལ། ད་ག་རེ་བྱེད་རྩིས་ཡོད་བཙན་བྱོལ་གཞུང་དམང་གཉིས། ཡང་མ་ཎི་རེ་འདོན་ནི་བསྡད་རྩིས་ཡོད་དམ།
ཡ་་་ཡང་རྒྱལ་གཅེས་པ་གཉིས་མེ་ལྕེའི་ཁྲོད་ནས་བཞུད་འདུག་་་་་