མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་འོངས་རྒྱ་དཔོན་གསར་བ་ཚོད་བགམ།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ནན་ཧྭ་གསར་ཤོག་གིས་མིང་འདོན་བྱས་པའི་སྐབས་རྗེས་མའི་རྒྱ་གཞུང་དཔོན་རིགས་གསར་བའི་ཁྲོད། པའོ་ཞིས་ལེ་ཡི་ཁ་གཏད་ལངས་མཁན་ཝང་ཡཱང་སླེབས་མི་འདུག

 རྒྱ་གཞུང་གི་སྐབས་ ༡༨ པའི་ཚོགས་ཆེན་སླེབས་ལ་ཉེ་སྐབས། ཧོང་ཀོང་༼ནན་ཧྭ་ཞོགས་པའི་ཚགས་པར་༽གྱིས་ད་ལྟའི་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་མི་གྲངས་  ༩ དེ་ཐེངས་རྗེས་མར་ ༧ ལ་ཉུང་འཕྲི་བྱ་རྒྱུ་ཡིན་པ་དང་། མ་འོངས་པའི་རྒྱ་གཞུང་དཔོན་རིགས་གསར་བ་བདུན་ནི། ད་ལྟའི་ཆར་རྒྱ་གཞུང་དཔོན་རིགས་ནང་ཁུལ་ཡོང་ཁྱབ་གཏན་ཁེལ་ཟིན་པའི་ཞིས་ཅིན་ཕེན་དང་ལི་ཁི་ཆང་གཉིས་ལས་གཞན། ད་ལྟའི་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཡུས་ཀྲིན་ཧྲིན་དང་། ཁྲུང་ཆིན་གྲོང་ཁྱེར་དམར་ཤོག་དྲུང་ཆེ་ཁྲང་ཏིག་ཅང་། རྒྱ་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་གཞོན་པ་ཝང་ཀྲི་ཧྲན། རྒྱ་གཞུང་དབུས་དམར་ཤོག་དྲུང་ཆེ་ལྷན་ཁང་གི་དྲུང་ཆེ་ལིས་ཡོན་ཁྲའོ། རྒྱ་གཞུང་དབུས་དྲིལ་བསྒྲགས་སྡེ་ཁག་གི་མགོ་གཙོ་ལིག་ཡོན་ཧྲན་བཅས་ཡིན་པར་ཚོད་བགམ་བྱས་འདུག

ཧོང་ཀོང་ནན་ཧྭ་ཞོགས་པའི་གསར་ཤོག་གིས་པེ་ཅིན་ནས་སྤེལ་བའི་གནས་ཚུལ་ནང་།  འདི་ལོའི་ཕྱི་ཟླ་ ༥ པའི་ཟླ་དཀྱིལ་ཙམ་ལ་རྒྱ་གཞུང་དབུས་འཐུས་མིའི་ལྷན་ཚོགས་ཀྱིས།  ཆབ་སྲིད་ལྷན་ཁང་གིི་འཐུས་མི་དང་རྗེས་སྣོན་འཐུས་མི་བཅས་མི་གྲངས་ ༣༧༠ བསྡུ་བསྐོང་བྱས་ཏེ། གསང་བའི་ཐོག་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་འཐུས་མི་ནང་ཁུལ་འོས་བསྡུའི་ཚོགས་འདུ་ཞིག་ཚོགས་ཏེ།  སྐབས་རྗེས་མའི་རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་འོས་འདེམས་བྱས་ཡོད་སྐོར་བཀོད་འདུག 

སྐབས་དོན་དབྱེ་ཞིབ་པ་དག་གིས། གནས་སྟངས་དེ་ནི་རྒྱ་གཞུང་གི་ཆབ་སྲིད་བཅོས་སྒྱུར་ཐད་གལ་གནད་ཅན་གྱི་གོམས་སྟབས་ཤིག་ཆགས་ཡོད་ལ། མ་འོངས་པར་སྒྲིག་སྲོལ་རང་བཞིན་ཅན་དུ་འགྱུར་སྲིད་པ་མ་ཟད། ཐེངས་འདིའི་ནང་ཁུལ་འོས་བསྡུ་དེ་ནི། ད་ལྟའི་རྒྱ་གཞུང་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་བཏོན་པའི་ “དམར་ཤོག་ནང་ཁུལ་མང་གཙོ” ཞེས་པའི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཉམ་འབྲེལ་གྱི་རྣམ་འགྱུར་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད་འདུག

ནན་ཧྭ་ཞོགས་པའི་གསར་ཤོག་གིས་རྒྱ་གཞུང་དཔོན་རིགས་ནང་ཁུལ་གྱི་སྐད་ཆ་ལུང་འདྲེན་བྱས་པ་ལྟར་ན། གལ་སྲིད་ཐེངས་འདིའི་ཚོད་ལྟ་རང་བཞིན་ཅན་གྱི་འོས་བསྡུ་བརྒྱུད། དམར་ཤོག་ནང་ཁུལ་གཅིག་གྱུར་མོས་མཐུན་ཡོད་པའི་མགོ་ཁྲིད་དཔུང་ཁག་གསར་བ་ཞིག་བདམས་ཐོན་བྱུང་ཚེ།  མ་འོངས་པར་རྒྱ་གཞུང་གི་དཔོན་རིགས་གསར་རྙིང་བརྗེ་སྤོར་གྱི་གོ་རིམ་ཐད་སྔར་མེད་ཀྱི་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་རྒྱུ་ཡིན་སྐོར་གླེང་ཡོད་འདུག

ཡིན་ནའང་། ཐེངས་འདིར་ནན་ཧྭ་ཞོགས་པའི་གསར་ཤོག་གིས་བཏོན་པའི་སྐབས་རྗེས་མའི་རྒྱ་གཞུང་གི་རྒྱུན་ལས་ ༧ གྱི་གྲས་སུ། ཧུའུ་ཝུན་གཉིས་ཀྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་དང་བཅོས་བསྒྱུར་ཤོག་ཁག་གི་ཚབ་མཚོན་འོས་མི་གཙོ་བོའི་གྲས་སུ་གླེང་སྟེ། དམར་ཤོག་མཁྲེགས་འཛིན་པ་པའོ་ཞིས་ལའེ་ཡི་ཁ་གཏད་ཆགས་ཡོད་པའི་ཀུང་ཏུང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཝང་ཡཱང་མིང་འདོན་བྱུང་པ་མེད་པ་དེ་ནི། རྒྱལ་སྤྱིའི་ཆབ་སྲིད་དབྱེ་ཞིབ་པ་དག་ལ་དོགས་གཞི་ཆེན་པོ་ཞིག་དང་གླེང་སློང་གསར་བ་ཞིག་ཆགས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ་འདུག ༢༠༢༦།༠༥།༨ པར་དུས་བབ་ཀྱི་བསྒྲིགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཁྲིམས་གཏུག་ལ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༠༨
Mobile App

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ཟུར་པ་གཉིས་ལ་ལོ་གཉིས་ཕར་འགྱང་གི་སྲོག་ཁྲིམས་བཅད།

༢༠༢༦/༠༥/༠༨
Mobile App

བོད་ཀྱི་སྐད་ཡིག་དང་ད་ལྟའི་གནས་བབ།

༢༠༢༦/༠༥/༠༨
བསོད་ནམས་དོན་གྲུབ་ལགས་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ། འབྲེལ་ཡོད་ཀྱིས་པར་མཁོ་སྤྲོད་བྱས།
Mobile App

བསོད་ནམས་དོན་གྲུབ་ཀྱིས་ཧྥ་རན་སིའི་ནང་བོད་དོན་རྐང་འཁོར་སྐོར་སྐྱོད་གནང་བཞིན་པ།

༢༠༢༦/༠༥/༠༧
Mobile App

སྲིད་འཛིན་ཊོམ་ཕུ་མཆོག་གང་མགྱོགས་རྒྱ་ནག་ནང་ཕེབས་རྒྱུ་ཡིན་པས་བོད་དོན་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་རེད།

༢༠༢༦/༠༥/༠༧
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་དགྲ་འདུལ་ལ་ཞིབ་བཤེར་བྱེད་བཞིན་པ།

༢༠༢༦/༠༥/༠༧

མཆན། 1

  1. སྐར་མདའ། says:
    ལོ་ 14 སྔོན།

    ཡང་་་སེང་གེ་བཀའ་ཤག་གིས་ཀྱང་རེ་བ་སྐམ་པོ་ཞིག་མུ་མཐུད་རྒྱག་ཚོད་རེད། བོད་ཕྱོགས་ནས་ད་བར་དུ་རེ་བ་སྐམ་པོའི་ཐོག་ལ་རེ་བ་སྐམ་པོ་བཞག་ཏེ་ནང་ཁུལ་མགོ་སྐོར་བཏང་ནས་མི་ལོ་ལྔ་བཅུ་ལྷག་འདས་པ་རེད། གྲགས་སྐམ་དཔོན་ངན་འདི་ཚོའི་རིགས་ཀྱིས་རང་གི་མིག་སྔར་གསལ་ལྷང་ངེར་ཡོད་པའི་༧གོང་ས་མཆོག་གི་སྐུའི་བགྲེས་ཉམས་ཀྱང་མཐོང་གི་མེད་ཚོད་རེད། དོན་དམ་གྱི་ལས་དོན་བསྒྲུབ་བསམ་ན་༧གོང་ས་མཆོག་ཁ་ལ་མ་འཁྱེར་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese