མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཐབ་རྩོད་ཀྱི་སེམས་ཤུགས་ཚད་མཐོན་པོར་སླེབས་ཡོང་གི་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp


བོད་ནས་འབྱོར་བའི་
བུད་མེད་མཐོ་རིམ་སློབ་མ་ཞིག་གིས་བརྗོད་ན། བོད་ནང་ལ་མཚོན་ན། གཞོན་སྐྱེས་ཚོ་རང་གི་སྐད་ཡིག་རིག་གཞུང་ལ་དགའ་ཞེན་དང་མི་རིགས་ཀྱི་འདུ་ཤེས། འཐབ་རྩོད་ཀྱི་སེམས་ཤུགས་དང་སྙིང་སྟོབས་ཚད་མཐོན་པོར་སླེབས་ཡོང་གི་འདུག་ཟེར།

ཉེ་ལམ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་ནས་ཡིན་ཞིང་། མཚོ་སྔོན་མི་རིགས་སློབ་ཆེན་མཐར་ཕྱིན་རྗེས་པེ་ཅིན་དང་ཟི་ལིང་། མཚོ་ལྷོ་ཁུལ་བཅས་ས་གནས་ཁག་ཅིག་ཏུ་ལས་ཀ་བྱས་མྱོང་མཁན་གྱི་བུད་མེད་ཅིག་བཞུགས་སྒར་ངྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་འབྱོར་ཡོད་ཅིང་། ཕྱི་ཚེས་ ༢༧ ཉིན་འདི་གའི་གསར་འགོད་པས་ཁོང་མོར་ཆབ་ཆ་ས་ཆའི་གནས་སྟངས་དང་བོད་ནང་གི་གཞོན་སྐྱེས་ཚོའི་བསམ་བློའི་འཁྱེར་སོ་བཅས་ཀྱི་སྐོར་ལ་བཅར་འདྲི་བྱས་པ་ཡིན།

སྐལ་བཟང་ལྷ་མོ་ལགས་ཀྱིས་བརྗོད་དོན་ལྟར་ན། ༢༠༠༨ ལོའི་ཡར་སྔོན་དུ་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་དུ་དམག་མིས་མེ་མདའ་ཁུར་ཏེ་སྲང་ལམ་དུ་མྱུལ་ཞིབ་བྱེད་པ་དང་། དམིགས་བསལ་བོད་མི་ཚོ་གང་བྱུང་འཛིན་བཟུང་བྱས་པའི་གནས་ཚུལ་མཐོང་ཐོས་མེད་ཀྱང་། ཉིས་སྟོང་བརྒྱད་ལོར་ཞི་རྒོལ་བྱུང་བ་དང་། མཚོ་ལྷོ་ཁུལ་གྱི་ས་གནས་ཁག་ཅིག་ནང་ངོ་རྒོལ་སྐད་འབོད་བྱུང་རྗེས་རྒྱ་གཞུང་གིས་ཆབ་ཆ་གྲོང་རྡལ་གྱི་ས་གནས་གང་སར་དམག་མི་འགྲེམས་འཇོག་གིས་ལྟ་རྟོག་ནན་མོ་བྱས་ཡོད་པ་མ་ཟད། ཁུལ་དང་གྲོང་རྡལ་གྱི་ས་གནས་སུ་བོད་དོན་དང་འབྲེལ་བའི་སྐད་འབོད་ཁྲོམ་སྐོར་ཕར་ཞོག ཐ་ན་བོད་མི་རེ་ཟུང་དུས་མཉམ་དུ་བསྡད་དེ་སྐད་ཆ་བཤད་པར་ཡང་ལྟ་རྟོག་སྟངས་འཛིན་བྱེད་ཀྱི་ཡོད་འདུག་ལ།  གྲོང་གསེབ་ཁག་ཏུ་༸གོང་ས་མཆོག་གི་སྐུ་པར་བཤམ་པའི་གནས་ཚུལ་རེ་ཟུང་ཡོད་སྲིད་པ་ལས། གྲོང་ཁྱེར་ནང་སྡོད་མཁན་བོད་རིགས་ལས་བྱེད་ཚོའི་ནང་༧གོང་ས་མཆོག་གི་སྐུ་པར་བཤམ་མི་ཆོག་ཅིང་། མང་ཚོགས་དགོནཔར་མཆོད་མཇལ་དུ་འགྲོ་བ་དང་། དགོན་སྡེ་ཕན་ཚུན་ནང་སློབ་གཉེར་ཏུ་སྐྱོད་མཁན་གྲྭ་བཙུན་བཅས་ཀྱིས་ཀྱང་སྲིད་གཞུང་གི་ཆོག་མཆན་ཞུ་དགོས་པ། ལྷ་སར་མཆོད་མཇལ་འགྲོ་མཁན་ཚོས་ཞང་དང་རྫོང་རིམ་པར་ཐོ་འགོད་བྱས་ཏེ་འགྲོ་དགོས་པ་སོགས་ཀྱི་གནས་སྟངས་ངོ་སྤྲོད་གནང་བྱུང་།

དེ་བཞིན། ལོ་སྔ་ཕྱིར་རྔ་པ་གཙོས་བོད་ཀྱི་ས་ཁུལ་ཁག་ཏུ་བོད་མི་མང་པོས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པའི་གནས་ཚུལ་དག་ཀྱང་། རྒྱ་གཞུང་གིས་གསར་ལམ་དང་ཁ་པར་བརྒྱུད་ལམ་རིགས་བཀག་སྡོམ་བྱས་ཏེ། ས་གནས་མང་ཚོགས་ཚོས་ཐད་ཀར་མཐོང་ཐོས་ཐུབ་ཀྱི་མེད་ཀྱང་། རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་སྤུན་མཆེད་གྲོགས་པོ་ཚོ་བརྒྱུད་དེ་གནས་ཚུལ་གོ་བཞིན་ཡོད་པ་དང་། གནས་ཚུལ་དེ་རིགས་ཀྱང་གྲོང་གསེབ་ནས་གྲོང་ཁྱེར་ནང་བརྒྱུད་སྒྲོག་བྱེད་ཀྱི་ཡོད་འདུག གནས་ཚུལ་དེ་དག་གི་རྐྱེན་པས་རྒྱ་གཞུང་གིས་དམ་དྲག་ཇི་ཙམ་ཆེ་ཡང་གཞོན་སྐྱེས་ཚོར་མི་རིགས་ཀྱི་ལར་ཞེན་སྔར་ལས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། བོད་དོན་སྐོར་གླེང་སློང་དང་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་ཅིང་།  ༸རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག

དེ་སྔ་མཚོ་སྔོན་དང་ལྷ་སའི་བར་རྒྱ་མིའི་ཐོབ་ཐང་ལག་འཁྱེར་ཡོད་པའི་བོད་མི་གཅིག་གིས་མི་མང་པོའི་མེ་འཁོར་འཛིན་བྱང་ཉོས་ཆོག་ཀྱང་། ༢༠༠༨ལོའི་རྗེས་ནས་བཟུང་དེ་ལྟར་ཐུབ་ཀྱི་མེད་པ་དང་། ད་དུང་མེ་འཁོར་ནང་འཛུལ་སྐབས་བོད་མི་ཚོས་མིང་དང་ས་གནས། ལྷ་སར་འགྲོ་དགོས་པའི་རྒྱུ་རྐྱེན་སོགས་འགེང་ཤོག་ཅིག་བསྐང་དགོས་ཀྱི་ཡོད་ཅིང་། ལྷ་སར་གཉེན་ཉེ་ཡོད་མེད་དང་མགྲོན་ཁང་གང་དུ་འདུག་མིན། ཁ་པར་ཨང་གྲངས་སོགས་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག  

གསར་འགོད་པས་ཁོང་ལ་བཙན་བྱོལ་དུ་ཡོང་དགོས་པའི་རྒྱུ་རྐྱེན་དང་། ད་ལྟའི་བར་བོད་ནང་གི་ས་གནས་འདྲ་མིན་དུ་ལས་ཀ་བྱེད་པའི་ཉམས་མྱོང་དང་གཞོན་སྐྱེས་ཚོར་འབྲེལ་འདྲིས་བྱས་པའི་ཉམས་མྱོང་ལས་མ་འོངས་གཞིས་བྱེས་མཉམ་འཛོམས་ལ་རེ་བ་གང་འདྲ་མཐོང་གི་ཡོད་མེད་དྲིས་པར་ཁོང་གིས།  “ ང་རང་ལ་མཚོན་ན་ཆུང་དུས་བོད་ཡིག་སྦྱངས་བ་དང་། བོད་ཀྱི་སློབ་ཆེན་འགྲིམ་མྱོང་མཁན་ཞིག་ཡིན་ཡང་། ད་ལྟའི་ཆར་བོད་ནང་བོད་ཡིག་བོད་སྐད་ཀྱི་ཁོར་ཡུག་ཧ་ཅང་ཆུང་དུ་འགྲོ་བཞིན་འདུག སྔོན་མ་ངས་གློག་བརྙན་སྐད་བསྒྱུར་གྱི་ལས་ཀ་བྱས་པ་ཡིན། རྒྱ་གཞུང་གིས་གུང་ཁྲན་ཏང་དང་གོ་མིན་ཏང་སྐོར་གྱི་གློག་བརྙན་དང་རྒྱ་ནག་གི་འཚོ་བའི་སྐོར་གྱི་གློག་བརྙན་རྐྱང་སྐད་བསྒྱུར་བྱེད་དུ་འཇུག་གི་རེད། དེ་མིན། བོད་དང་འབྲེལ་བའི་གློག་བརྙན་རིགས་བསྒྱུར་མི་ཆོག་པ་མ་ཟད། ནུབ་ཕྱོགས་ཀྱི་གློག་བརྙན་རིགས་ཀྱང་སྐད་བསྒྱུར་བྱེད་ཆོག་གི་མ་རེད། ༢༠༠༨ ཡས་མས་ལ་སུའུ་ཀི་ལན་གྱི་ ༼རང་དབང་གི་ཆེད་དུ༽ ཞེས་པའི་གློག་བརྙན་སོགས་ནུབ་ཕྱོགས་ཀྱི་རང་དབང་འཐབ་རྩོད་དང་དམངས་གཙོ། སྲིད་གཞུང་ལ་ཁ་གཏད་གཅོག་པའི་གློག་བརྙན་སོགས་བཀག་འགོག་བྱས་པ་རེད། དེ་དང་དེ་འདྲ་བའི་དཀའ་ངལ་དང་བཀག་རྒྱ་མང་པོ་ཞིག་གི་དབང་གིས་བོད་ནང་སྡོད་འདོད་མེད་པ་ཆགས་སོང”ཞེས་བརྗོད་བྱུང་།

ཁོ་མོས་མུ་མཐུད་དུ་བརྗོད་དོན། “བཙན་བྱོལ་ནང་གི་གཞོན་སྐྱེས་ཚོའི་སློབ་སྦྱོང་གི་གནས་སྟངས་མི་རིགས་ལ་ཞེན་སྐོར་ངས་ད་དུང་ཤེས་ཀྱི་མེད། བོད་ནང་ལ་མཚོན་ན། གཞོན་སྐྱེས་ཚོ་རང་གི་སྐད་ཡིག་རིག་གཞུང་ལ་དགའ་ཞེན་དང་མི་རིགས་ཀྱི་འདུ་ཤེས། འཐབ་རྩོད་ཀྱི་སེམས་ཤུགས་ཚད་མཐོན་པོར་སླེབས་ཡོང་གི་འདུག ང་རང་ལ་མཚོན་ན་འདིར་མ་ཡོང་སྔོན་ནས་གནས་ཚུལ་མང་པོ་ཞིག་དཔེ་ཆ་བཀླགས་ཏེ་ཧ་གོ་སོང་ལ། བོད་ནང་གི་གཞོན་སྐྱེས་གཞན་དག་ཚོས་ཀྱང་དེ་བཞིན་དུ་བོད་པའི་གནས་ཚུལ་དང་མི་རིགས་ཀྱི་འདས་པའི་ལོ་རྒྱུས་རིམ་གྱིས་ཧ་གོ་ཡོང་གི་རེད། དེ་དག་ལ་བསམ་བློ་བཏང་ན་གཞིས་བྱེས་ལྷན་འཛོམས་ལ་རེ་བ་ཆེན་པོ་འདུག་བསམ་གྱི་འདུག  ཡིན་ནའང་བོད་པར་དེ་འདྲའི་ཉི་མ་ཞིག་འཆར་བར། ཨང་དང་ཤོས་བོད་པ་ནང་ཁུལ་མཐུན་སྒྲིལ་བྱ་རྒྱུ་དང་། བོད་པ་མི་རེ་ངོ་རེ་ནས་མགོ་བརྩམས་ཏེ་བོད་པའི་རྩ་དོན་ཐོག་འགན་འཁུར་དགོས་པ་རེད་སྙམ།”ཞེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

གནས་ཚུལ་ཞིབ་ཕྲ་དུས་བབ་ཚགས་པར་སྟེང་གཟིགས་རོགས།

འབྲེལ་ཡོད་གསར་འགྱུར།

ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི། དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
Mobile App

ཨ་རི་དང་ཨི་ཛི་རེལ་གྱི་གཏོར་རྒོལ་ཁྲོད་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི་བསད།

ཆུ་ཚོད་ ༨ སྔོན་ལ།
རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦

མཆན། 3

  1. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    ཁྱེད་ཀྱི་ཕེབས་ལམ་ནང་དུ་བར་ཆད་མ་བྱུང་བར་དགའ་པོ་བྱུང་ཞུ་རྒྱུ་དང་ང་ཚོའི་བཙན་བྱོལ་ནང་དུ་མདོ་སྨད་པ་ཚོ་ཆོལ་ཁའི་ཕྱོགས་ཞེན་ཇེ་ཆེན་འགྲོ་བཞིན་འདུག་ལགས། དེ་ནི་ཕན་ཐོག་མེད་པ་ཞིག་ཡིན་པས་དེ་འདྲ་མ་བྱེད། གཅིག་སྒྲིལ་དགོས་ཟེར་ནས་སློབ་བྱ་བཟང་པོ་རེ་གནང་རོགས།

    Reply
  2. བློ་འཕེལ། says:
    ལོ་ 14 སྔོན།

    དགའ་བྱུང་། འཐབ་རྩོད་དོན་ལྡན་དང་ལམ་ཁ་མི་ནོར་བར་ཤོག།

    Reply
  3. ལུང་རྟོགས། says:
    ལོ་ 14 སྔོན།

    བོད་ནང་གི་བོད་མི་ཚོ་ནི་ང་ཚོའི་རེ་བ་གཅོལ་ཡུལ་དེ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese