དེ་རིང་བཀའ་སྤྱི་ཐུན་མོང་གིས་འབྱུང་འགྱུར་ཕྱི་ཟླ་དགུ་བའི་ནང་འཚོགས་གཏན་ཁེལ་བའི་བོད་རྒྱལ་ཡོངས་དམིགས་གསལ་ཚོགས་ཆེན་ཐེངས་གཉིས་པའི་སྐོར་ལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཚོགས་ཡུལ་ངྷ་རམ་ས་ལ་དང་། ཚོགས་དུས་ཕྱི་ཟླ་ ༩ པའི་ཚེས་ ༢༥ ནས་ ༢༨ ཉིན་བར། གྲོས་གཞི་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གནང་ཕྱོགས་སྐོར་བཅས་སུ་གཏན་འབེབས་གནང་འདུག
ཚོགས་མིའི་ཡོང་ཁུངས།
༡༽ བཀའ་བློན་རྣམ་པ།
༢༽ བཀའ་ཟུར་རྣམ་པ།
༣༽ སྤྱི་འཐུས་རྣམ་པ།
༤༽ སྤྱི་ཟུར་རྣམ་པ།
༥༽ ངྷ་སར་གནས་འཁོད་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་དྲུང་ཆེ་དང་དྲུང་འཕར་རྣམ་པ། ཟུང་དྲུང་མན་གྱི་འགན་འཛིན་དང་ལས་བྱའི་སྡེ་ཚན་སོ་སོའི་འཐུས་མི་གཅིག་རེ།
༦ ༽ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་སྐུ་ཚབ། སྐུ་ཚབ་དོན་གཅོད་རྣམ་པ།
༧༽ས་གནས་འཐུས་མིའི་ཚོགས་འདུ་ཁག་གི་སྐུ་ཚབ་གཅིག་རེ་དང༌། ས་འཐུས་མེད་པའི་ས་གནས་ཁག་ནས་མི་མང་གི་སྐུ་ཚབ་རེ།
༨༽ས་གནས་མགོ་འཛིན་རྣམ་པ།
༩༽རང་བདེན་ཚོགས་ཆུང་ཁག་གི་སྐུ་ཚབ་རེ།
༡༠༽རྒྱ་བལ་འབྲུག་གསུམ་ཕུད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོགས་པ་དང༌། བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་སྐུ་ཚབ་རེ།
༡༡༽གཞུང་འབྲེལ་མིན་པའི་ཚོགས་པ་དབུས་གཙང་རྒྱུན་ལས་དང་། མདོ་སྟོད་རྒྱུན་ལས། མདོ་སྨད་རྒྱུན་ལས། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ། མངའ་རིས་སྤྱི་མཐུན་ཚོགས་པ། བོད་ཀྱི་རྒྱལ་ཡོངས་ཆིག་བསྒྲིལ་ཚོགས་པ། བོད་ཀྱི་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་ཚོགས་པ།
༡༢༽ ཆོས་བརྒྱུད་ཆེན་པོ་བཞི་དང༌། གཡུང་དྲུང་བོན་བཅས་སོ་སོའི་གྲྭ་བཙུན་སྔགས་གསུམ་གྱི་སྐུ་ཚབ་དྲུག་རེ།
༡༣༽ རང་སྐྱོང་སྡེ་ཚན་ཁག་གི་སྐུ་ཚབ་བོད་གཞུང་ཟློས་གར་དང་བོད་ཀྱི་དཔེ་མཛོད་ཁང༌། ཝ་ཎ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང༌། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌། རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌། ལྡི་ལི་བོད་ཁང༌། བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས། མ་སུ་རི་བོད་ཁྱིམ། སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ཁང༌། བོད་ཀྱི་གསོ་བ་རིག་པའི་ཆེས་མཐོའི་སྨན་པའི་ལྷན་ཚོགས། དབུས་སྨན་རྩིས་ཁང༌། བདེ་ལེགས་སྨན་ཁང༌། ཤེས་རིག་པར་ཁང༌། བལ་ཡུལ་གངས་ཅན་བདེ་རྩ། བོད་མིའི་སྤྱི་མཐུན་མཉམ་འབྲེལ།
མཆན།
ཀ༽ དྭང་བླངས་ཚོགས་མི་ཁག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་དྲུང་གི་འོས་མིར་ཞུགས་མི་ཆོག
ཁ༽ བླ་ཆེན་རྣམ་པ་དང༌ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ཚོགས་ཆེན་གྱི་དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོ། ཚོགས་ཆུང་ཁག་གི་སྙན་ཐོ་སྙན་སྒྲོན་སྐབས། དེ་བཞིན་ཚོགས་མི་ཚང་འཛོམས་ཐོག་ཚོགས་ཆུང་ཁག་གི་རྒྱབ་གཉེར་སྙན་ཐོའི་བགྲོ་གླེང་གནང་སྐབས་བཅས་སུ་གདན་ཞུ་བྱ་རྒྱུ།
ག༽ ཚོགས་འདུ་དངོས་གཞིའི་སྐབས་ཀྱི་ལས་རིམ་ནི། སྔ་དྲོ་ཆུ་ཚོད་ ༩།༣༠ ནས་ཕྱི་དྲོ་ཆུ་ཚོད་ ༥།༠༠ པ་བར་ཚོགས་འདུ་ཉིན་དང་པོར་ཚོགས་བཅར་བ་ཚང་འཛོམ་ཐོག་གྲོས་གཞི་ངོ་སྤྲོད་དང་དབུ་འབྱེད་མཛད་སྒོ་གནང་རྗེས་ཚོགས་ཆུང་ཁག་བཅུ་ལ་བགོ་རྒྱུ་དང༌། ཉིན་རྒྱབ་ཚོགས་ཆེན་གྱི་གྲོས་གཞིའི་ཐོག་བཙན་བྱོལ་བོད་མིའི་ངོས་ནས་བཀའ་སྤྱི་གཉིས་ཀྱི་སྤྱི་སྨན་ལམ་སྟོན་གནང་རྒྱུ། ཉིན་གཉིས་པའི་སྔ་དྲོར་རྒྱལ་སྤྱིའི་ནང༌། དེའི་ཉིན་རྒྱབ་རྒྱ་གར་དང་ལྷོ་ཤར་ཨི་ཤེ་ཡའི་ནང་བཅས་སུ་ལས་འགུལ་སྤེལ་ཕྱོགས་སྐོར་བགྲོ་གླེང་གནང་རྒྱུ། ཉིན་གསུམ་པའི་སྔ་དྲོར་ཚོགས་ཆུང་སོ་སོའི་རྒྱབ་གཉེར་སྙན་ཐོ་སྙན་སྒྲོན་གནང་རྒྱུ། ཉིན་རྒྱབ་ཚོགས་ཆེན་ནང་ཚོགས་ཆུང་ཁག་གི་སྙན་ཐོའི་ཐོག་བགྲོ་གླེང་གནང་རྒྱུ། ཉིན་མཐའ་མའི་སྔ་དྲོར་ྋགོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་དང༌། ཉིན་རྒྱབ་ཚོགས་ཆུང་སོ་སོས་ཚོགས་ཆེན་དུ་ཕུལ་བའི་སྙན་ཐོ་ཁག་གཏན་འབེབས་དང་ཚོགས་འདུ་མཇུག་བསྡོམས་གནང་རྒྱུ་བཅས་བཀོད་འདུག
མཁྱེན་ལྡན་བསྟན་འཛིན་ལགས་དང་དྲག་རླུང་ལགས་གཉིས་ནས་གུས་ལ་བཀའ་ཀྱོན་གནང་འདུག་པའི་གུས་ནས་ནོར་པ་ཡོད་ན་སྙིང་ནས་དགོངས་དག་ཞུ།
ཡིན་ན་ཡང་དྲང་པོ་གཏམ་ལ་རིན་ཞིག་དགོས།
ཕ་གསོད་དགྲ་ལ་བྱམས་བརྩེ་དགོས་ཞིག་གསུང་གི་ཡོད་པ་དེ་འདྲ་ཡིན་དུས་ཡིན་པ་དེ་ཡིན་པ་ཁས་བླང་ན་འགྲིག་གི་འདུག་ག
རྒྱལ་བ་ཇོ་ནང་ཆོས་བརྒྱུད་ཞིག་མ་རེད་ཞུ་གིས་མིན་ རེད་ཆོས་བརྒྱུད་ཆེན་པོ་ཞིག་རེད་ ཡིན་ན་ཡང་ སུ་ཡི་ཁོང་གཏོགས་རེད་ཟེར་བའི་སྐད་ཆ་དེ་མ་རེད་དམ་ ལོ་རྒྱུས་མདུན་ལ་བཞག་རྣམ་ཐར་རྒྱབ་ཏུ་འཁུར་གནའ་སྒྱུང་རོམ་ན་ཉལ་ཆོས་འབྱུང་མགོ་ཐོག་བཞག་ནས་མཛོ་ལོང་ལམ་ལ་འགྲོ་བ་ཇི་བཞིན་གནང་གིས་འདུག་པ་ དེ་འདྲ་ཡིན་དུས་གུས་ནས་བྲིས་པ་ཡིན། བསྟན་འཛིན་ལགས་ནས་་གུས་གསལ་པོ་ངོ་ཤེས་མདོག་མདོག་གསུང་འདུག་ག ང་རྡ་ས་ལ་མ་སླེབས་ནས་ལོ་གཉིས་ཙམ་ཡིན། ལས་ཁུང་གང་ལའང་ལས་ཀ་བྱེད་གྱིས་མེད། ཕྱི་ཡུལ་ཞིག་ལ་རྒྱ་མི་ཟ་ཁང་ཞིག་ཏུ་ཕོར་པ་འཀྲུས་མཁན་ཡིན། གང་འབྱུང་མ་དྲན་ལ་གང་འབྱུང་མ་གསུང་། ཁ་ནང་གང་ཡོང་གཏམ་དང་ལག་གིས་གང་བྲིས་ཡི་གེ་ཆགས་མི་སྲིད་ དངོས་ཡོད་གནས་ཚུལ་ལ་གཟིགས་དང་ རང་ཚོ་གཞན་གང་མི་རྩོད་ ལོ་རྒྱུས་དང་བླ་མ་གོང་མའི་རྣམ་ཐར་སོགས་ནས་མི་འགྲིག་པ་གང་འདུག་གཟིགས་དགོས་ དངུལ་ཁོག་ལ་བཞག་ནས་ཞལ་ལ་ཆོས་ལུགས་གིས་ལྷག་བསམ་གསུང་དེ་མཚར་པོ་ཨེ་ཡོད་སྙམ།
ཡིན་ན་ཡང་ཁྱེད་རྣམ་གཉིས་མི་གང་འདྲ་ཞིག་ཡིན་མིན་དང་དངོས་གནས་རྒྱལ་བ་ཇོ་ནང་པའི་ཕྱོགས་ཏོགས་ཞིག་ཨེ་ཡིན་སྙམ བོད་མི་དབར་དཀྲུག་པའི་དངུལ་དགའ་ཞིག་མིན་གྲབ་བསམ་གིས་འདུག
ས་ཇོ་གཉིས་ཀྱིས་མཁྱེན་དགོས་པ་ཞིག་ལ།
འཁྲུངས་སྐར་ཟེར་བའི་མི་ངན་དེས། ཐོག་མར་གཡོ་རྒྱུ་ཁོག་བཅུག་གིས་ཇོ་ནང་ས་སྐྱའི་ཁུངས་རེད་ཅེས་མ་བསྣོམ་སྐྱག་དྲི་འཐུལ་བའི་དེབ་ངན་རྫོབ་ཐོ་ཞིག་བཏོན་ནས་ས་ཇོའི་གཉིས་ཀྱི་བར་ལ་འགལ་བ་ཚབ་ཆེན་བཟོས། དེ་རྗེས་གཡོ་བྱུས་དེ་ལམ་ལྷོང་མ་བྱུང་སྟབས། མིང་རྫུན་སྣ་ཚོགས་བཟོས་ཏེ། ནམ་རྒྱུན་ས་ཇོ་གཉིས་དང་། རང་གཞུང་དང་ཇོ་ནང་གཉིས་ཀྱི་བར་འགལ་བ་སློང་བཞིན་ཡོད། དོན་ངོ་མར་ཁོང་རང་གི་གཡོ་བྱུས་དེ་ལམ་ལྷོང་མ་བྱུང་བས་ཉིན་མོའི་ཟས་དང་། མཚན་མོའི་གཉིད་ཀྱང་ཁུག་གི་མེད་པར་བསྡད་ཡོད།
ཤེས་གསལ་ལྟར་ན། ད་དུང་ཁོས་གཞུང་གི་ལས་ཁུངས་ནང་དུ་དེའི་སྐོར་ལ་བསམ་ངན་འཆང་བཞིན་ཡོད་རབས་ཐོས་ཀྱི་འདུག
གང་ལྟར་མི་ངན་འདི་སུ་ཡིན་དང་། ད་ལྟ་ཁོའི་ལས་ཀ་ཅི་ཞིག་ཡིན་པ། ལས་ཁུངས་གང་ན་ལས་ཀ་བྱེད་བཞིན་ཡོད་པ། ཐ་ན་ཁོའི་ཉིན་རེའི་ལས་ཀ་དང་། ད་དུང་ཁོ་རྡ་སྟེང་གི་ཟ་ཁང་གང་ཞིག་ཏུ་ཕྱིན་ནས་ཡིག་ནོར་གྱིས་བཀང་བའི་ཟས་ཐོ་ག་འདྲ་བྲིས་པ་སོགས་གསལ་བོར་ཤེས་ཡོད་པས། དགོས་གལ་བྱུང་ན་ཁོའི་ད་ལྟའི་དངོས་མིང་སོགས་གསལ་གསལ་བྱས་ཏེ་ཁྱབ་བསྒྲགས་བྱེད་ངེས་ཡིན་པས། ལྟས་ངན་གཡོ་ཅན་ཁྱོད་ཀྱིས་སེམས་ཆུང་བྱས་ཏེ་རང་ཚོད་བཟུང་ན་དགའ།
གནས་སྐབས་དེ་ཙམ་ཡིན།
འཁྲུངས་སྐར་ཟེར་བའི་མི་ངན་འདི་འདྲའི་རིགས་ཇོ་ནང་བ་ཡོ་དོ་ཅོག་གི་ཤེས་དགོས་པ་ཞིག་རེད་ལ་ཤེས་ཀྱིན་ཡོད་པའང་རེད་བསྙམས། ཁོ་ཇོ་ནང་གི་བསྟན་པའི་གྲ་བོ་ཡིག་རྨོངས་བ་དུས་སྐད་ཅིག་ཙམ་ལ་ཇོ་ནང་གི་བསྟན་པ་ལ་གནོད་ཚེ་མི་བྱེད་པར་སེམས་མི་བདེ་བར་རྨོངས་སེམས་གདོན་ཀྱི་ཟིན་ནས་རྨོངས་འཆལ་གཏམ་ངན་སྣ་ཚོགས་ཀྱི་ཅ་ཅོ་སྨྲ་མཁན་གཞན་མི་སུའི་ཡིན་ན་དུས་རྒྱུན་དུ་རྒྱུག་ཁྱིར་བེད་བྱད་ཐུབ་པའི་རྨོངས་རྒན་འདིའི་རིགས་བོད་མི་ས་ཡ་དྲུག་གི་ཟློག་ཕྱོགས་ནས་དུས་རྒྱུན་དུ་ལང་ནས་ཡོད་པ་ཀུན་གྱི་མཁྱེན་དགོས་པ་ཞིག་རེད། བོད་མིའི་གཅིག་བསྒྲིལ་ལ་དོ་ཕོག་བྱེད་མཁན་བོད་མའི་དགྲ་བོ་འདིའི་རིགས་ཀྱི་མགོ་ས་ལ་མི་རིང་བར་སློང་ན་ཅི་མ་རུང་།
སྔར་ལས་ལྷག་པའི་ང་ཚོ་བོད་མི་ས་ཡ་དྲུག་གི་ཆིག་སྒྲིལ་གྱི་ལམ་བུ་གསར་བ་ཞིག་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མེ་ལྕེའི་ཁྲོད་ནས་ཆེའི་ཚད་གཞི་མཐོ་བའི་ལས་འགུལ་སྣ་ཚོགས་ཞིག་གི་ཐོག་ནས་གཅིག་བསྒྲིལ་གྱི་འཁོར་ཡུག་བཟང་བོ་ཞིག་སྐྲུན་ཡོད་པ་དེ་གཏོར་འཇོམས་བྱེད་མཁན་འདི་ཚོའི་རྩམ་པ་རང་གི་ཟོས་ནས་རྩམ་ཁུག་སྡེ་མགོ་བསྐོན་རྒྱུའི་ལས་རིམ་བང་བསྒྲིགས་ནས་ཡོད་ས་རེད། བོད་མི་ཚོའི་དགྲ་བོ་རྨོངས་རྒན་འདིའི་རིགས་ལ་དོག་ཟོན་བྱོས།
༧དཔལ་རྒྱལ་བ་ཇོ་ནང་བ་དང་རང་གཞུང་གཉིས་ཀྱི་བར་ལ་འདྲེ་ལག་བརྐྱངས་ནས་སྔ་གཞུག་ཀུན་ཏུ་རྨོངས་རྒན་འདི་ཚོའི་རིགས་ཀྱི་དཀྲུག་ཤིང་བྱས་ནས་རང་ལྟ་མཆོག་འཛིན་མཁན་ཕྱོགས་རེས་ཅན་སྙིང་ཁམས་ལ་གདོན་གྱི་ཟིན་ཡོད་པ་དེ་ཚོའི་བླ་མའི་བཀའ་དང་སངས་རྒྱས་ཀྱི་ལུང་ལ་རྩི་མཐོང་མི་བྱེད་པར་གནས་ལུགས་རྫུན་བཟོ་བྱས་ནས་སྐབས་འདི་འདྲ་ཞིག་ལ་གཏུག་ཡོད་པ་རེད། ཡིན་ཡང་ང་ཚོའི་མི་ངན་གྱིས་ཁྲབ་སྟོན་ལ་ལྟ་ནས་མི་འདུག་པར་གཅིག་བསྒྲིལ་བྱས་ཏེ་རྒྱལ་བའི་བཀའ་ལ་ཡིད་ཆེས་དང་བོད་མི་རིགས་ཀྱི་ལ་རྒྱ་རང་གཞུང་ལ་ལྷག་བསམ་དང་བློ་སེམས་དཀར་བོ་ཡོད་པ་ཚོའི་༧དཔལ་རྒྱལ་བ་ཇོ་ནང་བའི་ཆོ་བརྒྱུད་འཛིན་པ་རྣམས་ཁེས་དམན་དབང་ཆུང་དང་སྣང་མེད་དུ་མི་འཇོག་པར་བདེ་དོན་གྱི་ལམ་ནས་ཐེག་གཅོད་ལེགས་པོ་ཞིག་བྱ་རྒྱུ་གལ་ཆེན་དང་དོན་ཆེན་དུ་གཟིགས་ནས་དགོངས་འཇགས་ཡོད་པར་མཁྱེན་མཁྱེན་ཞུ།།
བཀའ་སྤྱི་གཉིས་ནས་དམིགས་བསལ་ཚོགས་ཆེན་སྐབས་སུ་ས་དགེ་བཀའ་སྙིང་བོན་པོ་རྣམས་ལ་སྐུ་ཚབ་མི་དྲུག་དང་ཇོ་ནང་ལ་དམིགས་བསལ་སྐུབ་སྟེགས་གཅིག་ལས་མེད་ན་ཡང་། ཚོགས་ཆེན་སྐབས་སུ་དུས་རྒྱུན་ལྟར་དུ་བོད་ཀྱི་ཆོ་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་ལྔ་ཟེར་ནས་ཆོས་བརྒྱུད་ཆེ་ཆུང་དང་གྲངས་ག་རྩི་ནས་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་མཚན་ཕྱིར་ཕུད་མ་བྱེད་རོགས། ཉིན་མོ་དེར་ཇོ་ནང་གཞི་བྱེས་གཉིས་ནས་མིག་ཆེར་ལྟ་འདུག་ཡོད་པས་སེམས་ལ་འཚམས་པོ་ཞིག་མ་རེད་ལགས། ངས་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་གཞི་བྱེས་གཉིས་ཀྱི་ཚབ་བྱས་ནས་ལག་གཉིས་ཐལ་མོ་བསྦྱར་ཏེ་བཀའ་སྤྱི་གཉིས་ཀྱི་ཐུན་མོངས་ཀྱི་དམིགས་བསལ་ཚོགས་ཆེན་ཐོག་བོད་ཆོས་བརྒྱུད་ས་དགེ་བཀའ་རྙིང་བོན་པོ་ཇོ་ནང་རྣམས་ཀྱི་སྐུ་ཚབ་ཟེར་རྒྱུའི་ཚིག་དེ་བེད་སྤྱོད་བྱ་རྒྱུ་དམིགས་བསལ་ཚོགས་ཆེན་སྐབས་བཀའ་སྤྱི་གཉིས་ཀྱི་གཙོས་ཚོགས་མི་ཡོངས་ལ་འབོད་བསྐུལ་ལན་བརྒྱར་ཞུ་ཞུ།།
ཧ་ཧ་གོད་པ་མིན་ལ་ཡ་མཚར་ཆེ།
ད་དུང་ངོ་རྒོལ་རིམ་པ་ཡོད་པ་ལ།
རྒྱ་སྒོར་རྫོགས་རྒྱུ་མེད་པའི་རྟགས་མཚན་ཡིན།
ཆོས་གོས་འོག་ལ་གུང་ཕྲན་ཏང་མི་གབ།
ཨ་མདོས་ཨ་ཁ་ཟེར་དུས་ཕྱི་དྲག་ཡོང་།
ཆོས་ལུགས་ཆོལ་ཁ་བསྒྱུར་དུས་འགྱོད་ཆེ་ཡོང་།
མང་ཚོགས་ཡིན་ཡང་རྩོད་ལེན་ཤེས་པ་དགོས།
ཆོས་པ་ཡིན་ན་བདག་གཞན་ཉམས་པ་དགོས།
རྒྱལ་བའི་བཀའ་བཞིན་ཡིན་ན་ཆོས་དང་མཐུན།
རྒྱལ་བ་རྒྱབ་ལ་འཁུར་ནས་རྩོད་པ་ན།
རྒྱལ་བའི་གསུང་ལ་དྲང་ངེས་གཉིས་ཀ་ཡོད།
ཟབ་ཙམ་གནང་དང་ཨ་མདོ་མགོ་ལོག་རྣམས།
ཅི་སྟི་ཡིན་གཅིག་དགོས་པ་སྒྲུབ་དགོས་ན།
རང་ཡུལ་རང་ས་འཚོང་ན་མྱུར་དུ་འགྲུབ།
འཛམ་གླིང་སྤྱི་ནོར་༧གོང་ས་མཆོག་གིས་འཁྲུངས་སྐར་ལ་མཚམས་འདྲི་ཞུ། དུས་དེ་དང་བསྟུན་ནས་རེ་བསྐུལ་འགའ་ཞུ་གིས་ཡིན།
རང་བློ་ཆོས་དང་མཐུན་པ་ཨེ་ཡོང་ངམ།
རང་ལུས་དོན་དང་ལྡན་པ་ཨེ་འདུག་གམ།
རང་སྐད་གཙང་མ་ཤེས་ཡོད་ཨེ་བསམ་མམ།
རང་ཡུལ་བརྗེད་པ་ཨེ་ཡིན་གངས་ཕྲུག་རྣམ།
གཞན་ཕན་སེམས་དང་ལྡན་ན་དགེ་བ་ཡིན།
གཞན་གནོད་ལས་རྣམས་དོར་ན་རང་བདེ་ཡིན།
གཞན་སྐད་ཤེས་དགོས་རང་སྐད་དོར་མི་ཉན།
གཞན་ཡུལ་སྐྱིད་ཀྱང་རང་ཡུལ་བརྗེད་མི་ཉན།
བོད་ཀྱི་རིག་གཞུང་རྣམ་གྲངས་ཧ་ཅང་མང་།
བོད་ཀྱི་བླ་ཆེན་མི་ཆེན་ཧ་ཅང་བརྗིད།
བོད་ཀྱི་ས་ཆུ་ཀུན་ནི་ཧ་ཅང་ཡག
བོད་ཀྱི་བདག་དབང་བོད་མི་མིན་པ་སྐྱོ།
རྒྱ་རིགས་འབོར་ཆེན་འཛམ་གླིང་བཞི་ཆ་ཟིན།
རྒྱ་མིའི་དཔལ་འབྱོར་འཛམ་གླིང་ཁ་ལོ་བསྒྱུར།
རྒྱ་བོད་གཉིས་དེ་སྔོན་ནས་འབྲེལ་ཆེ་ཡང་།
རྒྱ་འདི་བོད་ཀྱི་དབུ་ཁྲིད་བྱེད་མ་མྱོང་།
ཡང་གསལ་སྟོན་འགའ་ཞིག
བེར་རེ་འཇིག་མེད་རྩོམ་ལ་གྱོད་གཞི་ཡོང་།
ཧོར་གཙང་འཇིག་མེད་རྩོམ་ལ་སྐྱབས་བཅོལ་ཐོབ།
ཅོ་རི་ཉི་མས་རྩོམ་ལ་བདག་པོ་མེད།
ཤར་ཕྱོགས་ཁུག་རྟ་རྩོམ་ལ་གུས་བཀུར་མང་།
བུ་ཆུང་ཚེ་རིང་རྩོམ་ལ་ཀློག་མཁན་མང་།
ཆབ་བྲག་ལྷ་མོ་རྩོམ་ལ་སྙིང་ཞེན་ཆེ།
བསྟན་འཛིན་བརྩོན་འགྲུས་རྩོམ་ལ་འབྲས་བུ་ཡོད།
ཨ་རིག་འགྱུར་མེད་རྩོམ་གྱིས་རང་ཚང་སྟོན།
ཡང་གཞན་ཞིག་ནི།
དུས་བབ་ཚགས་ཤོག་ཕྱོགས་ཞེན་ཆེ་དང་གཅིག
བང་ཆེན་ཚགས་ཤོག་ལས་བྱེད་རྨོངས་དང་གཉིས།
བོད་ཀྱི་དྲ་བརྙན་རིང་ཐུང་མི་མཐུན་གསུམ།
ཨ་རི་རླུང་འཕྲིན་བོད་གོས་དོར་བ་བཞི།
རང་དབང་རླུང་འཕྲིན་དངུལ་ལ་དགའ་བ་ལྔ།
ནོར་ཝེ་རླུང་འཕྲིན་དུད་ཚོད་ཉུང་བ་དྲུག
འདི་དྲུག་བོད་ཀྱི་རྩ་དོན་ཉམས་པའི་གཞི།
ཡ་ཡ་ཇོ་ནང་རྙོང་གླིང་མགོ་རྩམ་ན།
བོད་མི་ཀླད་མེད་འགའ་ཤས་ཕྱུག་པོ་ཆག
དེ་ཡང་རྒྱ་གཞུང་སྒོར་མོ་སྒོ་འགྲམ་བསྐྱིལ།
ཀླད་མེད་མི་དེའི་རང་གི་ཤ་རུས་འཚོང་།
ཇོ་ནང་འདྲ་བའི་ཆོས་བརྒྱུད་མང་ནི་རེད།
ཁོང་ཚོ་འདྲ་བའི་རྙོག་དྲག་མང་ནི་རེད།
སྙན་ཞུ་ཕུལ་མཁན་ཚོགས་པ་མང་ནི་རེད།
མང་པོ་བདག་པོ་བརྒྱག་ན་རང་གཞུང་བརླག
སྤྲུལ་རྫུན་ཞིག་གི་མཐུན་འགྱུར་སྦྱར་བ་གཅིག
མཁན་རྫུན་ཞིག་གིས་དགོན་པ་བདག་པ་གཉིས།
གྲྭ་ལོག་ཞིག་གིས་ཚོགས་གཙོ་བྱེད་པ་གསུམ།
འདི་གསུམ་བོད་འདི་གཏོར་པའི་སྟ་གོན་ཡིན།
ཐུབ་བསྟན་དང་སྙིང་མིག་ཟེར་བར།
མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་གྱིས་ཇོ་ནང་པ་ལ་རྟག་ཏུ་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་པ་དེ་ཁྱེད་ཀྱིས་ནོར་འཁྲུལ་དུ་མཐོང་བ་ཁྱོད་རང་གི་སྐྱོན་རེད། གལ་ཏེ་ཁྱོད་མངའ་ཐང་རྒྱ་བསྐྱེད་རིང་ལུགས་པ་ཞིག་མིན་ན། ཁོང་གི་དགོངས་གཞི་དེ་ནོར་འཁྲུལ་དུ་མཐོང་གི་མ་རེད། འདི་གཙོ་བོ་ཁྱོད་རང་གིས་གྱོན་པའི་ཆོས་ལུགས་ཕྱོགས་ཞེན་གྱི་མིག་ཤེལ་སེར་པོ་དེ་མ་འགྲིག་པ་རེད། དེ་ཕུད་དགོས་པ་རེད།
སྙིང་མིག་གིས། ནང་འགལ་གྱི་ཕུང་པོ་འདི་ལ་ལན་འདེབས་བྱས་ན། ཁོ་རང་གིས། “བཀའ་བརྒྱུད་པ་གཅིག་པུའི་ནང་ལ་ལྟོས་དང་། ཟུར་མང་བཀའ་བརྒྱུད་ལ་ག་ཚོད་འདུག འབའ་རོམ་བཀའ་བརྒྱུད་ལ་ག་ཚོད་འདུག གནས་མདོ་བཀའ་བརྒྱུད་ལ་ག་ཚོད་འདུག” ཁྱེད་ཀྱིས་ཟུར་མང་སོགས་བཀའ་རྒྱུད་གཅིག་པུའི་ནང་གསེས་ཡིན་པ་ཤེས་བཞིན་དུ་ག་རེ་ལབ་ཀྱི་ཡོད་དམ། དེ་དག་ཐམས་ཅད་བཀའ་བརྒྱུད་པའི་ནང་གསེས་ཡིན་པའི་རྒྱུ་མཚན་གྱིས་ཐོབ་ཐང་ལོགས་སུ་མི་དགོས་ལ་རྩོད་ཀྱིན་མེད་པ་དེ་རེད།
ཁྱོད་འདི་ལྟར་རྩོད་པའི་ར་བར་ཞུགས་འདོད་ན། དང་ཐོག་རང་ལ་གཏད་སོ་ཡོད་པ་ཙམ་ཞིག་མ་མཐའ་ཡང་བྱེད་དགོས། དེ་མིན་དུས་ཚོད་འཕྲོ་བརླག་རེད། དེ་ཤེས་པར་གྱིས།
སྙིང་མིག་དང་ཐུབ་བསྟན་གཉིས་ཉོན་ཅིག་གུ
ཁྱེད་ཅག་གི་ཁོག་ནས་ཆོས་ལུགས་ཕྱོགས་ཞེན་གྱི་མེ་ལྗེ་འབར་བཞིན། ཁ་ནས་ཆོས་ལུགས་མི་དགོས་ཟེར་རྒྱུར་ངོ་མི་ཚའམ། དོན་ངོ་མར་རྙོག་འཛིང་འདིའི་མགོ་རྩམ་མཁན་ཁྱེད་ཚོ་ཡིན་པ་མི་ཤེས་སམ། སྐྱག་པ་རྭ་དུང་འདྲ་ཞིག་སྐུབ་ལ་མནན་ནས།། ད་དུང་ཁུ་ཚུར་གནམ་ལྕགས་གནམ་ལ་ཕྱར་ཟེར་བ་འདི་འདྲ་རེད།
ཁྱེད་གཉིས་ས་ཆ་གང་ན་ཡོད་དང་། ཆོས་ལུགས་གང་ལ་དད་པ་ཡོད། དམིགས་ཡུལ་ཅི་ཡིན་སོགས་ཚང་མ་ཤེས་ཡོད་པས་བག་ཡོད་བྱོས་ཤིག
ང་ཚོའི་རྒུད་པའི་རྩ་བ་ཆོས་ལུགས་ཡིན་མིན་གསལ་བོར་རེད། དེ་བཤད་འདོད་མེད། གལ་ཏེ་ཡིན་ན་ཆོས་ལུགས་ཚང་མ་གཅིག་མཚུངས་བྱས་ནས་སྲིད་སྟེགས་ནས་རྒྱང་འབུད་བཏང་ཆོག་པ་ལས། བྱེ་བྲག་པ་ཞིག་གི་ཐོག་ནས་བཤད་ན་ཚབ་ཆེའི་ནོར་འཁྲུལ་རེད། མཐུན་སྒྲིལ་གཏོར་རླག་ཟེར་བ་འདི་རེད།
ཆོས་ལུགས་སོགས་ལ་ཐོབ་ཐང་གཅིག་མཚུངས་དགོས་པ་ནི། འགྲོ་བ་མིའི་ཁེ་དབང་དང་རང་དབང་ལ་འབྲེལ་བ་དམ་པོར་ཡོད་རེད།
གལ་ཏེ་སྲིད་སྟེགས་སུ་ཆོས་ལུགས་པ་སླེབས་ཆོག་ན་ཚང་མར་ཐོབ་ཐང་འདྲ་མཉམ་དགོས། དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་གཞིའི་གཞི་རྩ་རེད།
ཕྱི་ལོ ༡༩༤༥ ལོར་ཚུགས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་པ། རྒྱལ་སྤྱིའི་འདྲ་མཉམ་དང་རང་དོན་རང་ཐག་གཅོད་པའི་རྩ་དོན་དང་འགྲོ་བ་མིའི་ཁེ་དབང་དང་རང་དབང་ལ་བརྩི་བཀུར་སྲུང་སྐྱོབ་བྱེད་པ་དེ་ཡིན་ཞེས་བཤད་ཡོད། འགྲོ་བ་མིའི་ཁེ་དབང་དང་རང་དབང་ཞེས་པའི་ནང་དུ་ཆོས་ལུགས་ཀྱང་འདུས་ཡོད་པ་ཤེས་པར་གྱིས་ཤིག
ལྷག་པར་དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་ཇོ་ནང་པར་མཚོན་ན། བསྟན་པའི་སྙིང་པོ་འཛིན་མཁན་གྱི་ཆོས་བརྒྱུད་ཆེན་པོ་ཞིག་ཡིན་པ་ནི། ༧རྒྱལ་དབང་ཐམས་ཅད་མཁྱེན་པས། (༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆོས་ལུགས་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚོགས་མགོན་ཏུ་ཆིབས་བསྒྱུར་བསྐྱངས་ཏེ། ཚོགས་བཅར་ཡོངས་ལ་བཀའ་སློབ་ཟབ་མོ་གནང་བའི་ནང་ནས་ཇོ་ནང་པའི་སྐོར་ཡིག་ཐོག་ཏུ་ཕབ་པ།)
“ད་ལྟ་ཇོ་ནང་གི་ཆོས་བརྒྱུད་ཀྱིས། ད་ལན་ཉེ་ཆར་ང་རང་ཚོར་སྙན་ཞུ་ཞིག་ཕུལ་འདུག་ལ། ང་ལ་ཡང་ཡི་གེ་ཞིག་འདུག བྱས་ཙང་ད་ཐེངས་ཇོ་ནང་སྐོར་ཐག་གཅོད་དགོས་ཀྱི་ཡོད་ཅེས་བྲིས་འདུག ཇོ་ནང་སྐོར་ངས་ནམ་རྒྱུན་བཀའ་ཆོས་སྐབས་ལ་བཤད་བསྡད་ཀྱིན་ཡོད། དངོས་གནས་གང་བཤད་ན་མ་བཤད་ན་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་གི་ཉམས་ལེན་ཐོག་ཕྱིན་པ་ཡིན་ན། ཇོ་ནང་གིས་ད་ལྟ་བར་དུ་བསྟན་པ་བཟུང་ནས་བསྡད་བཞག་ཡོད་པ་རེད། དེ་དངོས་གནས་བཀའ་དྲིན་རྗེས་སུ་དྲན་དགོས་པ་ཞིག་རེད། ཡག་པོ་ཞེ་དྲགས་རེད། ལྟ་བ་རང་སྟོང་དང་གཞན་སྟོང་ཟེར་བ་དེ་ཁོ་ཁོ་རང་ཚད་མཐོན་པོའི་རྒང་ལ་འགྲོ་བསྡད་ཡོད་པ་རེད། དེ་ཁྱད་པར་གང་ཡང་མི་འདུག ངས་ནམ་རྒྱུན་བཤད་བསྡད་ཀྱིན་ཡོད་པ་ཞིག་དང་། སེམས་ལ་ཤར་བསྡད་པ་ཞིག་ཡོད། དེས་སེམས་ལ་ཞེ་དྲགས་ཕན་གྱི་འདུག དེ་ཇོ་ནང་གི་བླ་སྒྲུབ་ཅིག་གི་ནང་གི་ཚིག་ཞིག་རེད། སྒྱུ་མའི་རང་སྣང་རྗེན་ནེ་ནེ༎ གཏད་མེད་རིག་པ་གསལ་ལ་ལ༎ བརྗོད་མེད་དབྱིངས་སུ་ཐལ་ལ་ལ༎ བདེ་བ་ཆེན་པོ་ཁྲིལ་ལི་ལི༎ ཡག་པོ་འདུག་ཀ འདི་ལྟར་བསམ་བློ་བཏང་བ་ཡིན་ན། ཕྱི་བཟུང་བ་བདེན་མེད་སྒྱུ་མ་ལྟ་བུ་དང་། ནང་འཛིན་པ་བདེན་མེད་ཡང་སྒྱུ་མ་ལྟ་བུ་རེད། དེ་ནས་བསམ་བློ་ཞིག་བཏང་ཡོང་དུས་ཕྱི་བཟུང་བ་ཡུལ་དང་ནང་འཛིན་པ་སེམས་གཉིས་ཀ་དམིགས་གཏད་གཅིག་ཡིན་དུས་ས་ནས་བརྗོད་མེད་དབྱིངས་སུ་ཐལ་ལ་ལ། གསུངས་པ་རེད། དེའི་ངང་དུ་བསྡད་པ་ཡིན་ན་དེའི་ངེས་ངོ་ལ་སྤྲོས་པ་མཐའ་ཉེ་བར་ཞི་ནས་སེམས་གསལ་སེང་ངེ་འགྲོ་བསྡད་པ་འདྲ་བོ་ཞིག་ཡོང་གི་འདུག་ཀ དེའི་སྔོན་དུ་རྫོགས་རིམ་དང་མཐུན་པའི་རྟོགས་པ་མཐོན་པོ་ཡོད་ན་མེད་ན་ཁ་ཐུག་དེར། བྲལ་བའི་དུས་ན་སེམས་ཀྱི་གཞོན་ནུ་དེ༎ བརྗོད་བྲལ་ལམ་གྱི་གོང་བུར་ངལ་གསོ་བསྟེན༎ ཞེས་གསུངས་པ་དེ་ག་རང་རེད་པ། ཡག་པོ་འདུག་ཀ
རེད་པ། སྔོན་ལ་གཞན་སྟོང་རང་སྟོང་ཟེར་བ་དེ་ཡར་ཞིག་ལ་ཞོག
(བཞད་མོ་དང་བཅས།) སྔོན་ལ་སོ་སོའི་ཁ་ཐུག་དེར་དངོས་གནས་རང་གི་སེམས་ལ་ཕན་པ་ཞིག་དང་། སྒོ་གསུམ་ཞི་ཞིང་དུལ་བ་ཞིག་བྱུང་ན་དེས་འགྲིག་འདུག་ཀ ངའི་ངོ་ཤེས་པ་ཨ་མེ་རི་ཀའི་མི་ཞིག་གིས། ཁོ་མགོ་ལོག་ལ་གནས་སྐོར་དུ་ཕྱིན་པ་ཡིན་ཟེར། བཀྲ་ཤིས་འཁྱིལ་དང་དེ་ཚོར་མཚམས་བསྡམས་ནས་ཡུན་རིང་པོར་བཞུགས་མཁན་ཡོད་ཟེར་བ་དེ་འདྲ་གོ་ཡ་མི་འདུག མགོ་ལོག་འཛམ་ཐང་ཁུལ་དུ་(དེ་ཇོ་ནང་རེད།)མཚམས་ལ་བཞུགས་མཁན་མང་པོ་ཞེ་དྲགས་འདུག ཁོའི་ཡིད་ཞེ་དྲགས་འཕྲོག་སོང་ཟེར་གི་འདུག དཔེ་ཡག་པོ་རེད་པ། དེ་འདྲ་ཡིན་དུས། སྤྱིར་བཤད་པའི་ཀ་ཆེན་བཅུ་དང་། སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་ནང་ན་ཇོ་ནང་པ་ཡོད་པ་རེད་པ། བྱས་ཙང་དེ་གནད་འགག་ཅིག་འདུག ངས་ཡང་འདི་བྱོས་འདི་མ་བྱེད་ཅེས་ང་ལ་བཤད་ཡ་གང་ཡང་མེད་དེ། ཡིན་ན་ཡང་། ཁྱེད་རང་ཚོས་དབྱིན་ཇིའི་སྐད་ཐོག་ནས་(serious)དོན་གནད་གལ་ཆེན་པོ་ཞིག་ལ་དགོངས་པ་བཞེས་དགོས་ཡ་ཞིག་རེད། དེར་གནད་འགག་ཅིག་འདུག ང་རང་གི་ངོས་ནས་ཁོང་ཚོས་ང་ལ་ཡི་གེ་ཞིག་བྲིས་པ་རེད། ངས་དེ་བཤད་ཡོད་དོ་ཞེས་ཁོང་ཚོར་ཕར་ལན་སྤྲད་ཀྱི་ཡིན། ཤེས་སོང་ངམ།
(བཞད་མོ་བཅས།) དེ་རིང་ངས་ལབ་སྙིང་འདོད་པ་དེ་ཚོར་ཆོ་མི་འདུག ང་རང་གིས་ཞྭ་མོ་དེ་ཕུད་པ་ཡིན། ཁྱེད་རང་ཚོས་ག་རེ་གནང་འདོད་པ་ཁྱེད་རང་ཚོས་ཐག་བཅད་དགོས་རེད། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ།
ཞེས་བཀའ་བསྩལ།”
དོན་ངོ་མར་ཇོ་ནང་ཚང་གིས་གོང་དུ་བཤད་པའི་སྤྱི་དམངས་ཀྱི་ཐོབ་ཐང་ཞིག་རྩོད་བཞིན་པ་དེ་རེད། དེ་ནི་དམངས་གཙོའི་རྒྱལ་ཁབ་ཞིག་གི་ནང་དུ་དགོས་ངེས་པ་རེད། གལ་ཏེ་དེ་མེད་ན་དམངས་གཙོ་ཟེར་བ་མིང་ཙམ་རེད།
སྤྱི་དམངས་ཀྱི་ཐོབ་ཐང་ཟེར་བ་ཤེས་སམ། དབྱིན་ཡིག་ཐོག་ Civic Right ཟེར་བ་འདི་རེད། སྤྱི་དམངས་ཀྱི་ཐོབ་ཐང་ནི། རང་དབང་དང་དམངས་གཙོའི་རྒྱལ་ཁབ་ཞིག་གི་ཆབ་འབངས་སུ་གཏོགས་པའི་སྐྱེ་བོ་སུ་ཞིག་སྤྱི་ཚོགས་ཤིག་གི་ཁོངས་གཏོགས་ཡིན་པའི་རྒྱུ་མཚན་གྱིས་ངེས་པར་དུ་ཡོད་དགོས་པའི་རང་དབང་གི་ཐོབ་ཐང་ཞིག་རེད། འདི་མེད་ན་རྒྱལ་ཁབ་དེར་དམངས་གཙོའི་སྒྲ་མི་འཇུག་ལ། ད་དུང་རང་དབང་ཡོད་པར་ཁས་ལེན་བྱེད་ཐབས་མེད།
གཞན་ཞིག་བཤད་ན། བཀའ་རྒྱུད་ལ་གྲུབ་མཐའ་འདྲ་མིན་ཡོད་པ་བདེན་མོད། དེ་དག་ཐམས་ཅད་བཀའ་རྒྱུད་ཅེས་པའི་ཚིག་གཅིག་གི་འོག་ཏུ་གནས་ཡོད། ཁྱེད་ཀྱིས་བཀའ་རྒྱུད་ཅེས་པའི་མཚན་ལ་ཡང་དཔྱད་པ་གཏོང་མ་མྱོང་ངམ། ཀློས་རྒན།
ཆོས་རྒྱུད་ཀྱི་ཆེ་ཆུང་ལ་ལྟ་འདོད་ན་གོང་གི་༧རྒྱལ་དབང་མཆོག་གི་བཀའ་སློབ་ལ་གཟིགས་དང་ཤེས་ནུས།
མདོར་ན་བོད་ལ་མཐུན་སྒྲིལ་ཡོང་དགོས་ན་དང་ཐོག་ཆོས་ལུགས་མཐུན་སྒྲིལ་བྱེད་དགོས། དེ་མེད་ན་དེ་ཡོང་ཐབས་མེད། རྒྱུ་མཚན་བཤད་མི་དགོས།
གནས་སྐབས་དེ་ཙམ་ཡིན།
ལྟས་ངན་རེད་་་་་ཡང་ནང་ཁུལ་བརྩོད་རྙོག་བསླངས་ཡོང་གི་འདུག་་་བསམ་མེད་འདི་ཚོ།
སྙིང་མིག་གིས་བཤད་པར་རྒྱབ་སྐྱོར་ཡོད། ང་ཚོར་ཆོས་ལུགས་མང་མེད་ན་ཉུང་མི་འདུག ད་དུང་ཇོ་ནང་སོགས་དགོས་དོན་མི་འདུག ང་ཡང་ཆོས་ལུགས་པ་རྣམས་ལ་ཞེ་མེར་ནས་ཡོད། དེ་ནི་ཆོས་ལུགས་པ་ཁོང་ཚོའི་སྒང་ནས་བྱུང་བ་རེད། ད་དུང་ཇོ་ནང་སོགས་ལ་རྒྱབ་སྐྱོར་བྱེད་མཁན་རིགས་ནི་ཧ་ཅང་ནོར་འཁྲུལ་ཡིན་པར་ངོས་འཛིན་བྱེད་དགོས། དཔེར་ན། སྐབས་༡༤པའི་གྲོས་ཚོགས་ནང་ངའི་སྣང་བ་འགྲོ་ཤོས་དང་། ཡག་ཤོས་དེ་ནི་མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ཡིན། འོན་ཀྱང་ཁོང་གིས་ཀྱང་ཇོ་ནང་པ་ལ་རྟག་ཏུ་རྒྱབ་སྐྱོར་ཤུགས་ཆེན་བྱེད་བཞིན་འདུག ངས་དེ་ནི་ཁོང་གི་ནོར་འཁྲུལ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།
ད་དུང་གོང་གི་བཀའ་སྤྱིའི་གསལ་བསྒྲགས་ནང་། ཁ༽ བླ་ཆེན་རྣམ་པ་དང༌ཆེས་མཐོའི་ཁྲིམས་ཞིབ་པ་རྣམ་པ། རང་དབང་ལྡན་པའི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ་ཚོགས་ཆེན་གྱི་དབུ་འབྱེད་དང་མཇུག་བསྡོམས་མཛད་སྒོ། ཚོགས་ཆུང་ཁག་གི་སྙན་ཐོ་སྙན་སྒྲོན་སྐབས། དེ་བཞིན་ཚོགས་མི་ཚང་འཛོམས་ཐོག་ཚོགས་ཆུང་ཁག་གི་རྒྱབ་གཉེར་སྙན་ཐོའི་བགྲོ་གླེང་གནང་སྐབས་བཅས་སུ་གདན་ཞུ་བྱ་རྒྱུ།
ཞེས་བཤད་འདུག་ ད་ངོ་མ་ང་ཉོབ་སོང་། ང་ཚོའི་ཚོགས་འདུ་དེ་ཆོས་ལུགས་ཀྱི་ཚོགས་འདུ་རེད་དམ། བླ་ཆེན་ཚོས་ཆོས་བཤད་དགོས་པ་རེད་དམ། ཞིབ་ཏུ་བསམ་བློ་བཏང་ན་བཀའ་སྤྱི་གཉིས་ལ་དེང་རབས་ཀྱི་ཀླད་པ་ཞིག་འདུག་གམ། ད་ཡང་ཀླད་རྙིང་ཁོ་ན་ཡཡཡཡཡཡཡཡཡཡཡཡཡཡཡཡཡཡཡཡཡ།ལྟོས་ཨ།
ཇོ་ནང་ཚང་ཆོས་བརྒྱུད་ཆུང་ཆུང་གི་གྲལ་ལ་བཞག་ཆོག་གི་རེད། ཆོས་བརྒྱུད་ཆེན་པོ་གྲལ་ལ་བཞག་མི་ཤེས་སོ། ཆོས་བརྒྱུད་ཆེན་པོ་མིན་པ་ཞིག་ཆེན་པོའི་གྲལ་དུ་བཞག་ན་དྲང་པོ་མ་རེད། དཔེར་ན་ཇོ་ནང་ལས་ལྷག་པའི་ཆོས་བརྒྱུད་ཡན་གར་བ་མང་པོ་ཡོད་པ་ཀུན་གྱིས་ཤེས། བཀའ་བརྒྱུད་པ་གཅིག་པུའི་ནང་ལ་ལྟོས་དང་། ཟུར་མང་བཀའ་བརྒྱུད་ལ་ག་ཚོད་འདུག འབའ་རོམ་བཀའ་བརྒྱུད་ལ་ག་ཚོད་འདུག གནས་མདོ་བཀའ་བརྒྱུད་ལ་ག་ཚོད་འདུག ཤང་པ་བཀའ་བརྒྱུད་ལ་ག་ཚོད་འདུག དེ་ཚོ་ནི་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་གང་ཡང་མ་རེད། ད་དུང་འབྲུག་པ་བཀའ་བརྒྱུད་ལ་ལྟོས་དང་། དེང་སང་ཆོས་བརྒྱུད་ཆེན་པོ་བཞི་དང་་འགྲན་བཟོད་པ་ཞིག་ཡོད་འདུག རང་དབང་རང་བཙན་ཡོད་པའི་ལྷོ་མོན་འབྲུག་གི་རྒྱལ་ཁབ་དེའི་གཞུང་དང་ཡན་ལག་ཚང་མ་འབྲུག་པ་བཀའ་བརྒྱུད་རེད། ད་དུང་ཝི་ཏེ་ནམ་ཕལ་མོ་ཆེ་འབྲུག་པའི་ཁོངས་སུ་བརྩི་སྲོལ་འདུག དེ་ཚོ་རེ་རེ་ལ་ཆོས་བརྒྱུད་ཆེན་པོ་ཞེས་མིང་བཏགས་བསྡད་ན། ཚིགས་ཆེ་ལ་དོན་ཆུང་བ་མ་རེད་དམ། སྤྱིར་འུ་ཚང་རྒུད་པའི་རྩ་བ་ཐམས་ཅད་ཆོས་ལུགས་འདིས་སྤྲད་པས། ཁོ་བོ་ནི་ཆོས་ལུགས་པ་འདི་ཚོ་ལ་ཞེ་མེར་བ་ལ་ཚོད་དུ་མེད། ད་དུང་བསམ་ཚཱུལ་བརྗེ་རེས་འདོད་ན་སྒུག་བསྡད་ཡོད།
བོད་གཞིས་བྱེས་གཉིས་ཀྱི་བསམ་དོན་ལྷུན་གྱིས་འགྲུབ་པར་ཤོག ད་ལན་གྱི་དམིགས་བསལ་ཚོགས་ཆེན་འདི་དོན་ཕན་ལྡན་པ་ཞིག་ཡོང་བའི་རེ་བ་དང་སྨོན་ལམ་བྱེད་བཞིན་ཡོད། འདི་ལ་དགྲ་ནག་པོ་དང་དེའི་རྒྱུག་ཁྱི་ཚོས་གནོད་པའི་སྐབས་བརྩམས་པ་ལ་འུ་ཚང་གིས་རྡུང་ལེན་ངེས་པར་བྱེད་དགོས། ཆེས་ཆེར་རྒུད་པའི་མི་རིགས་འདི་ཡ་ང་བའི་འཕྲང་རིང་འདི་ལྟར་ལ་སླེབས་སྐབས། རྡོག་རྩ་ཆིག་དྲིལ་གྱི་སྐད་ཆ་ཞིག་མེད་པར། ང་མིག་གིས་བལྟས་མ་སོང་། ཁོ་ལ་སྣ་ཡིས་བསྣམ་མ་སོང་། འདི་ལ་རྣ་བས་ཉན་མ་སོང་སོགས་གྲོང་འདབས་རྒན་མོའི་ལབ་བརྡོལ་བཞིན་བཤད་པ་ལ་ངོ་རེ་ཚ། ཆེས་གུ་དོག་གི་སྐད་ཆ་དེ་དག་ཤོད་པ་ཨ་དགོས་ཆུང་།
དངོས་གནས་ང་ཚོས་གཞུང་གིས་ག་རེའི་ཆེད་དུ་ཇོ་ནང་ཚང་ལ་འདི་ལྟར་བྱེད་དགོས་རེད་དམ། རང་དབང་དང་དམངས་གཙོ་ཁ་ནས་བཤད་བཞིན་དུ། ཇོ་ནང་ཚང་ལ་རང་དབང་དང་ཐོབ་ཐང་མི་སྤྲོད་དོན་ག་རེ་ཡིན་ནམ།
རྒྱ་ནག་གི་མདུན་ནས་ངོ་ཚ་མེད་དམ། རང་གི་གཞུང་གིས་བརྙས་བཅོས་འདི་འདྲ་བྱས་ན་ཇོ་ནང་ཚང་ལ་ཁག་ཁྱོན་ནས་མི་འདུག
གལ་ཏེ་ཇོ་ནང་ཚང་ལ་ཐོབ་ཐང་སྤྲད་བཞག་ན། བོད་རང་བཙན་ནམ་རང་སྐྱོང་ཐོབ་པ་ལ་གནོད་སྐྱོན་ཡོད་ན་ཁག་མི་འདུག ཕལ་ཆེར་དེ་ཡོད་རྒྱུ་མ་རེད་པ། མེད་ན་ག་རེ་བྱས་ནས་བོད་གཞུང་གིས་ཇོ་ནང་ཚང་ཆོས་རྒྱུད་ནང་དུ་མ་བཞག་པ་རེད།
ད་ལྟ་བོད་ཀྱི་གནས་སྟངས་འདི་འདྲའི་ཛ་དྲག་གི་སྐབས། མི་གཅིག་ཡིན་ན་ཡང་མཐུན་སྒྲིལ་བྱེད་རྒྱུ་གལ་ཆེན་པོ་མིན་ནམ། གལ་ཏེ་ཇོ་ནང་ཚང་ཡོངས་རྫོགས་བོད་གཞུང་ལ་ངོ་ལོག་ན། བོད་ཀྱི་རྩ་དོན་ལ་གནོད་ལས་ཕན་པ་ག་རེ་འདུག
བཀའ་ཤག་གིས་གཅིག་སྒྲིལ་གཅིག་སྒྲིལ་ཟེར་གྱིན་ཡོད་མོད། དོན་ལ་ཆོས་རྒྱུད་བར་ལ་དབྱེ་འབྱེད་བྱེད་བཞིན་འདུག་ཀ
ངས་བསམ་ན་བོད་གཞུང་གིས། ཇོ་ནང་ཚང་ལ་ཐོབ་ཐང་སྤྲོད་རྒྱུ་འཕྱི་མེད་ན་སྔ་མེད་པས། ད་བསམ་བློ་གཏོང་རན་རེད་འདུག གལ་ཏེ་ཉིན་གཅིག་ཟིང་ཟིང་ཞིག་བྱུང་ན་དེ་དུས་འཕྱི་སོང་བ་རེད།
དྲ་གྲོགས་ཚང་མས་འདི་ལ་རྒྱབ་སྐྱོར་གནང་རོགས། རྙོག་དྲ་གང་ཡིན་ན་ཆུང་ཆུང་ཡིན་དུས་མེད་པར་བཟོ་རྒྱུ་ལས་སླ་བོ་རེད། གལ་ཏེ་ཆེན་པོ་ཆགས་ན་ཁག་པོ་རེད།
ངས་ཇོ་ནང་ཚང་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། རྒྱུ་མཚན་གལ་ཏེ་བོད་གཞུང་གིས་ངའི་ཆོས་རྒྱུད་བོད་ཀྱི་ཆོས་རྒྱུད་ཀྱི་གྲལ་དུ་མ་བཞག་ན། ང་རང་དགར་སྡོད་མི་ཐུབ་པ་ཐག་ཆོད་རེད། ཆོས་དད་ཅན་ཞིག་ལ་མཚོན་ན། སོ་སོའི་ཆོས་ལུགས་ནི་ཐམས་ཅད་ལས་གལ་ཆེ་ཤོས་དེ་རེད། དེར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནང་དུ་ཆོས་དད་རང་དབང་དང་ཐོབ་ཐང་གཅིག་མཚུངས་ཐད་ཤུགས་ཆེན་བཤད་ཡོད་རེད། ཡིན་ན་ཡང་ང་ཚོས་གཞུང་གིས་རྣ་བ་ལག་པས་བཀབ་ཏེ་འདུག་དོན་ག་རེ་ཡིན་ན།
ང་ཚོའི་སྤྱི་ཚོགས་ནང་དུ་དོལ་རྒྱལ་སོགས་རྙོག་དྲ་མང་པོ་ཡོད་རེད། ད་དུང་དགོས་སམ། གལ་ཏེ་ཇོ་ནང་ཚང་སྣང་མེད་བྱས་ན། མ་འོངས་པར་རྙོག་དྲ་ཆེན་པོ་མི་ཆགས་པའི་ངེས་པ་མི་འདུག་པས། མགྱོགས་མྱུར་ཐག་གཅོད་ཡག་པོ་ཞིག་བྱེད་རན་འདུག དེ་ཚང་མས་ཐུགས་ལ་འཛིན་འཚལ།
ངོ་མ་ཇོ་ནང་ཚང་ལ་ཁག་མེད་ཀི བལྟས་ཡས་ཡོང་ན། རྒྱ་ནག་གིས་བོད་ལ་བཙན་གནོན་དང་བོད་རྒྱ་མི་རིགས་དབྱེ་འབྱེད་བྱེད་པར་ཧང་སངས་དགོས་དོན་མི་འདུག ང་ཚོའི་གཞུང་གིས། ཆོས་ལུགས་དབྱེ་འབྱེད་བྱེད་པར་ལྟོས་དང་། ནང་གིས་འདི་ལྟར་བྱེད་ན་དགྲ་བོས་ལོས་བྱེད། ད་དུང་ཇོ་ནང་ཚང་གིས་བོད་དོན་ཆེད་དཔའ་རྒོད་དུ་མ་ཞིག་གིས་ཚེ་སྲོག་བཏང་སོང་། ངོ་མ་སེམས་སྐྱོ་ནི་ཞིག་རེད།
བོད་གཞུང་གིས་ཇོ་ནང་ཚང་བོད་མིའི་གྲལ་དུ་མ་བཞག་ན་ཡང་། ཁོང་ཚོས་ད་དུང་ཞུ་འབོད་བྱེད་བཞིན་འདུག རྒྱ་ནག་ལ་ངོ་རྒོལ་བྱེད་བཞིན་འདུག
གལ་ཏེ་ཁོང་ཚོས་ཚོགས་ཆེན་སྐབས་ངོ་རྒོལ་བྱས་ཚེ། ངས་ཀྱང་རྒྱབ་སྐྱོར་ཡོད། ལོངས་ཤོག་ལོངས་ཤོག་ཇོ་ནང་ཚང་། རང་དབང་ཆེད་དུ་ཡར་ལོངས་ཤོག ཐོབ་ཐང་ཆེད་དུ་ཡར་ལོངས་ཤོག ཇོ་ནང་པ་རྒྱལ་ལོ།།
རྩོམ་སྒྲིག་པས་མདུན་ངོས་ཀྱི་ཁ་བྱང་ལ་གསལ་བོ་ཞིག་གཟིགས་རོགས་་་་
བསྟན་འཛིན་ཟེར་བ་དེར་རྒྱབ་སྐྱོར་ཡོད།
ཇོ་ནང་ཚང་གིས་མི་ལོ་བཅུ་ཕྲག་དུ་མའི་རིང་ཐོབ་ཐང་འདྲ་མཉམ་ཡོང་ཆེད་བོད་གཞུང་ལ་གསོལ་བ་བཏབ་པ་རེད། དེའི་དོན་འབྲས་སྨིན་རྒྱུ་ཕར་ཞོག ད་དུང་བརྙས་བཅོས་བྱས་ན་ཁག་མེད་ཀི གལ་ཏེ་ཁོང་ཚོས་ཚོགས་ཆེན་སྐབས་ངོ་རྒོལ་ལས་འགུལ་སྤེལ་ན། ངས་ཀྱང་དེའི་ཆ་ཤས་ལེན་ཐག་ཆོད་ཡིན། མགོ་གསེར་སྐུས་བརྡུང་དང་ཐོ་བས་བརྡུང་།། རྟེན་བྱིན་རླབས་མེད་པ་འདྲ་རེད།། ད་དུང་བརྙས་ན་ནང་དང་། ཆད་ན་ཐུར་ཟེར་ནི་རེད།
ཚོགས་འདུའི་མཇུག་འབྲས་དོན་ཕན་ལྡན་པ་ཞིག་ཡོང་བར་སྨོན།
ཁོ་རེ།
བཀའ་སྤྱི་གཉིས།
གསལ་བསྒྲག་ནང་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་ཟེར་བ་ད་ལྟ་རང་ནོར་བཅོས་བྱེད་དགོས། བྱུང་ན་ཆོས་བརྒྱུད་ཆེན་པོ་ལྔ་དང་ཟེར་དགོས། གལ་ཏེ་དེ་ལྟར་མ་བྱུང་ན་བོད་ཀྱི་ཆོས་བརྒྱུད་ཁག་དང་གཡུང་དྲུང་བོན་ཞེས་ཟེར་དགོས།
གལ་ཏེ་དེ་ལྟར་མ་བྱས་ཚེ། ཚོགས་ཆེན་སྐབས་ང་ཚོས་འཛམ་གླིང་ལ་གྲགས་པའི་ལས་འགུལ་ཞིག་སྤེལ་ཨེ་ཐུབ་ལྟོས་ཤིག ཉོན་ཅིག
དེ་དུས་འགྱོད་ཀྱང་འཕྱི་དྲགས་པ་རེད། རྨི་ལམ་ཡག་སྐབས་ལ་སད་ན་ཡག་གི་རེད།
དེ་གོ་བར་གྱིས་ཤིག
བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས། མ་སུ་རི་བོད་ཁྱིམ། སཾ་བྷོ་ཊ་བོད་སློབ་འཛིན་སྐྱོང་ཁང༌། དབུས་སྨན་རྩིས་ཁང༌། ཞེས་པའི་གོང་གསལ་སྡེ་ཚན་ཁག་ཏུ་ནང་གསེས་སྡེ་ཚན་མང་པོ་ཡོད། དཔེར་ན། རྡོར་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌། ལྡི་ལི་བོད་ཁང༌། བོད་ཀྱི་རྒྱལ་ཡོངས་ཆིག་བསྒྲིལ་ཚོགས་པ། བོད་ཀྱི་རྒྱལ་ཡོངས་ཆབ་སྲིད་བཙོན་གྲོལ་ཚོགས་པ་སོགས་་ནི་གོང་གསལ་སྡེ་ཚན་ཁག་གི་ནང་གསེས་པོན་ཌ་དང་ཅོང་ཏ་ར། ཤེས་རབ་དགའ་ཚལ་གླིང་སོགས་ལས་ཆུང་བ་ཡོད། སློབ་གྲྭ་ཁག་ནས་དགེ་རྒན་འཐུས་ཚབ་རེ་ཡོད་ན་བཟང་།