ཨ་རིའི་རྒྱལ་དོན་དྲུང་ཆེ་ཧེ་ལཱ་རེ་དྲུང་ཆེའི་ལས་ཁུར་ཞུས་པའི་ལོ་གསུམ་དང་ཕྱེད་ཀའི་རིང་འཛམ་གླིང་གི་རྒྱལ་ཁབ་ ༡༠༠ ནང་ཕྱོགས་སྐྱོད་བྱས་ཡོད་ཅིང་། དེ་ནི་ལོ་རྒྱུས་ཀྱི་ཟིན་ཐོ་ཞིག་ཏུ་གྱུར་ཡོད་འདུག
ཕྱི་ཚེས་ ༢༨ ཉིན་ཨ་རིའི་རྒྱལ་དོན་དྲུང་ཆེ་ཧེ་ལཱ་རེ་(Hillary Clinton) ལཱ་ཊི་ཝི་ཡཱའི་(Latvia) རྒྱལ་ས་རཱེ་གྷའི་ནང་རྒྱལ་དོན་གཟིགས་སྐོར་དུ་ཕྱིན་པ་དེ་ནི། ཨ་རིའི་ལོ་རྒྱུས་ནང་གི་རྒྱལ་དོན་དྲུང་ཆེ་ཞིག་རྒྱལ་ཁབ་ ༡༠༠ ནང་སྐོར་སྐྱོད་བྱས་པ་ཐོག་མ་དེ་ཆགས་ཡོད་ཅིང་། ཧེ་ལཱ་རེ་ནི་དུས་རབས་ཤིག་གི་ཨ་རིའི་དྲུང་ཆེའི་ཚབ་མཚོན་མི་སྣ་ཞིག་ཏུ་གྱུར་ཡོད་པ་མ་ཟད། བུད་མེད་ཀྱི་ཚབ་མཚོན་མི་སྣ་ཞིག་ཀྱང་ཆགས་ཡོད་པ་རེད།
ད་སྔ་ཨ་རིའི་རྒྱལ་དོན་དྲུང་ཆེ་རྣམས་ཀྱི་ཁྲོད་དྲུང་ཆེའི་ལས་ཁུར་སྐབས་རྒྱལ་ཁབ་ ༩༦ ལས་མང་བར་སྐྱོད་མྱོང་མཁན་བྱུང་མྱོང་མེད་པ་དང་། ཧེ་ལཱ་རེའི་གོང་དུ་རྒྱལ་ཁབ་མང་ཤོས་ནང་ཕྱོགས་སྐྱོད་བྱེད་མཁན་ནི། སྲིད་འཛིན་ཟུར་པ་བྷེལ་ཁཱི་ལེན་ཊོན་(Bill Clinton) གྱི་སྲིད་འཛིན་སྐབས་གཉིས་པའི་དུས་ཀྱི་རྒྱལ་དོན་དྲུང་ཆེ་ཨལ་བྷི་རའེ་ཊི་(Madeleine Albright) ཡིན་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྤེལ་བའི་གནས་ཚུལ་ནང་། ཧེ་ལཱ་རེ་རྒྱལ་དོན་དྲུང་ཆེར་བསྡད་ནས་ལོ་༣དང་ཕྱེད་ཀའི་ནང་ཉི་མ་ ༣༣༧ ཕྱོགས་སྐྱོད་ལམ་བར་ནས་བཏང་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
བོད་གཞུང་གི་ཕྱི་འབྲེལ་བཀའ་བློན་ལ་མཚོན་ན། ཕྱི་འབྲེལ་ཆེད་ཕྱོགས་སྐྱོད་བྱེད་མ་འདོད་པའམ། ཡང་ན་ཕྱོགས་སྐྱོད་ཀྱི་ལས་དོན་བསྒྲུབ་མ་ནུས་པ་ཡིན་རྒྱུ་མ་རེད་བསམ།
ཅི་ཞིག་གི་རྐྱེན་གྱིས་བཀའ་ཁྲི་བློ་སེང་གིས་ཕྱི་འབྲེལ་གྱི་ལས་ཀ་དང་། དེའི་གོ་སྐབས་ཚང་མ་ད་བར་དུ་ཁོ་རང་གིས་བཟུང་འདུག་པ་གསལ་པོ་རེད། དེ་ནི་བཀའ་ཁྲིའི་ཕྱོགས་སྐྱོད་ཁག་གི་ངོ་བོས་ཀྱང་གསལ་ཡོང་།
ཨ་རི་སྟོབས་ཆེན་གྱི་རྒྱལ་ཁབ་གཅིག་གིས་ངོས་ནས་བརྗོད་ན་ལྕམ་ཧེ་ལ་རེས་རྒྱལ་ཁབ་ ༡༠༠ ནང་ཕྱོགས་བསྐྱོད་བྱས་པ་དེར་ཧ་ལས་རྒྱུ་གང་ཡང་མེད། ཡིན་ནའང་ཨ་རིའི་བུད་མེད་གཅིག་གིས་ངོས་ནས་རྒྱལ་དོན་དྲུང་ཆེའི་གནས་བབ་བཟུང་ནས་ཕྱི་འབྲེལ་ལས་དོན་གལ་ཆེན་ཁག་གི་འོས་འགན་ལྕི་མོ་དེ་འདྲའི་འཁུར་བླངས་ཐུབ་པ་དེ་ནི་འཛམ་གླིང་རྒྱལ་ཁབ་གཞན་གྱི་བུད་མེད་ཚོར་ཡང་སེམས་ཤུགས་དང་རེ་བ་སྤོབས་པ་སྐྱེ་གཞིའི་གནས་ཚུལ་ཞིག་རེད།
ཆེ་ཆུང་ལ་མ་ལྟོས་པར་ང་ཚོའི་ཕྱི་འབྲེལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཀྱང་ཕྱི་བསྐྱོད་ལས་དོན་གྱི་འགན་འཁུར་གང་ཐུབ་ལེན་བཞིན་ཡོད་པ་དེ་ཡང་བོད་རིགས་བུད་མེད་ཞིག་གིས་ངོས་ནས་བརྗོད་ན་གཟི་བརྗིད་ཅིག་རེད།
གང་ལྟར་བོད་པའི་བུད་མེད་ཚོས་སོ་སོའི་ལས་རིགས་གང་གི་ཐོག་ཏུ་ཡིན་ནའང་དེར་གྲུབ་འབྲས་དང་བྱས་རྗེས་འཇོག་ཐུབ་པའི་རེ་བ་དང་དམིགས་ཚད་ངེས་ཅན་བཟུང་དགོས།