མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་གྲོས་ཚོགས་ནང་དོན་ཚན་ ༢༡ ཅན་གྱི་བོད་དོན་གྲོས་ཆོད་བཞག

བོད་ཀྱི་དུས་བབ།
༢༠༡༢/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་ཧྥ་རན་སིའི་སི་ཊ་སི་སྦག་ཏུ་ཚོཊ་པའི་ཡུ་རོབ་གྲོས་ཚོཊ་ཀྱི་ཚོགས་ཆེན་སྟེང་། ཡུ་རོབ་གྲོས་ཚོཊ་འཐུས་མི་ཚོས་བོད་དོན་དང་འབྲེལ་བའི་གྲོས་གཞི་དོན་ཚན་ ༢༡ ལ་མང་མོིས་གྲོས་ཆོད་བཞག་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་དུས་ཡུན་ཉིན་ཤས་རིང་ཧྥ་རན་སིའི་གྲོང་ཁྱེར་སི་ཊ་སི་བྷག་ཏུ་ཡུ་རོབ་གྲོས་ཚོཊ་ཀྱི་ཚོགས་ཆེན་བསྡུ་སྐོང་གནང་ཡོད་འདུག་ལ། ཚོགས་འདུའི་སྟེང་ཡུ་རོབ་གྲོས་ཚོཊ་ཀྱི་ཕྱི་འབྲེལ་དང་བདེ་འཇཊ་ཚོགས་ཆུང་གི་ཆེས་མཐོའི་སྐུ་ཚབ་ལྕམ་སྐུ་ཁེ་ཐི་རིན་ཨ་ཤི་ཊོན་(Catherine Ashton) མཆོག་གིས། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་འཛམ་གླིང་སྤྱི་དང་། བྱེ་བྲག་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་དུ་བརྩི་བཞིན་ཡོད་སྐོར་དང་། ད་ལོའི་ལོ་མགོ་ཙམ་ནས་བོད་ཀྱི་ས་ཁུལ་ཁག་ཏུ་བོད་མི་ཚོས་བསྟུད་མར་རང་ལུས་མེར་བསྲེཊ་བཏང་ཡོད་པ་མ་ཟད། ལྷག་པར་དུ་རྒྱ་ནག་ཉེན་རྟོག་པ་དང་ས་གནས་བོད་རིགས་མང་ཚོགས་བར་འཁྲུག་འཛིང་ཤོར་བ། ཉེ་ཆར་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེཊ་བཏང་རྗེས། རྒྱ་གཞུང་གིས་ཁུལ་དེར་གནས་སྡོད་བོད་མི་མང་པོ་གང་བྱུང་འཛིན་བཟུང་དང་། ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བཀག་འགོག་བྱས་པར་བློ་འཚབ་ཆེན་པོ་ཡོད་སྐོར་བརྗོད་འདུག

སྐབས་དེར་ཁོ་མོས་མུ་མཐུད་དུ་འདས་པའི་མི་ལོ་གསུམ་རིང་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བོད་ནང་ག་ཤེས་ཡོན་ཅན་དང་སྒྱུ་རྩལ་པ་སོགས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པ་དང་། བཙན་ཤེད་ཀྱིས་བོད་ཀྱི་འབྲོག་པ་རྣམས་གཞིས་སྤོ་བྱེད་དུ་བཅུག་པ་སོགས་ལ་ཐུགས་འཚབ་ཡོད་སྐོར་དང་། བོད་ཀྱི་སློབ་གྲྭ་ཁག་ཏུ་བོད་ཡིག་གི་ཚབ་ཏུ་རྒྱ་ཡིག་སློབ་ཚན་གཏན་འབེབས་བྱས་ཏེ། བོད་ཀྱི་སྐད་དང་རིག་གཞུང་རྩ་མེད་བཟོ་བའི་སྲིད་བྱུས་ཁག་ལ་སེམས་འཚབ་ཡོད་སྐོར་བརྗོད་ཡོད་འདུག

ཁ་སང་ཕྱི་ཚེས་ ༡༤ ཉིན་ཚོགས་ཆེན་སྟེང་ཡུ་རོབ་གྲོས་ཚོགས་འཐུས་མི་ཚོས། བོད་ཀྱི་གནད་དོན་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐོག་དོན་ཚན་ ༢༡ ཅན་གྱི་མང་མོས་གྲོས་ཆོད་ཅིག་ཡོད་ཅིང་། དེ་དག་ལས་གལ་གནད་ཅན་གྱི་གྲོས་ཆོད་ཁག་ནི། གཅིག འགྲོ་བ་མིའི་ཐོབ་ཐང་དང་མི་རིཊ་རང་ཉིད་ཀྱི་ཐུན་མིན་ངོ་བོ་དང་རིག་གཞུང་སྲུང་སྐྱོབ། ཆོས་དད་དང་འདུ་འཛོམས་རང་དབང་བཅས་སྲུང་སྐྱོབ་བྱ་རྒྱུ་ནི་ཡུ་རོབ་མཐུན་ཚོགས་ཀྱི་རྩ་དོན་ཡིན་སྟབས། ཕྱི་འབྲེལ་ཆབ་སྲིད་འབྲེལ་བ་གནང་སྐབས་རྩ་དོན་གཞིར་བཞག་སྟེ་ལག་ལེན་བསྟར་རྒྱུ། གཉིས། ཡུ་རོབ་མཐུན་ཚོགས་ཀྱིས་ད་ལོའི་ཕྱི་ཟླ་ ༥ ཚེས་ ༢༩ ཉིན་བྷེལ་ཇམ་རྒྱལ་ས་བྷར་སིལ་དུ། རྒྱ་ནག་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ་ཐེངས་ ༣༡ སྐབས། བོད་མི་གྲངས་ཉུང་མི་རིཊ་ལ་ཐོབ་ཐང་སྤྲོད་དགོས་ཚུལ་བརྗོད་ཡོད། གསུམ། ཡུ་རོབ་མཐུན་ཚོཊ་པ་དང་རྒྱ་ནག་བར་འགྲོ་བ་མིའི་ཐོབ་ཐང་བགྲོ་གླེང་བྱས་པ་དེས། བོད་ནང་གི་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་འགྲོ་རྒྱུར་གྲུབ་འབྲས་བྱུང་མེད། བཞི། ༸ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ཀྱིས་གཉིས་ཕན་གྱི་ལངས་ཕྱོཊ་བཟུང་སྟེ། རྒྱ་ནག་དང་མཉམ་དུ་གྲོས་མོལ་བྱས་ཀྱང་གྲུབ་འབྲས་མ་སོན་པར་ལུས་ཡོད། ལྔ། ༢༠༠༨ ལོའི་བོད་ནང་ཞི་རྒོལ་བྱུང་སྐབས། རྒྱ་གཞུང་གིས་བོད་མིའི་ཐོག་ཚད་ལས་བརྒལ་བའི་དྲག་གནོན་བྱས་ཡོད་པ་མ་ཟད། ལོ་དེ་ནས་རྒྱ་གཞུང་གིས་བོད་མིའི་སྨྲ་བརྗོད་དང་ཆོས་དད། འདུ་འཛོམས་རང་དབང་སོགས་ལ་སྔར་ལས་དམ་དྲག་བྱེད་མགོ་བཙུཊ་ཡོད། དྲུག ༢༠༠༨ ལོའི་ཞི་རྒོལ་སྐབས་བོད་མི་ ༢༠༠ འདས་གྲོངས་དང་། བོད་མི་ ༤༤༣༤ འཛིན་བཟུང་བྱས་ནས་ད་བར་བོད་མི་ ༦༥༠༠ བརྒལ་བར་འཛིན་བཟུང་བཀག་ཉར་བྱས་ཡོད་བཅས་འཁོད་འདུག

གྲོས་ཆོད་ནང་མུ་མཐུད་དུ་འཁོད་དོན། བདུན། ༢༠༡༠ ལོའི་ལོ་མཇུག་ལ་ས་བྱི་ལོའི་ཞི་རྒོལ་དང་འབྲེལ་བའི་སྲིད་དོན་བཙོན་པ་༨༣༡ ཡོད་པའི་ཁྲོད། བོད་མི་ ༣༦༠ ལ་ཉེས་འཛུགས་དང་དེའི་ནང་བོད་མི་ ༡༢ ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད། བརྒྱད། རྒྱ་གཞུང་གིས་བོད་མི་ཆབ་སྲིད་བཙོན་པས་ནག་ཉེས་ངོས་ལེན་ཡོང་ཆེད། བཙོན་ཁང་དུ་ལུས་པོར་གློག་རྒྱུག་འཛུགས་པ་དང་། ཁང་མིག་གཅིག་ཏུ་བཅུག་སྟེ་ཡུན་རིང་བཀག་ཉར་བྱེད་པ། ལྟོགས་སྐོམ་གྱི་མནར་གཅོད་གཏོང་བ། རྡུང་རྡེག་ཚ་ནན་གཏོང་བ་སོགས་བྱེད་ཀྱི་ཡོད། དགུ ༢༠༠༩ ལོ་ནས་སི་ཁྲོན་རྔ་པ་དང་བོད་ཀྱི་ས་ཁུལ་གཞན་དུ། གྲྭ་བཙུན་གཙོས་བོད་མི་ ༣༨ ཙམ་གྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་མི་ཚོར་ཆོས་དད་རང་དབང་དགོས་པ། ༸ཏཱ་ལའི་བླ་མ་མཆོག་རང་གི་ཕ་ཡུལ་དུ་གདན་ཞུ་དགོས་པའི་རེ་འདུན་བཏོན་ཡོད། བཅུ། གྲྭ་བཀྲ་བྷེ་ལགས་དང་འཆི་མེད་དཔལ་ལྡན། བསྟན་པ་དར་རྒྱས། འཇམ་དབྱངས་དཔལ་ལྡན། བློ་བཟང་རྒྱ་མཚོ། བསོད་ནམས་རབ་ཡངས། ཟླ་བ་ཚེ་རིང་། སྐལ་བཟང་དབང་ཕྱུག བློ་བཟང་སྐལ་བཟང་། བློ་བཟང་དཀོན་མཆོག་སོགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྨས་སྐྱོན་ཕོག་ཡོད་པ་རྣམས་གང་དུ་ཡོད་མེད་དང་ཁོང་ཚོའི་གནས་སྟངས་ཅི་ཡིན་ཤེས་རྟོགས་ཐུབ་ཀྱི་མེད། བཅུ་གཅིག རྒྱ་ནག་གཞུང་གིས་ ༡༩༩༥ ཟླ་ ༥ ཚེས་ ༡༤ ཉིན་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཀག་ཉར་བྱས་ཏེ་ད་བར་གར་སོང་ཆ་མེད་དུ་གྱུར་ཡོད། བཅུ་གཉིས། བོད་ནང་རྒྱ་རིཊ་འབོར་ཆེན་གནས་སྤོ་བྱས་པ་དང་། བོད་མི་འབྲོག་པ་ཚོར་འབྲོག་ས་ནས་གཞིས་སྤོས་བྱེད་དུ་བཅུག་པ་དེས། ལོ་རྒྱུས་རང་བཞིན་ལྡན་པའི་བོད་མི་རིགས་ཀྱི་ཆོས་དང་སྐད་ཡིག ཐུན་མིན་ངོ་བོ་དང་རིག་གཞུང་ཕྱུག་པོ་ཡོད་པ་དེ་དག་རྩ་མེད་བཟོ་བཞིན་པ། བཅུ་གསུམ། ཡུ་རོབ་གྲོས་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཆེད་དམིཊ་བསལ་སྐུ་ཚབ་བསྐོ་གཞག་བྱས་ཏེ། ལས་འགན་གཏན་འབེབས་བྱ་རྒྱུའི་ལས་རིམ་ཐོག་འབད་བརྩོན་བྱ་རྒྱུ་ཞེས་འཁོད་འདུག  

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

From left 1. BTSM women members, 2. Shri Rupesh Kumar, National Central Executive Member of Rashtriya Swayamsevak Sangh (RSS), 3. Shri Lt. Gen. R.K. Sharma (Retd.), 4. Shri Indresh Kumar, Patron of BTSM, 5. Thupten lungrig, Former Cabinet Minister, 6. Shri Pankaj Goyal, National Organisational Secretary, BTSM, 7. Shri Sanjeev Manmotra, BTSM Jammu.
Mobile App

ལུས་སེམས་གཉིས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་མུ་མཐུད་བྱ་རྒྱུ་ཡིན།

ཆུ་ཚོད་ ༡༧ སྔོན་ལ།
དགའ་ལྡན་བྱང་རྩེ་གྲྭ་ཚང་ནས་ཡིན་པའི་དགེ་འདུན་པ་བཀྲ་ཤིས་དོན་གྲུབ་ལགས། རྒྱ་གར་གསར་ལམ་ཁག་གི་པར།
Mobile App

དགེ་འདུན་པ་ཞིག་དམར་གསོད་བཏང་བའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༩ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར
Mobile App

དབུས་འོས་བསྡུ་ལས་ཁང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་གཏུགས།

༢༠༢༦/༠༥/༠༥
This photograph taken during a government-organized media tour shows a young boy standing near his house in Damxung county, in China’s Tibet Autonomous Region, in June 2021. (Photo: Hector Retamal/AFP)
Mobile App

འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་བཞིན་པ་ཐེར་འདོན་གནང་། 

༢༠༢༦/༠༥/༠༥
Tibetans in Nepal Advised not to Hold March 10 Rallies
Mobile App

ཨ་རིས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བར་ལྟ་རྟོག་དགོས་པའི་སྐུལ་མ་བྱས།

༢༠༢༦/༠༥/༠༥
ཐའེ་ལན་ཌིའི་གསར་འགོད་པ་ཝུའུ་ཌི་མི་ལིན་ཊ་ཆིན་ཊ་(Woody Milintachinda) ལགས་ཀྱིས་སྣེ་འཁྲིད་པའི་ནང་པའི་ཚོགས་པ་ཐའེ་ལན་ཌི་ཝུའུ་ཌི་ཝོེ་ཌི་(Woody World Thailand ) ཡི་ཚོགས་མི་ ༢༠ ཡིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས། ༢༠༢༦།༠༥།༤
༸གོང་ས་མཆོག གསར་འགྱུར།

ཐའེ་ལན་ཌི་དང་བོད་བར་གྱི་འབྲེལ་ལམ་དེ་ནི་འབྲེལ་མོལ་གྱིས་མཐུན་སྒྲིལ་ཡོང་བའི་དཔེ་མཚོན་ཡག་པོ་ཞིག་ཡིན་ཞེས་བཤད།

༢༠༢༦/༠༥/༠༤

མཆན། 3

  1. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 14 སྔོན།

    གྲོས་ཆོད་བཞག་ཐུབ་པ་ཙམ་གྱི་ཧ་ཀྱང་ཕན་ཐོག་ཡོད།

    Reply
  2. བཀྲ་ཤིས། says:
    ལོ་ 14 སྔོན།

    བདེན་པའི་རྒྱབ་ཏུ་བཞེངས་པའི་སྐུར་འོས་ཚོགས་མི་རྣམས་ལ་བཀྲིན་ཆེ་ཞུ།

    Reply
  3. མི་ཆུང་ཁ་བདེ། says:
    ལོ་ 14 སྔོན།

    ཡ་་ཡ་་་གྲོས་ཆོད་ལག་ལན་མ་ལྟར་མ་བྱེད་ན་་གྲོས་ཆོད་རྒྱབ་མི་སྟོངས་བཞག་ནས་ཅི་ཕན་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese