སྐབས་ ༡༥ པའི་ས་སྐྱའི་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་ཀྱིས་རྩ་དགོངས་ཞུས་པའི་ཚབ་ཏུ་དབུས་འོས་བསྡུ་ལྷན་ཁང་གི་སྒུག་ཐོ་གཞིར་བཟུང་། དེ་སྔའི་སྐབས་ ༡༤ པའི་ས་སྐྱའི་སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས་ཁ་སང་སྔ་དྲོར་ལས་འཁུར་དམ་འབུལ་ཞུས་ཡོད།
ཁ་སང་ཕྱི་ཚེས་ ༡ ཉིན་གྱི་སྔ་དྲོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཕྲལ་སེལ་ཚོགས་དྲུང་ལས་ཁུངས་སུ། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དབུ་བཞུགས་དང་རྒྱུན་ལས་རྣམ་པའི་མདུན་དུ། སྤྱི་ཟུར་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་། “ བདག་ག་ཟི་དགེ་བཤེས་ཚེ་རིང་པོ་ཞེས་བགྱི་པ། སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་འོས་འདེམས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི་མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན” ཞེས་དམ་བཅའ་ཕུལ་ཡོད།
གཞན། ཉིན་དེར་སྤྱི་འཐུས་རྒྱུན་ལས་སྐོར་ཞིག་འཕོ་འགྱུར་སོང་ཡོད་པ་དག་ནི། ས་སྐྱའི་སྤྱི་འཐུས་མཁན་པོ་ཆོས་གྲགས་རྒྱ་མཚོ་ལགས་སྤྱི་འཐུས་ནས་རྩ་དགོངས་ཞུས་པའི་ཚབ་ཏུ་སྤྱི་ཟུར་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་དང་། དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱི་ཚབ་ཏུ་སྤྱི་འཐུས་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་ལགས། དབུས་གཙང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱི་ཚབ་ཏུ་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས། མདོ་སྟོད་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ལགས་ཀྱི་ཚབ་ཏུ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། མདོ་སྨད་སྤྱི་འཐུས་རྨོག་རུ་བསྟན་པ་ལགས་ཀྱི་ཚབ་ཏུ་སྤྱི་འཐུས་རྒྱ་རིགས་ཐར་ལགས་བཅས་འཕོ་འགྱུར་ཕྱིན་ཡོད་འདུག
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
ག་དུས་ཡིན་ཡང་ཀུན་མཐོང་མངོན་གྱུར་དག་ལ་དཔྱད་པ་གཏོང་དགོས་པ་ལས་གསང་གཏམ་ཞིག་གོ་འདོག་འདོག་གིས་གསུང་བ་ནི་མི་སྒེར་གྱི་ཆེ་མཐོང་་དང་། སྤྱི་དོན་མཐུན་སྒྲིལ། བོད་རིགས་ཀྱི་ལ་རྒྱ་བཅས་ལ་གནོད་པས་།་སུས་ཀྱང་མཚམས་འཇོག་གནང་བར་རེ་སྐུ་ཞུ།
སྤྱིར་ཆིག་སྒྲིལ་གཏོར་བྱེད་གཏེ་བོ་ནི་དབྱེན་ཡིན་ལ།་དེ་ནི་བདེན་དངོས་གནས་ཤིག་ཡིན་དགས་པས། གང་གསུང་བདེན་པ་ཡིན་པ་ཙམ་ལེགས་ག་ལ་ཁྱབ། དགེ་སྐྱོན་ཕན་གནོད་ལ་བླང་དོར་མི་འབྱེད་པར་གང་གོ་ཇི་བཞིན་སུ་དང་གང་ལ་བཤད་རྐྱང་གནང་མཁན་དག་ལ་་་་ཁ་ལུ་་་་ཟེར་བ་གོ་བར་མཛོད།
གྲོགས་པོ་ཚོ། ད་སྤྱི་འཐུས་ནང་ནས་ཕྱིར་འབུད་དགོས་པ་སུ་དང་སུ་འདུག རྟ་ལམ་བོང་བུས་བཀག་མཁན་དང་།
མགོ་སྟོང་ཀླད་སྟོང་ཅན། དབྱེན་སྦྱོར་དཀྲུག་ཤྀང་ཅན། སྤྱི་རྒྱུ་སྒེར་བདག་ཅན། སྤྲེལ་ལད་དམའ་སྡང་ཅན།
ད་ཤོད་དང་།་
ཀེ་ཏ་ཀའི་བཤད་པ་ལྟར་ན་མདོ་སྨད་དང་དབུས་གཙང་གཉིས་དཔུང་བསྒྲིགས་ཏེ་མདོ་སྟོད་ཕམ་དུ་བཅུག་རྒྱུ་དང་མདོ་སྟོད་ཀྱིས་དེར་གདོང་ལེན་བྱེད་རྒྱུ་ལས་་སྤྱི་འཐུས་སུ་རྩ་དོན་བསྒྲུབ་རྒྱུ་གཞན་མེད་པ་འདྲ། སེམས་ཧ་ཅང་སྐྱོ་དགོས་པ་རེད། ངས་བསམ་པ་ནི་སྤྱི་འཐུས་རེ་ཟུང་འདི་ལྟ་བུ་ཆོལ་ཁ་དང་ཆོས་ལུགས་སོགས་དམིགས་འབེན་ཆུང་ངུ་རེ་བཟུང་སྟེ་བྱབ་ཆུང་གི་ལས་དོན་སྒྲུབ་མཁན་ཡོད་ཀྱང་ཆོལ་ཁ་སྤྱི་ལ་སྦྱར་བ་འདི་ཐལ་ཆ་ཆེ་དྲག་འདུག་ཅེས་བརྗོད་བཞིན་ཡོད། ཁས་ལེན་དང་མི་ལེན་ཁྱེད་ཀྱི་རང་དབང་རེད།
ཡུལ་གྱར་བ་ལགས། ཐུགས་ཁྲལ་རྩ་བ་ནས་གནང་མི་དགོས། མ་གཞི་ནས་ཁྱེད་ཉིད་སྤྱི་འཐུས་ལ་རྒྱུས་ཞེ་དྲག་ཡོད་བཞིན་དུ་ད་དུང་འདི་འདྲ་འབྲི་བའི་སྙིང་ཁམས་ཡོད་སྟབས། ངས་ཀྱང་གཡོན་ཐལ་ཅན་གྱི་ལས་དོན་བྱེད་ཕྱོགས་འདི་མི་མང་གིས་ཤེས་དགོས་པ་ཞིག་རེད་བསམས་ནས་བྲིས་པ་ཡིན་ལགས། མ་གཞི་ནས་འདི་ཀརྨ་ཡེ་ཤེས་རང་གིས་ཀྱང་གཞན་ལ་གསང་གཏམ་གྱི་ཚུལ་དུ་བཤད་ཚར་འདུག
ཀེ་ཏ་ཀ་ཞུ་བ་ལགས། སྔོན་ཚོགས་གཙོ་འདེམས་སྐབས་ཟེར་བའི་རྩོམ་དེ་འདྲ་མ་སྤེལ་ན་ཡག་ས་རེད། དངོས་ཡོད་ཡིན་མིན་མ་ཤེས་ཀྱང་སྤྱི་ཚོགས་ལ་བརྡབ་གསིག་འགྲོ་བའི་རྩོམ་ཞིག་རེད་འདུག་པས་ཟབ་ཟབ་གནང་རྒྱུའི་རེ་བ་ཞུ།
སྔོན་ཚོགས་གཙོ་འདེམས་སྐབས། ཁམས་པ་ཚོ་སྤེན་ཚེ་དགའ་བོ་མེད་སྟབས་ཁོང་ཚོགས་གཙོ་མི་ཡོང་ཆེད་ཤུགས་བརྒྱབས། ཨ་མདོ་དང་དབུས་གཙང་གཉིས་ཀ་རུབ་འཛོམས་ཀྱིས་ཐུབ་བསྟན་ལུང་རིགས་དང་པད་མ་འབྱུང་གནས་གཉིས་ལངས་པ་མིན་ན་སྤེན་ཚེ་འོས་ལྡུགས་རྒྱུ་བྱས་པ་རེད། སྐབས་དེར་ཀརྨ་ཡེ་ཤེས་ཀྱིས་ཀྱང་ཚོགས་གཙོར་ལངས་ཀི་ཡིན་ཟེར་བས་འོས་ཁ་མི་འཐོར་ཆེད་ཁོང་ཚོགས་གཞོན་དུ་ལྡུགས་རྒྱུ་དང་ཚོགས་གཙོའི་སྔོན་འགྲོའི་ནང་སླེབས་ན་དགོངས་ཞུ་གནང་རྒྱུ་བྱས་འདུག ཡིན་ནའང། ཀརྨ་ཡེ་ཤེས་ཁམས་པ་མང་ཆེ་བས་ཚོགས་གཙོ་ལྡུགས་ངེས་ཀྱི་ཁ་ཆད་སྔོན་ནས་བྱས་འདུག་སྟབས་ཁོས་ཚོགས་གཙོའི་འོས་འགྲན་ནང་དགོངས་པ་མ་ཞུས་སྟབས། ཚོགས་གཙོ་གཏན་འབེབས་གྲུབ་མཚམས་ཀརྨ་ཡེ་ཤེས་ཚོགས་གཞོན་དུ་མ་བླུགས་པར་གཡུག་བཞག་པ་རེད། དེ་ནས་ཁོང་ཕམ་སོང་བ་རེད། དེ་རིང་ཕྱོགས་རིས་ཅན་གྱི་བླ་རྒན་འདིའི་རྒྱབ་ན་ཀརྨ་ཡེ་ཤེས་ཀྱང་ཡོད་པས་དེ་བས་རྣམ་རྟོག་ཅིག་སྐྱེ་སོང། བོད་ཀྱི་ལས་འདི། འདི་འདྲའི་མི་ངོ་ཚ་མེད་མཁན་རྐྱང་རྐྱང་གི་ལག་ཏུ་ལྷུངས་འགྲོ་བ་ག་རེ་ཡིན་ན།
དགོངས་པ་ཞུ་མཁན་གྱིས་ཞུ་གནང་པ་དེ་ཡག་པོ་རེད། ངས་འཇོན་གྱི་མི་འདུག་དྲན་གྱི་ཡོད་པརེད། ཀི་ཏི་སྒྲོལ་མས་ལོ་ཉི་ཤུ་ལྷག་ལ་འཐུས་མི་བྱས་ནས་སྡུག་སྲན་བྱས་ཏེ་མཐར་རྐུ་མ་རྒྱག་དགོས་ཁེལ་བ་རེད།
ད་པདྨ་འབྱུང་གནས་ལྷག་འདུག ཁོས་ལོ་༢༥ བྱས་སོང་། འཇོན་རྒྱུ་གང་ཡང་མི་འདུག གྲོས་ཚོགས་ནང་རྙོག་དྲ་བཟོ་མཁན་རང་རེད།
མདོ་སྟོད་ཀྱི་བླ་རྒན་སྐྱ་མིན་སེར་མིན་དེ་ཕྱིན་སོང་། ད་དུང་སོང་ན་ཡག་པོ་འདུག་བསམ་པ་འདྲ་འགའ་ཤས་འདུག
རྙིང་མ་པའི་རྒྱ་རི་བུ་བྲུག་དེ་ལོ་རྟག་པ་རེད་འདུག རྙིང་མ་ལ་མི་རྫོགས་ཡིན་འགྲོ ཁོས་བོད་སྐད་ཀྱང་ཡག་པོ་ཞིག་ཤེས་ཀྱི་མི་འདུག
མདོ་སྨད་སྤྱི་འཐུས་སླེབས་དགོས་པ་འགའ་གཏོང་མ་སོང་། ཚངས་དབྱངས་དང་། ཀླུ་མཁར་བྱམས་སོགས་རེད། འོན་ཀྱང་ཀླུ་བྱམས་སླེབས་པའི་རེ་བ་ཡོད་སྐད།་གལ་སྲིད་ཀི་རྟི་སྒྲོལ་མས་གྲོས་ཚོགས་ནས་ཐོན་དགོས་པ་དང་། ཐོན་སོང་ན། དབུས་གཙང་ཟླ་བ་ཚེ་རིང་ཡང་བཞག་ཐབས་མེད་པ་རེད།
ཀརྨ་ཡེ་ཤེས་ཀྱི་ནང་ཆོས་ངོ་སྤྲོད་དང།།
བསྟན་འཛིན་བརྩོན་འགྲུས་ཀྱི་ཐོད་པའི་རས་དམར་གཉིས།།
ཀ་ཟི་དགེ་བཤེས་ཀྱི་དམ་བཅའ་བསྐྱར་འབུལ་གསུམ།།
ཧ་ཧ་ཧོ་ཧོ་ཡི་གད་མོ་འཆོར་ས་རེད།།
ཤེས་མེད་བེམ་རོ་ལ་གསེར་གྱིས་རྩི་བྱུགས་ཀྱང།།
དྲི་ངན་རུལ་མ་ཡིས་གསེར་ཀྱང་བརླག་བྱེད་པས།།
སེར་སྐྱ་འདི་གྲས་ཀྱི་འཚང་ཁའི་ཟློས་གར་འདི།།
དཔོན་པོ་ཤོག་སེང་གི་རོགས་ལ་ཏག་ཏག་འདུག།
ས་སྐྱ་ཚང་ལ་དེ་ལས་མེད་པ་ཡིན་ན། ཆོས་རྒྱུད་སྤྱི་འཐུས་ཚོ་གཅིག་ལས་གཅིག་སྐྱོ་བ་འདུག བཀའ་རྒྱུད་ལ་ཀརྨ་ཆོས་འཕེལ་སླེབས་པ་བཞིན་རེད། ཆོས་རྒྱུད་སྤྱི་འཐུས་དགོས་ན་གྲ་བ་ཚོས་འོས་ཏག་ཏག་འཕེན་དགོས་པའི་སྒྲིག་གཞི་ཞིག་བཟོ་དགོས་སོ།།
ཁ་ས། ཁེ་ས། ཁ་རྩང་། ཁ་སང་ཚིག་འདི་ཚོ་ལས། ཨིན་སྐད་ Yesterday ཡི་ཚིག་དོད་དུ་༼མདང་༽ཞེས་པའི་ཚིག་འདི་དག་ཤོས་དང་། ནོར་ཉེན་ཆུང་ཤོས་སུ་མཐོང་ལགས།
བྱུར་གྱི་སྣ་འདྲེན་མཁན་ཞིག་ཡང་བསྐྱར་སླེབས་སོང་།
ག་གཟི་དགེ་བཤེས་འཇོན་ཐང་ཕྲ་ན་ཡང། །
རྒྱལ་ཡོངས་ས་སྐྱའི་འོས་འདེམས་གསུམ་པར་ཐོན།།
དེ་དང་དེ་ཡི་བྱུང་རིང་ལ་གཞིགས་ན།།
ག་གཟི་དག་བཤེས་གཞན་ལས་མི་དམན་མངོན།།
དེ་ལྟ་ན་ཡང་ཁོང་གི་མངོན་ལྐོག་མེད་པའི་དྲང་བདེན་དང། ངོ་སྲུང་མེད་པའི་གཏམ་བརྗོད། རེ་དོགས་མེད་གླེང་སློང་། ཕྱི་བཤོལ་མེད་པའི་བྱ་བྱེད་སོགས་ཀྱིས་རྐྱེན་པས་ཁག་ཅིག་ལ་ཕུག་གཏུགས་ཕྱིན་ཡོད་ཤས་ཆེ།
གང་ཡིན་ཟེར་ན། གོང་དུ་གཅེར་བུ་པ་ཞེས་ངོ་གདོང་མངོན་པ་འདིས་བཤད་འདུག་པ་བཞིན། སྤྱི་ཚོགས་ནང་ལབ་གླིང་ཡག་ཉེས་སྣ་ཚོགས་འདུག་ལ། མ་ཟད་ད་ཐེངས་སྤྱི་འཐུས་སྔ་མས་དགོངས་ཞུས་བྱས་པ་དང་། སྤྱི་འཐུས་གཞན་ཞིག་གིས་གསར་དུ་དམ་འབུལ་བྱས་པའི་རྒྱུ་མཚན་ངོ་མ་ཇི་འདྲ་ཡིན་པ་ཁོ་རང་ཚོས་བཤད་པ་བཞིན་ཡིན་ཆགས་བྱེད་པ་ལས་ང་རང་ཚོས་ཚོད་དཔག་བྱེད་དཀའ་ཚོད་རེད། འདི་ག་བལ་ཡུལ་ནང་ཁག་ཅིག་གིས་བཤད་སྟངས་བྱས་ན། ཚེ་རིང་པོ་རྐུབ་སྟེགས་ལ་རེ་བ་ཆེ་དྲག་རྐྱེན་སྤྱི་འཐུས་སྔ་མར་རྩ་དགོངས་ཞུ་དགོས་པའི་རེ་ཞུ་ནན་གྱིས་ནན་གྱིས་ཡང་ཡང་བྱས་སྟབས། དེར་བརྩེ་གཟིགས་ཀྱིས་དགོངས་པ་ཞུས་དགོས་ཐུག་འདུག་ཅེས་གླིང་གིན་འདུག་པ་ནི།་ཕལ་ཆེར་ཡིན་མི་སྲིད་སྙམ། དོན་དངོས་དེ་ལྟར་ཡིན་ཀྱང་གླིང་དགོས་དོན་མེད་སྙམ། དེས་ན་སྤྱིར་སྨྲ་བརྗོད་རང་དབང་ཡིན་ཀྱང་འགན་ཁུར་མེད་པའི་འཆལ་གཏམ་སྤྱི་ཚོགས་ལ་གནོད་པའི་རིགས་མ་གླིང་རོགས།
གཅེར་བུ་པའི་རང་གི་བསམ་ཚུལ་བརྗོད་པ་དགའ་བསུ་ཞུ།
མངོན་པ་བསྟོད་དོ། རྒྱབ་སྐྱོར་ཡོད།
འཇོན་ཐང་ཁབ་རྩེ་ལས་ཀྱང་ཕྲ་ན་ཡང།།
སྡོད་སྟེགས་མཐོ་པོར་དགའ་བའི་ཚེ་རིང་པོ།།
གཞི་བྱེས་བོད་མི་ངོ་ཚབ་ཨེ་ཡོང་ལ།།
སེམས་པའི་གཏིང་ནས་འདང་ཞིག་རྒྱབ་ཨེ་ཡོད།།
ཡར་གྱི་ལྷ་ལ་བསང་དང་གསོལ་མཆོད་ཕུལ།།
བར་གྱི་མི་ལ་མཐེ་བོང་སྒྲེང་ན་ཡང་།།
འོས་ཤོག་འགྲན་ཐེངས་འདི་ལ་ཕམ་ཚར་དུས།།
རྐུབ་སྟེགས་རགས་འདི་བསོད་ནམ་ཆེ་བའི་རྟགས།།