མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞན་བརྟེན་གྱི་བསམ་བློ་དོར་ཏེ་རང་ཁ་རང་གསོ་གནང་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིཊ་འཛུཊ་ས་གནས་མགོ་འཛིན་ཚོཊ་ཆེན་ཐེངས་༨ པའི་སྟེང་། བཀའ་ཁྲི་མཆོག་གིས་གཞིས་ཆཊ་སྲ་བརྟན་དང་ཡར་རྒྱས་དགོས་ན་གཞན་བརྟེན་གྱི་བསམ་བློ་འདོར་དགོས་སྐོར་དང་། ད་ལོའི་སྐུའི་འཁྲུངས་སྐར་ཉིན་བོད་མི་ཚོས་ཡུལ་མིའི་མཐུན་ལམ་གཙོ་གནད་དུ་བཟུང་སྟེ་འཁྲུངས་སྐར་སྲུང་གཙི་གཟབ་རྒྱས་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

བཙན་བྱོལ་བོད་མིའི་ས་གནས་མགོ་འཛིན་ཚོགས་ཆེན་ཐེངས་ ༨ པ་དེ། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག དེ་རིང་ཕྱི་ཚེས་ ༡༤ ནས་ ༡༧ ཉིན་བར་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་མགོ་འཛུགས་གནང་ཡོད་ཅིང་། མཛད་སྒོའི་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་གཙོས་ཕྱག་རོཊ་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་རྒྱ་བལ་འབྲུག་གསུམ་ནས་ས་གནས་མགོ་འཛིན་ ༤༡ ཙམ་ཆེད་བཅར་གནང་ཡོད།

མཛད་སྒོའི་ཐོག་མར་བོད་མིའི་སྒྲིག་འཛུགས་ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་འཆར་འགོད་ལས་གཞི་ཉམས་ཆག་ཏུ་ཕྱིན་ཡོད་པ་དང་། གཞིས་ཆགས་ཁག་ཏུ་སྡོད་མཁན་ཚོས་སོ་སོའི་ས་ཆར་བདག་པོ་རྒྱག་དགོས་པའི་གལ་གནད་སྐོར་ངོ་སྤྲོད་དང་འབྲེལ། བལ་ཡུལ་ཇཱོ་ལཱ་ཀེམ་གཞིས་ཆཊ་དང་སྤོན་ཊ་གཞིས་ཆགས་བཅས་ཀྱི་ས་ཆའི་བདག་དབང་གི་དཀའ་ངལ་དང་། མ་འོངས་པར་བོད་མི་ཚོ་བཙན་བྱོལ་དུ་ད་དུང་མི་ལོ་ ༥༠ སྡོད་དགོས་ཀྱང་། གཞིས་ཆགས་ཁག་སྲ་བརྟན་དུ་བཏང་སྟེ་བོད་མིའི་ངོ་བོ་མ་བརླག་པ་ཞིག་གནང་ཐུབ་དགོས་པའི་འབོད་སྐུལ་བཅས་ཞུས་སོང་།

ཐེངས་འདིའི་ཚོཊ་ཆེན་སྟེང་གྲོས་གཞི་དོན་ཚན་ ༡༢ སྟེང་གྲོས་བསྡུར་གྱིས་ཉིན་མཐའ་མར་གྲོས་ཆོད་འཇོག་རྒྱུ་དང་། གྲོས་གཞི་ཁག་ནི་ཚོཊ་ཆེན་ཐེངས་  ༧པའི་གྲོས་ཆོད་ལ་བསྐྱར་ཞིབ། བཀའ་ཤག་སྐབས་ ༡༤ པའི་གཞི་རིམ་ལྟ་གྲུབ་གསུམ་གཞི་རྩར་བཞག་སྟེ། གཞིས་ཆཊ་དང་སྤྱི་ཚོཊ་སྒྲིག་འཛུཊ་སྲ་བརྟན། གཞིས་ཆཊ་སོ་ནམ་ལས་གཞི་རྒྱུན་འཁྱོངས་དང་རྒྱ་སྐྱེད། ལག་ཤེས་བཟོ་གྲྭ་སྒོ་བརྒྱབ་པའམ་བོཊ་མར་གཏོང་བའི་དཀའ་ངལ། ཁ་ཐོར་གཞིས་ཆཊ་ཁག་ལ་མངའ་སྡེ་ནས་རོཊ་དངུལ་ལེན་སྟངས། ས་ཆའི་བདག་དབང་ཡིག་ཆ་ཁྲིམས་མཐུན་བཟོ་ཕྱོཊ། ས་ཁང་བདག་དབང་གི་སྒྲིག་གཞི་བསྐྱར་བཅོས་དང་། གསར་འབྱོར་བ་དང་མཐུན་རྐྱེན་མེད་མཁན་གྱི་དཀའ་ངལ་སེལ་ཐབས། ས་གནས་མགོ་འཛིན་ཚོས་སྔོན་རྩིས་འཆར་འབུལ་གནང་སྒོ་གཏན་འབེབས་དུས་བཀག་ནང་ཚུན་འབུལ་རྒྱུ་དང་། རྩིས་ཁང་གིས་ས་གནས་ལ་སྔོན་རྩིས་དང་འབྲེལ་བའི་དོཊ་འདྲི་ཁག་ལ་དུས་ཐོག་ལན་འདེབས་གནང་རྒྱུ་སོགས་ཡིན་འདུག

མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས། བཀའ་ཤག་སྐབས་བཅུ་བཞི་པའི་ངོས་ནས་བཙན་བྱོལ་བོད་མིའི་གཞིས་ཆཊ་ཁག་ཏུ། གཞི་རིམ་ལྟ་གྲུབ་གསུམ་ཡོད་པ་ལས་རང་ཁ་རང་གསོ་དེ་ཧ་ཅང་གལ་ཆེན་དུ་བརྩི་བཞིན་ཡོད་ཀྱང་། གཞིས་ཆཊ་ཁག་ཏུ་གཞིས་མི་ཚོར་རང་ཁ་རང་གསོའི་བསམ་བློ་མེད་པ་དང་གཞན་བརྟེན་བསམ་བློ་ཤུཊ་ཆེན་ཡོད་སྟབས། རང་ཉིད་ཀྱི་འཇོན་ཐང་དང་ནུས་པ་སྟོན་རྒྱུའི་བསམ་བློ་བོར་བརླག་ཏུ་ཕྱིན་སྐོར་དང་། སྔོན་ཆད་ཨ་ཧྥི་རི་ཁར་རང་བཙན་རག་ཀྱང་གཞན་རྟེན་བསམ་བློའི་ཤུགས་རྐྱེན་འོག རྒྱལ་ཁབ་དེ་ཡུན་རིང་ཞིག་ལ་ཡར་རྒྱས་ཕྱིན་མེད་ཚུལ་གསུངས་སོང་།

བཀའ་ཁྲི་མཆོག་གཞིས་ཆཊ་ཁག་ཏུ་འཚམས་གཟིགས་སུ་སྐྱོད་སྐབས། བོད་མི་རྒན་པ་ཁ་ཤས་ཀྱིས་གཞིས་ཆགས་དེའི་མི་ཉམ་ཆུང་ཡིན་ཚུལ་དང་འཚོ་བའི་གནས་སྟངས་སྐྱོ་བོ་ཡིན་པ། ཡུལ་མཐའ་འཁོབ་ཏུ་གནས་སྡོད་བྱས་ཡོད་སྐོར་བརྗོད་ཡོད་ཀྱང་། གཞིས་ཆཊ་གྲོང་པ་ཁག་ནང་རྒྱ་གར་ཡུལ་མི་གཡོག་པོར་ཉར་མཁན་དང་། གཞིས་ཆགས་ཀྱི་བྱིས་པ་ཚོར་སོ་སོ་སྐྱོ་བོ་དང་ནུས་མེད་ཡིན་ཚུལ་གྱི་གནོན་ཤུགས་སྤྲོད་བཞིན་ཡོད་སྐོར། ད་ཆར་གཞིས་ཆཊ་ཁག་ནས་ཡོང་བའི་སློབ་ཕྲུག་ཚོར་བོད་ནས་ཕེབས་པའི་གསར་འབྱོར་སློབ་ཕྲུག་དང་། ལས་བྱེད་བྱིས་པ་ལྟ་བུའི་སྙིང་སྟོབས་དང་སློིབ་སྦྱོང་གི་གྲུབ་འབྲས་ཡག་པོ་མེད་སྐོར་ནན་བརྗོད་གནང་སྟེ། “མ་འོངས་པར་གཞིས་ཆགས་ཡར་རྒྱས་དང་སྒྲིག་འཛུགས་ཚཊ་ཚུད་དགོས་ན། གཞིས་ཆཊ་ཁག་ནས་གཞན་བརྟེན་གྱི་བསམ་བློ་དོར་ཏེ་རང་ཁ་རང་གསོའི་ལམ་དུ་འགྲོ་དགོས ” ཞེས་གསུངས་བྱུང་།

མཇུག་ཏུ་བཀའ་ཁྲི་མཆོག་གིས་མུ་མཐུད་དུ་ད་ལོར་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་མང་ཚོགས་ཀྱིས་བདམས་པའི་མགོ་ཁྲིད་ཚོར་རྩིས་སྤྲོད་གནང་བ་དང་། ཊེམ་པེལ་ཊེམ་གཟེངས་རྟགས་བཞེས་པ་བཅས་ལ་བརྟེན། ད་ལོའི་སྐུའི་འཁྲུངས་སྐར་ཉིན་འཛམ་གླིང་གང་སར་གནས་སྡོད་བོད་མི་ཚོས། གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་མིར་མཐུན་ལམ་གནང་རྒྱུར་གཙོ་གནད་དུ་བཟུང་སྟེ། སྐུའི་འཁྲུངས་སྐར་གཟབ་རྒྱས་ཤིག་གནང་དགོས་པའི་འབོད་སྐུལ་དང་། དམིགས་བསལ་སྐུ་ཚབ་རྣམ་གཉིས་དགོངས་ཞུ་གནང་བའི་རྒྱབ་ལྗོངས་ཀྱང་གསལ་བཤད་གནང་སོང་།

བོད་མིའི་སྒྲིག་འཛུཊ་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་བོད་མི་ཚོ་ཐོག་མར་བཙན་བྱོལ་དུ་འབྱོར་སྐབས། རྒྱ་གར་གཞུང་གིས་བོད་མིར་གཞིས་ཆཊ་ཁག་བགོས་ཀྱིས་ས་ཞིང་བགོ་འགྲེམས་གནང་སྟངས་དང་། ད་ཆར་གཞིས་ཆགས་ཁག་ཏུ་ཞིང་ཁ་བེད་མེད་དུ་བསྐྱུར་ཏེ་ཡུལ་མིའི་ལག་ཏུ་ཤོར་བ། བོད་མིའི་ས་ཁང་ཁྲིམས་མཐུན་བཟོ་བ་དང་ས་ཁང་ཉོ་བར་ལམ་སྟོན། ཉམ་ཐག་དང་། འབྲུག་དང་བལ་ཡུལ་བོད་མིར་རོགས་རམ་གནང་ཕྱོགས་སྐོར་གཏམ་བཤད་གནང་སོང་།

གཞན་ཡང་། ཕྱི་དྲིལ་བཀའ་བློན་བདེ་སྐྱི་ཆོས་དབྱིངས་མཆོག་གིས་ཕྱི་དྲིལ་ལས་ཁུངས་ཀྱིས་༸གོང་ས་མཆོག་གི་ཆིབས་བསྒྱུར་བདེ་འཇགས་ལ་འགན་འཁུར་ཕྱོགས་དང་། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་གྲོས་ཚོགས།གཞུང་འབྲེལ་མིན་པའི་ཚོགས་པ།བོད་དོན་རྒྱབ་སྐྱོར་ཚོཊ་པ་དང་གསར་འགོད་པ། ཕྱི་རྒྱལ་བོད་རིཊ་ཚོཊ་པ་དང་མང་ཚོགས་ལ་འབྲེལ་བ་གནང་ཕྱོགས་ཐོག་གཏམ་བཤད་དང་། འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག་གིས། འཕྲོད་བསྟེན་ལས་ཁུངས་ཀྱི་ཐོག་མའི་བྱུང་རིམ་དང་བར་དུ་ཡར་རྒྱས་ཇི་ལྟར་ཕྱིན་ཚུལ། ད་ཆར་རྒྱ་བལ་འབྲུག་གསུམ་དུ་སྨན་ཁང་ཁག་ ༥༤ ནང་། བཙན་བྱོལ་བོད་མི་ཚོར་གཉན་ནད་རེག་དུག་དང་གློ་ནད་ཊི་བྷེ། མཱ་ལེ་རི་ཡཱ། མཆིན་པའི་གཉན་ཚད། མཛེ་ནད་སོགས་སྨན་བཅོས་མཐུན་འགྱུར་གནང་བཞིན་ཡོད་སྐོར་དང་། བལ་ཡུལ་དུ་ཡོད་པའི་སྨན་ཁང་ཁག་ལ་ཆབ་སྲིད་དཀའ་ངལ་གྱིས་རྐྱེན་པས་ཐད་ལར་ལྟ་རྟོག་གནང་ཐུབ་མེད་ཚུལ་གསུངས་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༢༢ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

མཆན། 3

  1. gyaltsen says:
    ལོ་ 14 སྔོན།

    བློ་ཡི་གནམ་དཔྱོད་མཁའ་ལ་མཉམ།།
    མཛད་བཟང་སྐྱེ་རྒུའི་ཏོག་ཏུ་འཕུར།།
    གངས་ཀྱི་དབུས་ན་སེང་གེ་བཞིན།།
    ང་ཚོའི་སྲིད་སྐྱོང་ཨེ་མ་ཧོ།།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    དེ་རིང་ཚོགས་ཆེན་གྱི་གྲོས་གཞི་རྣམས་སྟོང་བསམ་མིན་པར། དངོས་ཡོད་གནས་བབ་དང་མཐུན་ཞིང་། བགྲོ་བསྡུར་བྱས་ཀྱང་ལག་བསྟར་ལ་ཁ་གསབ་ཐུབ་རེ་འདུག་པར་མངོན་པར་བསྟོད་དོ།།

    བོད་མི་རྣམས་དེང་སྐབས་ཕྱི་གླིང་ཞིག་ཏུ་ཡོད་ཚད་བློས་བཏང་ནས་བསྐྱོད་དང་སྐྱོད་བཞིན་དེ་ཡང་། རང་ཁ་རང་གསོ་ཡི་མིག་དཔེ་ཧ་ཅང་གི་ལེགས་པོ་ཞིག་ཡིན་པས། གཞུང་འབྲེལ་ནས་ཁོང་ཚོའི་བདེ་འཇགས་དང་ཉེན་སྲུང་སོགས་ལ་གང་ཐུབ་ཀྱི་ཐུགས་འཁུར་སྤུང་རོགས་དགོས་པ་ནི་ཆེས་ཛ་དྲག་ཅིག་ཡིན་བཞིན་འདུག་གོ།

    འདི་ནི་ང་ཚོ་་སྐྱབས་བཅོལ་བོད་མིའི་རྩ་དོན་དང་མི་རིགས་ཤིག་གི་ཆག་འཇིག་དང་ཧ་ཅང་འབྲེལ་ནས་འདུག་པས། གཞུང་གི་མདའ་མོའི་དཀྱུས་ས་ཁ་བསྒྱུར་བྱ་དགོས་པར་མཐོང་བཞིན་ནོ།།

    Reply
  3. ཀེ་ཏ་ཀ says:
    ལོ་ 14 སྔོན།

    སྔོན་མར་ང་ཚོའི་སེང་གེ་དཀར་མོ་འདི་གད་རྒྱངས་སྙིང་རྗེ་བོ་ཞིག་སྟེ། གཞིས་ཆགས་གཅིག་དང་ཕྱི་རྒྱལ་བོད་རིགས་ཚོགས་པ་རེ་མགོ་སྦྲེལ་གྱིས་གཞིས་ཆགས་ཡར་རྒྱས་གཏོང་གི་ཡིན་ཟེར་ནས། སྔ་མོ་ནས་ཡོད་པའི་གཞན་རྟེན་གྱི་ན་ཚ་རྙིང་པ་དེ་ལས་སླ་བོའི་ངང་འགྲུབ་རྒྱུར་འུར་རྒྱབ་ནས། ཡུལ་མཐའ་འཁོབ་ན་ཡོད་པའི་གཞིས་ཆགས་མི་མང་ལ་མགོ་སྐོར་སྙིང་རྗེ་བོ་ཞིག་བཏང་ཡོད་པ་རེད།

    ཡིན་ནའང། དེ་རིང་བཀའ་ཁྲིའི་ཁྲི་ལ་ཉམས་ཀྱིས་འགྱིང་རྗེས། “མགོ་སྦྲེལ “ཟེར་བ་དྲན་པ་གཏིང་བརྗེད་དུ་གྱུར་ནས། དེའི་སྐོར་ཚིག་ཙམ་བཤད་རྒྱུ་ཕར་ཞོག ཐ་ན་གཞན་བརྟེན་བསམ་བློ་དོར་དགོས་ཞེས་ཟམ་གདོང་ཚང་གི་བདེན་དོན་སྐྱོང་ལུགས་བསྐྱར་ཟློས་བྱེད་པ་འདི། བོད་ཀྱི་ལྷ་མི་སུ་འདྲ་ཞིག་གིས་གསན་པ་ཡིན་ན། བོད་ཀྱི་ཁ་སྟབས་འདི་འདི་ལྟར་མཐུར་ནས་མཐུར་དུ་འགྲོ་ངེས་པ་ཤེས་ནས་སེམས་མི་སྐྱོ་འམ།། ཨའོ་པཱ་མ་ཅིག་མཁྱེན།།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese