ཕྱི་ཚེས་ ༧ ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཐོག་ཏུ་བོད་མི་ན་གཞོན་རང་ལོ་ ༢༢ ཡིན་པ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་འདུག
གཉན་ཕུན་ཚོགས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཡས་མས་སུ་བོད་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་འདམ་ཆུ་ཁ་གྲོང་རྡལ། མཆོད་རྟེན་ཁུག་ནས་ཡིན་པའི་ན་གཞོན་རང་ལོ་ ༢༢ ཡིན་པ། མཚན་ལ་ཚེ་དབང་རྡོ་རྗེ་ཞུ་བ་ཞིག་གིས་འདམ་གཞུང་རྫོང་ཐོག་ཏུ་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་འདུག་ལ། ངོ་རྒོལ་བྱས་ནས་ཅུང་ཙམ་སོང་རྗེས་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་གི་ལུས་པོའི་མེ་བསད་དེ། རྫོང་སྨན་ཁང་དུ་ཁྲིད་ཡོད་འདུག དེའི་རྗེས་མི་སུ་གཅིག་ཀྱང་ཁོང་ལ་ཐུག་འཕྲད་བྱེད་བཅུག་མེད་པ་མ་ཟད། ཐ་ན་གནས་ཚུལ་དེའི་སྐོར་སུ་ཞིག་གིས་ཀྱང་ཕྱི་ལ་ཤོད་མི་ཆོག་པའི་བཙན་བཀའ་བཏང་ཡོད་འདུག
ད་ལྟའི་ཆར་འདམ་གཞུང་རྗོང་ཡོངས་དམ་དྲག་ཧ་ཅང་ཆེན་པོའི་འོག་གནས་ཡོད་འདུག་ལ། ཁ་པར་ཚང་མ་བཀག་སྡོམ་གྱིས་ཕྱི་ཕྱོགས་ནས་འབྲེལ་བ་བྱེད་ཐབས་མེད་པ་མ་ཟད། ཐ་ན་ལྷ་ས་གྲོང་ཁྱེར་སོགས་བོད་ནང་ཁུལ་གྱི་ས་ཆ་ཕན་ཚུན་ནས་ཀྱང་འདམ་གཞུང་རྫོང་ཐོག་ཏུ་ཁ་པར་མཐུད་ཐབས་མེད་པ་ཆགས་ཡོད་འདུག ད་སྔ་ན་གཞོན་ཁོང་གི་འབོད་ཚིག་དང་གང་དུ་ཡོད་མེད། འཆི་གསོན་གྱི་གནས་ཚུལ་ཞིབ་ཕྲ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཟེར།
ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ།
ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ། ཨོཾམཎིཔདྨེཧཱུཾ།
མ་ཎི་ཡིག་དྲུག་ལན་དྲུག་བཏོན་པ་འདི།།
བོད་མི་ས་ཡ་དྲུག་གི་བསྔོ་སྨོན་ཡིན།།
འཕགས་མཆོག་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་སྟེ།།
ཕྱི་མ་ཆོས་ལྡན་ཞིང་དུ་སྐྱེ་བར་ཤོག།
ཚེ་སྲོག་མེ་ལྕེ་གཅིག་མཆེད་གཉིས་མཆེད་རེད།།
འཛམ་གླིང་མི་མང་ལོང་བ་ལོང་ནག་རེད།།
བོད་མི་རྩམ་གཟན་ཅི་བྱ་གཏོལ་མེད་རེད།།
བདེན་དོན་ཉི་གཞོན་ཁ་ཐག་ཇེ་རིང་རེད།།
དཔའ་བོ་ལགས་
ཀྱེ་ཧུད་་་དཔའ་བོ་ཚོའི་སྙིང་སྟོབས་འདི་མི་རིགས་ཀྱི་ཆེད་དུ་ཕུལ་བ་འདི་གཟི་བརྗིད་ཆེ་བ་ལ།
བོད་མི་རིགས་གྱིས་ཆེད་དུ་རྒྱལ་གཅེས་དཔའ་བོ་ཚེ་དབང་རྡོ་རྗེ་ལ་གུས་འདུད་ཞུ། ཨོཾ་མཎྀ་པདྨེ་ཧཱུཾ། ཨོཾ་མཎྀ་པདྨེ་ཧཱུཾ། ཨོཾ་མཎྀ་པདྨེ་ཧཱུཾ། ཨོཾ་མཎྀ་པདྨེ་ཧཱུཾ། བདེ་བ་ཅན་དུ་ཅེ་བ་ཤོག།
མལ་གྲོའི་བཙུན་པ་ལགས། བོད་མི་ཚོ་དུས་ཚོད་འདི་འདྲ་ལ་མ་ལང་ན་ལང་བའི་དུས་ཤིག་གཏན་ནས་ཡོང་མི་སྲིད། ང་རང་གི་ངོས་ནས་ཀྱང་ནུས་པ་དང་འཇོན་ཐང་ཞན་དྲག་པའི་དབང་གིས་ཕན་ཐོག་ཆེན་པོ་ཞིག་སྒྲུབ་ཐུབ་ཀྱི་མི་འདུག་ཀྱང་། གོ་སྐབས་ནམ་བྱུང་ལ་རང་གི་ནུས་ཚོད་ཀྱི་མ་ལན་མ་འགྱོད་པའི་ལས་ཀ་རེ་བྱས་ཁུལ་ཡིན། ཁྱེད་ལ་མཚོན་ན་དེ་སྔ་ལང་མཁན་ཞིག་ཡིན་ན་བཤད་མ་དགོས། གལ་ཏེ་མིན་ན་ཡར་ལ་ལང་རྒྱུའི་རེ་བ་ཞུས་པ་ཡིན།
དཔའ་བོ་ཁོང་གི་བསམ་དོན་མྱུར་ཏུ་འགྲུབ་པར་ཤོགས། ལུང་རྟོགས་ལགས་ཀྱིས་བོད་མི་ཚོ་ལང་དགོས་པའི་བསྐུལ་མ་གཏོངསྟང་ལ་བལྟ་ན་ཁོང་རང་དུས་བརྟག་ཏུ་བོད་མིའི་ཆེད་དུ་ལང་ལང་པ་ཡིན་པ་འདྲ་བྱས་ཙང་རྗེས་སུ་ཡི་རང་ཞུ།།
མགོན་མེད་གངས་ཅན་ཞིང་གི་འགྲོ་བ་འདི། །ཇི་སྲིད་འཁོར་བའི་ཕྱི་མཐའ་མ་རྫོགས་པ། དེ་སྲིད་མཚུངས་པ་མེད་པའི་གསང་གསུམ་གྱི། །སྡེ་བཞིའི་དཔལ་རོལ་བཞིན་རྟག་བཞུགས་གསོལ། །
གསོལ་བ་འདེབས་སོ་གངས་ཅན་མགོན་པོ་ལགས། །གངས་ཅན་འགྲོ་ཀུན་ཐུགས་རྗེ་ཕྱག་གིས་དྲོངས། །
རྒྱལ་གཅེས་དཔའ་བོ་ཁོང་གི་ཐུགས་ཀྱི་བཞེས་དགོངས་མཐའ་དག་ལྷུན་གྱི་འགྲུབ་པའི་སྨོན་འདུན་དང་བོད་ཆོལ་ཁ་གསུམ་གྱི་ནུས་པ་གཅིག་ཏུ་སྒྲིལ་ལས་དམར་གཞུང་གི་དྲང་བདེན་མ་ཡིན་པའི་སྲིད་གཞུང་ངོ་རྒོལ་བྱེད་ཀྱི་རེ་བ་དང་བཅས་བོད་རྒྱལ་ལོ།
བོད་མི་རིགས་གྱིས་ཆེད་དུ་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་གུས་འདུད་ཞུ། ཨོཾ་མཎྀ་པདྨེ་ཧཱུཾ། ཨོཾ་མཎྀ་པདྨེ་ཧཱུཾ། ཨོཾ་མཎྀ་པདྨེ་ཧཱུཾ། ཨོཾ་མཎྀ་པདྨེ་ཧཱུཾ།
ངའི་ཞུ་འདོད་པ་ནི། བདག་གི་ཐོས་པ་ནི་མདོ་སྨད་འཛམས་ཐང་ཟེར་བའི་ས་ཆ་ནས་བོད་མི་ཚངས་མའི་ནང་གི་ནང་ལ་ནང་མེད་མི་བྱེད་རྒྱུའི་དམ་བཅའ་དང་སྔོན་ཆད་གྱི་མི་བསད་རྟ་རྨས་ལ་སོགས་སོང་བའི་གནད་དོན་ཚངས་མ་དོ་སྣང་མི་བྱེད་པ་དང་ནང་ལ་མཐུན་བསྒྲིལ་བྱེད་དགོས་པའི་མི་སྐྱ་ཚོའི་དོ་སྣང་བྱེད་དེ་རང་རང་སོ་སོ་ནས་མེ་མདའ་དང་གྲི་ལ་སོགས་བསྡུ་རིམ་བྱས་དེ་གཙང་ཆེན་དགོན་ཟེར་བ་དེ་ཕུལ་འདུག དེང་སང་འཛམ་ཐང་གི་བོད་རིགས་ཚངས་མའི་མཐུན་བསྒྲིལ་ནི་ཧ་ཅང་ཟབ་ཅིང་རྒྱ་ཆེ་བ་ཞིག་རེད། གཅིག་གི་གཅིག་མཐོང་ན་ལག་ཟུང་ཐལ་སྦྱར་བཅས་འགྲོ་བཞིན་ཡོད་ཟེར། བདག་གི་དེའི་སྐད་དེ་ཐོས་སྐབས་སུ་ངའི་སེམས་ནས་བཅོས་མ་མ་ཡིན་པ་དང་སྔར་བྱུང་མ་མྱོང་བའི་བདེ་བ་ཞིག་སྐྱེས་སོང་། ཧ་ཅིང་ཡ་མཚན་རེད་། བོད་རིགས་ཚངས་མ་དེ་དེ་བཞིན་འགྲུབ་གྱུར་ཅིག
ད་ནི་བོད་ཆོལ་ཁ་གསུམ་དཔུང་པ་མཉམ་དུ་སྒྲིལ་ཡོང་གི་ཡོད་པ་ཇེ་གསལ་རེད། བོད་མི་ཚོ་ཡར་ལ་ལོང་ཤོག བོད་རྒྱལ་ལོ།
བོད་མི་རིགས་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་མཁན་གྱི་དཔའ་བོ་དང་དཔའ་མོ་རྣམས་ལ་གུས་འདུད་དང་། ལྷག་པར་དཔའ་བོ་ཁོང་གི་མཛད་རྗེས་ལ་ཡིད་རང་ཞུ།།།།།
ཀྱེ་ཧུད།
ལུས་ནི་རང་ལ་དབང་སྟེ་སེམས་ཀྱིས་སོ།།
སེམས་ཀྱང་ཉིད་ལ་དབང་དགོས་བོད་འབངས་ཚོ།།
མི་དང་མི་མིན་འདྲེ་མིན་རིག་པའི་འཕྲུལ།།
སེམས་ཀྱིས་དཔྱད་ལ་སེམས་ཀྱིས་ཐག་གིས་ཆོད།།
…… ཉིད་ཀྱིས་བསམ་དོན་འགྲུབ་པའི་སྨོན་འདུན་དང་བཅས།།
རྒྱལ་ལོ་་་་་་་་་རྒྱལ་ལོ་་་་་་་་་་་་བོད་རྒྱལ་ལོ་་་་་་་་་་་་རྒྱ་ནག་བོད་ནས་མཐར་བགྲོད་ཐོངས།