མདང་དགོང་ཐེག་ཆེན་གཙུག་ལག་ཁང་དུ་བོད་གཞུང་མང་གཉིས་ཀྱིས། རྒྱལ་གཅེས་པ་རྟ་མགྲིན་ཐར་དང་ངག་དབང་ནོར་འཕེལ། བསྟན་འཛིན་མཁས་གྲུབ་བཅས་ཀྱི་ཆེད་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཚོཊ་སོང་།
དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག མདང་དགོང་ཆུ་ཚོད་ ༥ པའི་སྟེང་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་བཙན་བྱོལ་བོད་མིའི་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པའི་གཙོས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ངྷ་ས་ཁུལ་གྱི་སེར་སྐྱ་མང་ཚོགས་བཅས་ཁྱོན་མི་བརྒྱ་ཕྲག་ལྷག་འདུ་འཛོམས་ཐོག ཉེ་ལམ་མདོ་སྨད་གཅན་ཚ་རྫོང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ། འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་པ་རྟ་མགྲིན་ཐར་ལགས་དང་། ཁ་སང་ཉིན་རྒྱབ་ཁམས་རྫ་སྟོད་དུ་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་པ་ངག་དབང་ནོར་འཕེལ་ལགས་དང་། བསྟན་འཛིན་མཁས་གྲུབ་བཅས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་མཆོད་འབུལ་སྨོན་ལམ་རྒྱས་པ་ཞིག་ཚོགས་ཡོད།
དེ་བཞིན། མདང་དགོང་ཆུ་ཚོད་ ༧ པའི་སྟེང་ནོར་གླིང་འཆི་མེད་དགའ་ཚལ་གླིང་དགོན་པའི་ནང་ནོར་གླིང་ཁུལ་གྱི་སེར་སྐྱ་མང་ཚོགས་བརྒྱ་ལྷག་འདུ་འཛོམས་ཀྱིས་བསྔོ་སྨོན་མཆོད་འབུལ་ཞིག་ཀྱང་གནང་ཡོད།
གསར་འགོད་པ། དཔལ་ལྡན།
མཆོད་འབུལ་སྨོན་ལམ་དང་བསྒྲགས་གཏམ་ལས་གཞན་ལས་འགུལ་སྤེལ་ན་བོད་རྒྱ་ཞི་མོལ་ལ་ཆི་གཙིག་རེད་འགྲོ་ལ་ཨི་རེད།
ལྐོག་ཤེས་ལགས་ཁྱེད་རིང་ལ་ཡང་དབང་ཆ་ཆ་ཚངས་ཡོད་རེདའབྱོན་ཐང་ཡོད་ན། སོོ་སོའི་གཞུངས་ལ་ཕན་མ་ཐོག་ན་སྤྱོན་འཛོག་ཡ་དེ་ཡག་པོ་མ་རེད་ལ་སེམས་ཤུག་དེ་ལས་ཀྱང་མ་རེད།
བོད་གཞིས་ལུས་རྒྱལ་ཆེ་མི་དམངས་ཀྱིས་རང་ལུས་མེར་བསྲེགས་ཏེ། རྒྱ་གཞུང་ལ་ངོ་རྒོལ་བགྱིིས་པ་སྟེ་སྤྱིར་སེམས་ཤུགས་དང་ལྷག་བསམ་ཡིན་པ་སྨྲ་དགོས་མི་ཞིང་། དེ་བས་ཚུལ་འདི་ལ་དགག་སྒྲུབ་ཀྱི་བྱ་བ་ནི་དེ་སྔོན་སུ་ཞིག་ཀྱང་མ་བྱས་ཤིང་། དེ་ནི་མཐར་གཏུག་གི་གནས་ཚུལ་ལ་བསམས་ན་ལེགས་པོ་ཞིག་མ་ཡིན་ཏེ། འབྱུང་འགྱུར་དཔའ་བོ་འདི་དག་གིས་བློས་བཏང་བཞིན་དུ་གྲུབ་འབྲས་ཤིག་མ་བྱུང་ན་ཡིད་འཕམ་དགོས་པའི་ཚུལ་ལས་འདས་མེད་དོ། སྤྱིར་བོད་ཀྱི་མི་འབོར་ཉུང་པས་དེ་བས་ལྷག་བསམ་དང་སེམས་ཤུགས་ལྡན་པའི་སྐྱེ་བོ་དེ་དག་ནམ་ཞིག་མེད་པར་གྱུར་ཚེ། སླད་མར་མུ་མཐུད་དེ་བྱ་བ་འདི་རྒྱུན་འཁྱོངས་བྱེད་མཁན་དང་སྣེ་ཁྲིད་བྱེད་མཁན་ཉུང་དུ་འགྲོ་བའི་ཉེན་ཁ་ཡང་ཡོད་ལ། གལ་ཏེ་དེ་འདྲ་ཞིག་གྱུར་ཚེ་ཉིན་ཞིག་བོད་དོན་ལ་དོ་སྣང་དང་སེམས་འཁུར་བྱེད་མི་མེད་པས། དེས་ན་འོ་ཅག་གི་བྱ་བ་མཐའ་དག་མེད་པར་གྱུར་སྲིད། དེ་ནི་འབྱུར་འགྱུར་གྱི་ལོ་རྒྱུས་ཀྱི་ཐོག་ལ་བུ་རབས་ཚ་རྒྱུད་རྣམས་ཀྱིས་ལྟ་དུས་ཡོད་ཚད་མེད་པར་གྱུར་ཡོད། སྐབས་དེར་གནས་པའི་བོད་མི་ཤ་ཁྲག་རུས་གསུམ་ལས་གྲུབ་པའི་རླབས་ཆེན་མི་སྣ་སུ་ཞིག་གིས་ཀྱང་། ཡོ་སྲང་མི་ཐུབ་པའི་གླེགས་བམ་གྱི་ཕུང་པོ་ཞིག་ལྷག་ཡོད། གླེགས་བམ་གྱི་ཕུང་པོ་དེ་མཁས་གླེན་སུ་ཞིག་གིས་བཀླགས་ཀྱང་ཡིད་ཐང་ཆད་དགོས་པའི་གནས་ཚུལ་ཞིག་འདས་མེད། དེའི་ཕྱིར་ངས་བལྟས་ན་སྤྱིར་རྒྱལ་གཅེས་དཔའ་བོ་རྣམས་ལ་རྗེས་དྲན་དང་། སྨོན་ལམ་དང་མཆོད་འབུལ་སོགས་བྱེད་རྒྱུ་ནི་གལ་ཆེ་ཡང་། དེ་བས་རང་ལུས་མེ་སྲེག་གི་བྱ་བ་དེ་དག་མི་བྱེད་པར་མཚམས་འཇོག་བྱ་རྒྱུའི་རེ་སྐུལ་ཞིག་ཞུ་དགོས་པར་འདུག་སྟེ། འདི་ནི་དྲང་པོར་བཤད་ན་ཕྱི་ནང་གི་མི་རིགས་མཐའ་དག་ལ་གྲུབ་འབྲས་མ་ཐོན་པའི་གནས་ཤིག་འགྱུར་བར་ད་ལྟའི་གནས་སྟངས་ལ་བལྟས་ན་ཤེས་ནུས་པ་དེའོ།
མཆོད་འབུལ་གལ་ཆེན་པོ་རེད། དབུས་སྒྲིག་འཛུགས་ལ་དེ་ལས་ཇི་ཡང་མེད་སོང་བ་རེད་དམ། བཀའ་ཁྲི་བློ་སེང་གིས་བོད་ཀྱི་རིགས་གནས་མི་ཤེས་བ་ནི་ཤེས་གསལ་རེད། ཆོས་དེ་ཀྱང་མི་ཤེས་བ་བཤད་ཅི་དགོས། ཁོ་ལ་ཡོད་པ་ནི་ཕྱི་འབྲེལ་ཡིན་བསམ་གི་ཡོད་པ་རེད། དེ་ཡང་ཅི་ཡང་མི་འདུག དཔར་དང་བརྙན་པར་སོགས་དཔའ་རྒོད་ཚོའི་རང་ལུས་མེ་སྲེག་གི་ལས་འགུལ་ཇི་འདྲའི་མཛོམས་པོ་མང་པོ་ཞིག་འདུག ཡིན་ཡང་BBC དང་CNN་ ད་དུང་Al Jazeera་སོགས་སྐད་གྲགས་ཅན་གྱི་གསར་ལས་ཁང་ན་མཐོང་ཡ་མི་འདུག མཉམ་འབྲེལ་རྒྱལ་ཚོགས་དང་སྲིད་གཞུང་ཁག་ལ་མེ་སྲེག་གི་ལས་འགུལ་འདི་དུས་ཐོག་དུས་ཐོག་ལ་ཐོན་གི་ཡོད་མེད་ལ་དོགས་པ་ཆེན་པོ་ཡོད། འདི་དག་གིས་བོད་མི་རིགས་ཀྱི་ཆེད་ལ་་མི་ལུས་རིན་ཆེན་མེ་ལ་བསྲེག་པ་རེད། གད་སྙིགས་མེ་ལ་བསྲེགས་པ་མ་རེད། དེང་སང་རྡ་ས་ནས་གད་སྙིགས་ཡང་གང་བྱུང་མེ་ལ་བསྲེག་ཆོག་གི་མི་འདུག་ག བོད་ཀྱི་གསར་ལམ་ཁ་ཤས་ལ་གནས་ཚུལ་རེ་བཀོད་ནས་མཆོད་འབུལ་རེ་བྱས་ནས་བསྡད་འདུག་ག ལས་རྒྱུ་འབྲས་ལ་རུང་གི་མ་རེད།