མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ཕམ་ནང་ཕུང་གི་རྐྱེན་རྩ།

བོད་ཀྱི་དུས་བབ།
༢༠༡༢/༠༦/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༥༩ སྟེང་གི་རྩོམ་སྒྲིག་པའི་གཏམ།

སྲོག་ལྡན་སུ་ཞིག་ཡིན་རུང་འཚོ་བ་དང་འཚོ་ཐབས་གལ་ཆེན་དུ་བརྩི་བ་ནི་ལྷན་སྐྱེས་ཀྱི་རང་གཤིས་ཡིན་ལ། འགྲོ་བ་མིའི་རིགས་ཀྱང་སྐྱེས་པ་ནས་འཆི་བའི་བར་དུ་འཚོ་གནས་ཀྱི་ཆེད་དུ་འདུར་རྒྱུག་བྱེད་ཀྱི་ཡོད། འོན་ཀྱང་འཚོ་བའི་འདུ་ཤེས་ཤུགས་ཆེ་དྲགས་ཏེ་སྒེར་གྱི་འཚོ་ཐབས་གཅིག་པུ་ལས་གཞན་ཅི་གང་མི་དགོས་མཁན་ཞིག་ཡིན་ཚེ། དེ་ནི་དུད་འགྲོ་ལས་ལོགས་སུ་དགར་སྟངས་མེད་ལ་དགར་བའི་དགོས་པ་རྒྱུ་མཚན་ཡང་ཆེན་པོ་མེད།

    སྤྱིར་གཞུང་ལུགས་ཀྱི་ཐོག་ནས་འཚོ་བའི་འདུ་ཤེས་ཅི་ཙམ་ཆེ་བ་དེ་ཙམ་གྱིས་དཔལ་འབྱོར་གནས་བབ་ཇེ་ལེགས་སུ་འགྲོ་བ་ཆོས་ཉིད་ཡིན་ཡང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་མཚོན་ན། སྒེར་གྱི་འཚོ་བའི་འདུ་ཤེས་ཤུགས་དྲགས་ཏེ། ཆེ་ས་ནས་སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར་སོགས་ལ་གྱོང་རྒྱག་གི་ཡོད་ལ། ཆུང་ས་ནས་མི་སྒེར་གྱི་ཤེས་ཡོན་གོང་འཕེལ་དང་འཚོ་གནས་འཕྲོད་བསྟེན། བདེ་འཇགས་མཐུན་སྒྲིལ་བཅས་ཀྱང་དཀའ་ཉེན་ལ་གཏོད་ཀྱི་ཡོད། མི་སྒེར་གྱི་འཚོ་བའི་འདུ་ཤེས་ཐལ་སྤྱོད་ཀྱི་དབང་གིས་བོད་སྤྱི་བའི་འཚོ་གནས་འཇིག་ཉེན་ལ་ཐུག་གི་ཡོད།

    སྒེར་གྱི་འཚོ་ཐབས་ལ་ཐུག་ཡོང་དུས་སྤྱི་བའི་ལས་དོན་དོར་རྐྱང་དང་རྩ་དོན་འཐབ་རྩོད་བློས་གཏོང་བ། ཕ་མ་སྤུན་མཆེད་ཀྱི་འབྲེལ་བ་རྩ་ནས་གཅོད་པ་དང་། དགའ་བོ་ཉེ་བོ་ཚོའི་བརྩེ་བ་རྨང་ནས་བཤིག་པ། སྒེར་གྱི་འཚོ་བར་ཐུག་ཡོང་དུས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ས་གནས་ཀྱི་ཡུལ་ཁྲིམས། མི་རིགས་ཀྱི་གོམ་སྲོལ་དག་ཀྱང་རྡོག་བརྫིས་གཏོང་བ་དང་།  ཐ་ན་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས། བོད་མིའི་བཟང་སྤྱོད་གང་ལའང་འཇིགས་ཞུམ་མེད་པའི་སྙིང་སྟོབས་ཤིག་དང་སྐྱུ་ལྤགས་ཞིག་ཡོད། 

    དུས་རབས་ཕྱེད་ལྷག་ལ་རྩ་དོན་འཐབ་རྩོད་ལ་གྲུབ་འབྲས་མ་ཐོན་པའང་མཐར་གཏུགས་ན་བོད་མི་ཚོར་སྒེར་གྱི་འཚོ་བའི་འདུ་ཤེས་ཤུགས་དྲགས་པ་འདིས་ལན་ལ། ལོ་ངོ་སུམ་ཅུར་ཤེས་ཡོན་འཐུས་ཤོར་དུ་ཕྱིན་པ་ཡང་ཤུགས་དྲག་པའི་འདུ་ཤེས་འདིས་བསྐྱལ། གཞིས་ཆགས་སྲ་བརྟན་མེད་པར་ཁ་འཐོར་ཡུ་འཐོར་དུ་འགྲོ་བཞིན་ཡོད་པའང་འདི་ཤེས་འདིས་ཕུང་ལ། སློབ་གྲྭ་སློབ་མའི་སྟོང་གི་ཡོད་པ་དང་དགོན་པར་གྲྭ་རྒྱུན་ཆད་ཀྱི་ཡོད་པའང་འདུ་ཤེས་འདིས་བརླགས། 

    སྔོན་ཆད་བོད་ནང་འཚོ་གནས་ཀྱི་འདུ་ཤེས་ཞན་པ་དང་། བདག་འཛིན་གྱི་བསམ་བློ་ཆུང་དྲགས་པའི་དབང་གིས་ཁེ་དང་རྒྱལ་ཁ་ཡོད་ཚད་གཞན་ལ་བྱིན་ཏེ། གྱོང་དང་ཕམ་ཁ་ཡོངས་རྫོགས་རང་གིས་འཁུར་གྱི་ཡོད་པ་དང་། གོ་སྐབས་ཁེ་སྤོགས་ཡོད་ཚད་གཞན་ལ་ཤོར་ཏེ་བོད་པ་རྗེས་ལུས་ནས་ཡང་ལུས་ཐེབས་ཀྱི་ཡོད་པའི་སེམས་ཚོར་ཞིག་ཤེས་ཡོན་པའི་སྡེ་ལ་བྱུང་ཡོད་ཀྱང་། དེ་ཡང་མཐར་གཏུགས་ན་སྒེར་བའི་གནས་སྐབས་ཀྱི་སྐྱིད་ཐབས་བདེ་ཐབས་ལ་མགོ་འཁོར་ཏེ། བོད་མི་རིགས་སྤྱིའི་འཚོ་གནས་སྐྱ་ཟད་སྔོ་གཏུགས་ཆགས་ཀྱི་ཡོད་པའི་ངུ་འབོད་ཅིག་ཡིན།

            བཙན་བྱོལ་ནང་གི་མི་རབས་རྒན་པ་ཚོས་བཤད་ན། བོད་པ་བཙན་བྱོལ་དུ་ཐོག་མར་འབྱོར་སྐབས། མི་ཚང་མར་སྤྱི་སེམས་ཆེ་ཞིང་བློ་རྩ་བརྟན་པ། ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་འཐབ་རྩོད་ཐོག་གཏོང་ཕོད་མཁན་ཤ་སྟག་ཡིན་ཚུལ་བཤད་མོད། དུས་མཚམས་གང་ཞིག་ཏུ་འགྱུར་བ་དང་རྒྱུ་སྐྱེན་ཅི་ཞིག་གིས་བརླགས་པ་མི་ཤེས་མོད། ད་ཆར་བཙན་བྱོལ་བོད་མི་ཚོར་སྒེར་གྱི་འཚོ་གནས་ཀྱི་དངངས་སྐྲག་དང་འཚོ་ཐབས་ཀྱི་ཧམ་སེམས་དབང་གིས་རང་ཉིད་ཆབ་སྲིད་སྐྱབས་བཅོལ་བ་ཡིན་པ་དང་། རང་གི་ལུང་པ་གཞན་ལག་ཏུ་ཡོད་པའི་དྲན་ཤེས་ཀྱང་ཉམས་ཏེ། སྒེར་གྱི་འཚོ་ཐབས་དེ་ཡོད་ཚད་ནས་ཡོད་ཚད་ཀྱི་གོང་དུ་འཇོག་པའི་རིམས་ནད་ཀྱིས་བཏབས་ཏེ། བོད་སྤྱི་བའི་ལས་དོན་དང་ཡང་སྒོས་བཙན་བྱོལ་སྤྱི་ཚོགས་ཕྱི་ཕམ་ནང་ཕུང་དུ་གཏོང་བཞིན་ཡོད།

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༢༡ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese