མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་རིག་ལས་ཁུངས་ཀྱིས་བརྡ་ཆད་ ༤༠༠༠ གཏན་འབེབས་བྱས་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

ད་ནངས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོཊ་ཁང་དུ་ཤེས་རིག་ལས་ཁུངས་ཀྱིས་གསལ་བསྒྲཊ་ཤིག་སྤེལ་ཏེ། ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱིས་རྩོམ་སྒྲིག་ཞུས་པའི་༼ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད༽དེབ་ཕྲེང་བཞི་པ་དབུ་འབྱེད་གནང་སོང་།

དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིོག་ལས་ཁུངས་ཀྱི་དྲུང་ཆེ་དངོས་གྲུབ་ཚེ་རིང་ལཊ་དང་། ཤེས་རིག་རྩོམ་སྒྲིག་ཚོགས་ཆུང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨཙཱརྱ་ཀརྨ་སྨོན་ལམ་ལཊ་དང་། ཤེས་རིག་དྲུང་འཕར་དང་ཟུང་དྲུང་བཅས་ཐུན་མོང་གིས། ཤེས་རིག་ལས་ཁུངས་ཀྱིས་གསར་དུ་པར་སྐྲུན་ཞུས་པའི་གསོ་རིག་དང་འཛིན་སྐྱོང་སྐོར་གྱི་༼ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་༽ཅེས་པའི་དེབ་ཕྲེང་ ༤ པ་དབུ་འབྱེད་གནང་སོང་།

མཛད་སྒོའི་ཐོག་ཤེས་རིག་རྩོམ་སྒྲིག་ཚོཊ་ཆུང་གི་སྤྱི་ཁྱབ་འགན་འཛིན་ཨཙཱརྱ་ཀརྨ་སྨོན་ལམ་ལཊ་ཀྱིས་ལས་སྡོམ་ངོ་སྤྲོད་གནང་དོན་ལྟར་ན། དབྱིན་བོད་ཤར་སྦྱར་གྱི་བརྡ་ཆད་གཏན་འབེབས་ལས་གཞི་འདི་ནི། ༢༠༠༤ ལོའི་སྐབས་དེའི་བཙན་བྱོལ་བོད་གཞུང་བཀའ་ཤག་གི་གཙོ་འགན་འཁུར་ཏེ། བོད་ཀྱི་དཔེ་མཛོད་ཁང་དང་བོད་གཞུང་སྨན་རྩིས་ཁང་། ངྷ་ས་བོད་ཁྱིམ།ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། རིཊ་ལམ་སློབ་གཉེར་ཁང་། ཤེས་བྱ་ཀུན་འདུས་རྩོམ་སྒྲིག་ཁང་། ཝར་ཎ་གཙུག་ལག་སློབ་གཉེར་ཁང་། སྲོང་བཙན་དཔེ་མཛོད་ཁང་། ཨ་མྱེས་རྨ་ཆེན་རིག་གཞུང་ཞིབ་འཇུག་ཁང་། ཤེས་བྱ་དང་བོད་མིའི་རང་དབང་རྩོམ་སྒྲིག་ཁང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོཊ། བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན་གསར་ཁང་བཅས་ཀྱི་སྐུ་ཚབ་ལྷན་འཛོམས་ཐོག་གྲོས་བསྡུར་ཐག་གཅོད་བྱུང་བ་ཞིག་ཡིན་འདུག

ཕྱི་ལོ་ ༢༠༠༥ ལོར་ཤེས་རིག་ལས་ཁུངས་ཀྱིས་གཙོས་འགན་འཁུར་བའི་བརྡ་ཆད་གཏན་འབེབས་ཀྱི་ལས་གཞི་དེའི་ཆེད་ཁྱོན་ལས་བྱེད་ ༡༥ ཙམ་ལ་ཟབ་སྦྱོིང་དང་། རྒྱུ་ཆ་དང་མཐུན་རྐྱེན་མཁོ་སྤྲོད། ཤེས་རིག་འབྲེལ་ཡོད་ཚན་པར་ལས་བྱེད་ཐབས་འཚོལ། མཁས་པའི་སློབ་སྟོན་ཚོཊ་ཆུང་བཀོད་སྒྲིགམཉམ་ཞུཊ་སྡེ་ཚན་ཁག་ལ་རིག་ཚན་མགོ་འགྲེམས།ལག་བསྟར་ལམ་སྟོན། འགྲོ་གྲོན་མཐུན་སྦྱོར་གང་ལེགས་གནང་བ་བཅས་ཀྱིས། ད་ལྟའི་བར་འཛིན་སྐྱོང་དང་དངོས་ཁམས། རྫས་སྦྱོར། གསོ་བ་རིག་པ། སྐར་རྩིས། སྐྱེ་དངོས། རྩི་ཤིང་། ས་དཔྱད་རིག་པ། སེམས་ཀྱི་ཚན་རིག ཨང་རྩིས། ཟློས་གར། རོལ་མོ། ཆ་འཕྲིན། ལས་རྩལ་དང་འབྲེལ་བའི་དཔེ་དེབ་ ༤ ཙམ་པར་སྐྲུན་འགྲེམས་སྤེལ་ཞུས་ཡོད་ཅིང་། དེབ་ཕྲེང་དེ་དག་ལ་ཁྱོན་བསྡོམས་ཤོག་གྲངས་ ༧༠༠ དང་གཏན་འབེབས་ཟིན་པའི་བརྡ་ཆད་ ༤༠༠༠ ཙམ་དང་། དེབ་ཕྲེང་བཞི་པར་བརྡ་ཆད་ ༡༠༠༠ ལྷག་དང་ཤོག་གྲངས་ ༡༣༨ གྱིས་གྲུབ་འདུག   

ཤེས་རིག་ལས་ཁུངས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་ཙཱརྱ་ཀརྨ་སྨོན་ལམ་ལགས་ཀྱིས། ཤེས་རིག་ལས་ཁུངས་ཀྱིས་བརྡ་ཆད་གཏན་འབེབས་ལས་གཞིར་མུ་མཐུད་རྒྱ་སྐྱེད་དང་ཞིབ་འཇུག་རྣམ་གྲངས་འཐུས་ཚང་དུ་གཏོང་རྒྱུ་དང་། བོད་ནང་གི་བརྡ་ཆད་གཏན་འབེབས་དང་གཅིག་གྱུར་ཡོང་ཐབས། བོད་ཕྱི་ནང་གི་ཀློག་པ་པོ་ཚོར་དམིཊ་ཏེ་བརྡ་ཆད་གཏན་འབེབས་སྐོར་གྱི་དྲ་རྒྱ་གསར་བཟོ། ཚོཊ་པ་སྒྲིག་འཛུཊ་དང་མི་སྒེར་སུ་ཡིན་རུང་བོད་ཡིག་ཡར་རྒྱས་གཏོང་ཆེད། ད་སྔ་གཏན་འབེབས་བྱུང་བའི་བརྡ་ཆད་རྣམས་བེད་སྤྱོད་ཡག་པོ་གཏོང་དགོས་པའི་གལ་གནད་སྐོར་བརྗོད་སོང་།

ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་བརྗོད་ན། བརྡ་ཆད་གསར་པ་གཏན་འབེབས་བྱ་རྒྱུ་ནི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་ཐད་ཀར་འབྲེལ་བ་ཡོད་པ་ཞིག་དང་། བོད་ཡིག་ནི་བོད་མི་རིཊ་ཀྱི་བླ་སྲོག་དང་ཆོས་དང་རིག་གཞུང་གི་རྟེན་གཞི་ཆཊ་ཡོད་སྟབས། བོད་མི་ཚོས་ཉིན་རེའི་འཚོ་བའི་ནང་བོད་ཡིག་བེད་སྤྱོད་གཏོང་རྒྱུ་གལ་ཆེན་ཡིན་སྐོར་དང་། ད་ལྟ་བོད་ཕྱི་ནང་གཉིས་སུ་འགལ་རྐྱེན་སྣ་ཚོགས་ཀྱིས་བོད་ཡིག་ཚད་ལྡན་བེད་སྤྱོད་གཏོང་ཐུབ་ཀྱི་མེད་ཅིང་། བོད་ནང་ལ་མཚོན་ན། རྒྱ་གཞུང་གིས་བོད་ཡིག་བེད་སྤྱོད་ཐོག་དམ་དྲག་ནན་མོ་བྱས་པར་མདོ་སྨད་ཁུལ་གྱི་སློབ་ཕྲུག་ཚོས་ཁྲོམ་གཞུང་དུ་བོད་ཡིག་སྦྱང་གི་ཡིན་ཟེར་ནས་ངོ་རྒོལ་སྐད་འབོད་རིམ་པར་བྱས་ཡོད་ཚུལ། བཙན་བྱོལ་ནང་བོད་པའི་སློབ་ཕྲུག་ཚོ་བོད་ཡིག་ལ་དོ་སྣང་ཅི་ཙམ་ཡོད་མེད་དང་།བོད་ཡིག་ཅི་ཙམ་བེད་སྤྱོད་གཏོང་གི་ཡོད་མེད་ཚང་མས་སེམས་ནང་གསལ་པོ་ཡིན་སྐོར་གསལ་བཤད་གནང་སོང་།

ཤེས་རིག་དྲུང་ཆེ་དངོས་གྲུབ་ཚེ་རིང་ལགས་ཀྱིས་བརྗོད་དོན། “ང་ཚོས་བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་གཏོང་དགོས་ན། སྔོན་ལ་ཐ་སྙད་རྙིང་པ་རྣམས་དྲན་པ་མ་བརྗེད་པར་བེད་སྤྱོད་གཏོང་དགོས། དེའི་ཐོག་སྤྱི་ཚོཊ་གསར་པའི་ནང་ཐོན་དངོས་གསར་པ་མང་པོ་ཡོང་གི་ཡོད་སྟབས། དེའི་རྨང་གཞིའི་ཐོག་ཐ་སྙད་གསར་པ་བེད་སྤྱོད་གཏོང་རྒྱུར་འབད་བརྩོན་གནང་དགོས་ཀྱི་འདུག ང་ཚོས་སྔོན་མ་ཡོད་བསྡད་པའི་ཐ་སྙད་ཁག་ལ་གཅིག་གྱུར་གྱི་གཏན་འབེབས་དང་། དགོས་གལ་ཆེ་བའི་ཐོན་དངོས་གསར་པ་དག་ལ་དུས་བསྟུན་གྱི་ཐ་སྙད་གསར་པ་རེ་འདོཊ་རྒྱུར་གལ་ཆེན་རེད། ༸གོང་ས་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིཊ་ཀྱི་ངོ་བོ་སྲུང་སྐྱོབ་བྱ་ཆེད། གཞིས་ཆཊ་དང་དགོན་པ་གསར་རྒྱག་གནང་ཡོད་ཀྱང་། གཞུང་དང་ཚོཊ་པ་སྒྲིག་འཛུཊ། མང་ཚོགས་བཅས་ཀྱིས་སྐད་ཡིག་བེད་སྤྱོད་ཡག་པོ་མ་བཏང་ན། བོད་ཀྱི་ཆོས་དང་རིག་གཞུང་དེ་གཞི་རྟེན་མེད་པ་ཆཊ་འགྲོ་རྒྱུ་རེད ” ཅེས་བརྗོད་སོང་།

སྐབས་བཞི་པའི་ཆེས་མཐོའི་གཏན་འབེབས་ལྷན་ཚོཊ་ཀྱི་ཚོཊ་མི་རྣམས་ནི། དབུས་སྨན་རྩིས་ཁང་སྨན་རམས་པ་པདྨ་རྡོ་རྗེ་ལཊ་དང་། ཝར་ཎ་གཙུག་ལག་སློབ་གཉེར་ཁང་གི་བློ་བཟང་ནོར་བུ་ཤཱསྟི་ལཊ། བོད་ཀྱི་དཔེ་མཛོད་འགན་འཛིན་དགེ་བཤེས་ལྷག་རྡོར་ལཊ། ངྷ་ས་བོད་ཕྲུག་ཁྱིམ་སྡེའི་བློ་བཟང་བསྟན་དར་ལཊ། ཤེས་རིག་རྩོམ་སྒྲིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་ཨཙཱརྱ་ཀརྨ་སྨོན་ལམ་ལཊ་བཅས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 16

  1. གངས་སྨྱུག says:
    ལོ་ 14 སྔོན།

    དངོས་གནས་ཡིད་སྤྲོད་མ་བྱུང་། བསྒྱུར་བསྟངས་མ་ཤེས་པ་དང་། བྲི་སྟངས་མ་ཤེས་པ། དོན་དག་མེད་པ། དོན་མེད་ཀྱང་ཚིག་མི་མཛེས་པ། ཚིག་དང་དོད་གཉིས་ཀ་མ་ཡག་པ། འདྲ་མ་ཆགས་པ། ལྟ་མི་བདེ་པ། ལབ་མི་བདེ་པ། གོ་རིམ་ནོར་བ། མདོར་ན་འགལ་འཛོར་ཅན་ཤ་སྟག་ཡིན་པར་གདོན་མི་ཟ། དགོངས་དག་ཡར་རྒྱས་ཡིན་པར་སེམས།

    Reply
  2. དར་ལྕེ་ཟད་པོ།། says:
    ལོ་ 14 སྔོན།

    གཡས་འཐེན་གཡོན་འཐེན་ཅི་ཡང་མེད་པར་གཟུ་བོར་གནས་པའི་སྐད་ཆ་ཤོད་དང་། ཁ་བྱང་འབྲི་སྟངས་ལ་བལྟས་ན་སྤུས་དག་པོ་ཞིག་ཡོད་ས་ཨེ་རེད༼ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད༽ ཨིན་བོད་ཤན་སྦྱར་བརྡ་ཆད་གཏན་འབེབས་ཟེར་ནས་འབྲི་དགོས་པ་མ་བྲིས་པར། གཏན་འབེབས་བརྡ་ཆད་ཅེས་པའི་ཚིག་འདིས་བརྡ་ཆད་གཏན་ལ་ཕབ་པར་མི་གོ་བར་གཏན་འབེབས་ཁོ་རང་བརྡ་ཆད་དུ་གོ་རྒྱུ་ཡིན་པ་བསྙོན་མེད་རེད།

    Reply
  3. ཉེར་གཅིག་པའི་ཅོང་རྡ། says:
    ལོ་ 14 སྔོན།

    ཤར་མདའ་ལགས། ཐོག་མར་ཁྱེད་ཀྱིས་ཀློག་བདེ་ལ་ཡིག་ནོར་མེད་པ་ཞིག་བྲིས་རྗེས་མཆན་རྒྱོབས།
    འདི་ནི་ཁྱེད་ཀྱི་ཤེས་ཚད་རེད་<<བོད་རང་གི་ད་ལྟའི་ཐ་སྙད་རྣམས་བཀོལ་སྐྱོད་ཡག་པོ་ཞིག་བྱེད་ཐུབ་སོང་ན་མིང་གསར་བ་སོགས་འདོག་མ་ཐུབ་ན་འགྲིག་གི་རང་གི་གཏམ་བཤད་ནང་དུ་བཀོལ་སྤྱོད་བྱེད་སྐབས་བོད་སྐད་གཙང་མ་ཞིག་བརྗོད་ཐུབ་ན་བཟང་ངོ་། >>

    Reply
  4. མི་ཉག་དུང་བརྡ། says:
    ལོ་ 14 སྔོན།

    ཤེས་རིག་ལྷན་ཁང་གིས་ཐོག་མཐར་བར་གསུམ་དུ་༸གོང་ས་མཆོག་གཙོས་པའི་གཞི་རིམ་མང་ཚོགས་ཚོར་འདོད་བློ་ཁེངས་པའི་ཕྱག་ལས་གནང་མྱོང་མེད་ལ་ཞབས་ཕྱི་ཡིད་ཚིམས་པ་ཞུ་ཐུབ་མེད་པར་སེམས། ང་ཚོའི་མཐོང་ཆོས་སུ་ཡོད་པར་བཞིན་ཤེས་རིག་གི་ཁྱབ་ཁོངས་ནས་འཚར་ལོངས་བྱུང་བའི་སློབ་མ་ཚོས་འཛིན་རིམ་བཅུ་གཉིས་ཐོན་པའམ་ཐ་ན་མཐོ་སློབ་ཁག་ཏུ་སླེབས་ནའང་། ད་དུང་མི་སྐམ་པོ་ལ་མི་ཌབ་ཌབ་དང་མི་ཚོགས་ཤིག་ལ་མི་ཆག་པ་གཅིག་སོགས་མཚོན་པའི་ར་མ་ལུག་གི་སྐད་ལ་གཏན་འཇགས་སློབ་གྲྭའི་སློབ་གསོ་བཟང་པོ་གོམས་ལོབས་སུ་སོང་ཡོད་ལ། འདི་འདྲའི་བཞད་གད་ཤོར་བའི་སྐད་ཆ་ཤོད་མཁན་ནི་གཞུང་ཞབས་མི་སྣའི་གྲས་སུའང་མི་ཉུང་བ་མཐོང་རྒྱུ་ཡོད།
    ཤེས་རིག་ལྷན་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ཁག་ལ་ལྟ་ནའང་ད་ལྟ་བར་དུ་ཁོང་ཚོ་འགོ་བླ་མ་ནས་གཞུང་སྒེར་ཐམས་ཅད་ལ་ཁྲལ་ཙམ་དང་ཉི་རེའི་ཉི་མ་འཁྱོལ་ཙམ་ལས་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་མེད་པ་ནི་ཕྱི་གསལ་ནང་གསལ་རེད། དཔེ་ན་བོད་ནས་བཏོན་པའི་ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོའི་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་གི་གཙོས་པའི་དཔེ་དེབ་གང་དང་གང་ཡིན་ཡང་། སྡེབ་གཅིག་ཏུ་པར་དུ་བཏབ་སྟེ་ཀློག་པ་པོ་ཚོས་ལྟ་ཀློག་མ་བདེ་བ་དང་ཇུས་འགོད་བྱེད་སྟངས། ཤོག་བུའི་རྒྱུ་ཆ་སོགས་ཧ་ཅང་སྟབས་བདེ་དང་ཐལ་ཆ་ཡིན་པར་མ་ཟད། དཔེར་ན་རྦ་བཞད་དང་དེབ་ཐེར་དཀར་པོ་སོགས་མཚོན་པའི་རིན་ཐང་གཞལ་ཐབས་བྲལ་བའི་དེབ་ཐེར་རྣམས་ལའང་ཇུས་འགོད་དང་རྒྱུ་ཆ་སོགས་ཆེས་ཧ་ཅང་ཞན་པས། ཀློག་པ་པོ་ཚོས་ཀློག་རྒྱུའི་དབྱིངས་མེད་པ་དང་། བོད་ཡིག་ལ་ཅུང་དོན་གཉེར་གྱི་བློ་ཡོད་རིགས་རྣམས་ལའང་རང་བཞིན་གྱིས་སེམས་ངོར་ཚོར་སྣང་མི་བདེ་བ་བྱུང་གི་ཡོད་པ་ནི་གདོན་མི་ཟ། ཤེས་རིག་ལྷན་ཁང་གི་ལས་ཀྱི་སྣེ་མོ་བ་ཚོ་གཙོས་པའི་འབྲེལ་ཡོད་ཚང་མས་དཀོར་ཟ་རྒྱུ་དེ་ཉུང་ཙམ་གྱིས། རིག་པ་སྒྲིམ་རྒྱུ་དེ་ཤུགས་ཆེ་ཙམ་བགྱིད་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་སོ།

    Reply
  5. ཨ་མིའི་བུ། says:
    ལོ་ 14 སྔོན།

    དྲ་གྲོགས་ལྷན་རྒྱས་ལགས། ཤེས་རིག་ལས་ཁུངས་ནས་ཐ་སྙད་ཚིགས་མཛོད་དེབ་འཕྲེང་བཞི་པ་པར་བསྐྲུན་བྱས་ཟིན་པར་ཐོས་ཡང་དེ་ལ་མོས་མཐུན་རྩ་བ་ཉིད་ནས་མེད། གང་ཡིན་ཞུ་ན་བོད་ནང་ནས་མདོ་དབུས་ཁམས་གསུམ་གྱིས་མཁས་དབང་རྣམས་ལྷན་འཛོམས་ཀྱིས་ལོ་མང་རིང་དཀའ་ལས་བརྒྱབ་པའི་ཚིགས་མཛོད་དེར་བོད་གཞུང་ཤེས་རིག་ལས་ཁུངས་ནས་དེ་ཡང་བསྐྱར་གྱིས་པར་བསྐྲུན་འགྲེམ་སྤེལ་བྱས་དགོས་པ་ལྟར་གྱུར་ཡང་དེ་ལྟར་ཕར་ཞོག དེ་ལ་ཁ་གཏད་ཀྱིས་མིང་མཛོད་བསྒྲིག་པ་འདི་ནི་གཞུང་གི་ལས་དོན་ཕར་ཞོག་ཁ་གཏད་རྒྱ་མི་ལས་གནོད་པའི་ལས་དོན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་གནས་ལུགས་དང་མི་མཐུན་པར་རང་དགར་བསྒྲིག་པ་དག་དག་ཡིན་པའི་ངེས་ཤེས་ཡོད། འགའ་ཞིག་གི་ཟེར་ནས་ཁོ་ཚོས་རྩིས་འཕྲུལ་ཀམ་པུ་ཊེར་དུ་བསྒྱུར་བ་དང་ད་དུང་ཀེ་ལོ་མེས་ཊེར་སོགས་སུ་སྒྲ་སོར་བཞག་བྱས་ཡོད་པ་ཐོས་བྱུང་ཡང་ཕལ་ཆེར་དེ་ལྟར་ཡིན་ངེས་སྙམ། ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་པའི་ཤེས་ཚད་ལ་གཞིགས་ན་དེ་ལས་ལྷག་ཞིག་མེད་པའང་དོན་ངེས་ཅན་རེད།

    དོན་ངོ་མར་ང་ཚོ་ལ་ཐ་སྙད་གསར་བཟོ་དང་། ཐ་སྙད་གཏན་འབེབས་གཉིས་ཀ་དགོས་ཀྱི་ཡོད་པ་བདེན་པ་རེད་ལ། དེ་སང་མི་མང་པོ་ཞིག་གིས་གནས་ལུགས་དེ་ཤེས་ཀྱི་ཡོད་རེད། ཡིན་ན་ཡང་ཁ་སང་ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་བྱས་པའི་དེབ་དེའི་བཟོ་འདྲ་བོ་ཞིག་ཡིན་ན། ཤེས་རིག་རྩོམ་སྒྲིག་སྡེ་ཚན་ཞེས་དམིགས་བསལ་གྱིས་ལས་སྣེ་དེའི་ཐོག་ལས་ཀ་སྤྲད་ཡོད་པའི་ཚོད་དང་བསྡུར་ནས་བཤད་ན་ཕན་ཐོག་ཆེན་པོ་དང་ཚད་ལྡན་ཞིག་ཁྱོན་ནས་བྱུང་མི་འདུག དེབ་དེར་ཐ་སྙད་ཡིན་ཤག་གིས་གཏན་འབེབས་བྱས་པའི་དཔེར་བརྗོད་མང་པོ་ཞིག ཐ་སྙད་མ་ཡིན་པར་ཐ་སྙད་དང་འགལ་བའི་ཚིག་རེད་འདུག དེ་ཡང་དཔེར་ན། དབྱིན་སྐད་དུ་underline ཞེས་པ་བོད་སྐད་ཐོག <<འོག་ཐིག་འཐེན་པ་>>ཞེས་གཏན་འབེབས་བྱས་ཡོད་པ་དེའི་རིགས་ཧ་ཅང་མང་པོ་རེད། དངོས་གནས་བྱས་ན་དབྱིན་སྐད་དུ་underline ཞེས་པ་བོད་སྐད་དུ<<འོག་ཐིག>>ཅེས་བཞག་ན་ཏག་ཏག་འགྲིག་ཡོད་རེད། ཡིན་ན་ཡང་འོག་ཐིག་འཐེན་པ་ཞེས་ཚིག་གི་ངོ་བོར་བཟོས་ཡོད་རེད། ཁྱེད་རང་ཚོས་གཟིགས་དང་<<འོག་ཐིག་འཐེན་པ་>>ཐ་སྙད་རེད་དམ་མིང་ཚིག་གཉིས་སུ་ཕྱེ་བའི་ཚིག་རེད། ངས་སྐྱོན་བརྗོད་མིན་ཡིན་ན་ཡང་དེབ་དེར་མིང་རེའི་འོག་ཏུ་བྱ་ཚིག་རེ་ཨུ་ཚུགས་ཀྱིས་སྦྱར་ཏེ་སྐབས་འདིའི་མིང་ངམ་ཐ་སྙད་ཡིན་ཤག་བྱས་ཡོད་པ་ཧ་ཅང་མང་པོ་རེད།

    Reply
  6. ཟླ་བ་དོན་འགྲུབ། says:
    ལོ་ 14 སྔོན།

    བཀྲ་ཤིས་བདེ་ལེགས་ཞུ

    Reply
  7. མི་རྒོད། says:
    ལོ་ 14 སྔོན།

    ངས་ཤེས་རིག་ལས་ཁུངས་ལ་བཀྲིན་ཆེ་ཞེས་ཞུ་རྒྱུ་དང་། ལས་དོན་རྣམས་གང་གི་སྐབས་སུའང་ཐལ་ཆ་མེད་པ་དགོས་གལ་ཆེ་ཤིང་དེབ་ཧ་ཅང་ཐུག་པ་ལས་ཏབ་བདེ་བ་གལ་ཆེ་ལ། འདིའི་ཐད་ནུབ་ཕྱོགས་སུ་མྱོང་བ་གནང་ཚེ་རང་གི་ཁྱད་ཆོས་སྟེང་ལེགས་ཆ་ཡོང་རྒྱུ་གདོན་མི་ཟ།
    བོད་ཀྱི་ཤེས་རིག་རྒྱལ་གྱུར་ཅུག།

    Reply
  8. བཀྲ་ཤིས། says:
    ལོ་ 14 སྔོན།

    སྙིང་རྗེ་ཟམ་གདོང་བླ་རྒན་མགོ་སེ་་་སྡོད་མ་ཐུབ་ནི་རེད་་་་བཙན་བྱོན་ཚང་གི་དཔལ་འབྱོར་འཕྲོ་བརླག་མ་གཏོགས་ཅི་ཡང་མི་འདུག ཤ་ཚ། སྙིང་རྗེ། ད་གཞིས་ཆགས་འདི་ཚོས་བོད་སྐད་རྒྱག་མི་ཐུབ་ན་ཐ་སྙད་གསར་བ་་བེད་སྤྱོད་གཏོང་ཐུབ་ཀི་རེད་པས་???་ཐུབ་ཀི་མ་རེད་་་ད་བསྡད་ན་དགའ་ནི་རེད། བཙན་བྱོན་ནང་གི་ཐ་སྙད་བྲིས་པ་སུས་བེད་སྤྱོད་གཏོང་གིརེད་?? བཙན་བྱོལ་མི་ལོ་ལྔ་བཅུ་རིང་ལ་གཉིད་ཁུག་བསྡད་པ་རེད་དམ??་༢༠༠༤ བར་དུ་སུ་ཡིས་མ་དྲན་པའི་རྒྱུ་མཚན་གང་རེད་??? གཞིས་ཆགས་ཁག་གི་ཀ་རྡོར་སྒང་གསུམ་ལྟ་བུ་བོད་སྐད་གཏན་ནས་མི་ཤེས་མཁན་དང་སིམ་ལ་སོགས་བོད་སྐད་བྱེད་ཙམ་ལྷག་ཡོད་ས། གཞན་གཞིས་ཆགས་ཁག་གི་གཞོན་སྐྱེས ་ཚོས་བོད་སྐད་རྙིང་པ་བརླག་ཚར་བ་རེད་་་ད་དོན་མེད་དངུལ་འཕྲོ་བརླག་གཏོང་གི་མ་འདུག་ཟེར་གི་ཡོད།

    Reply
  9. བསྟན་འཛིན། says:
    ལོ་ 14 སྔོན།

    ཁོང་ཚོས་གསུངས་པར་རྒྱབ་སྐྱོར་ཡོད།   དབྱིན་ཇི་ཞེས་པའི་མིང་དེ་སྔོན་ཆད་བོད་རྒྱལ་རང་བཙན་ཡིན་པའི་སྐབས་ནས་ཡོད་པའི་ཐ་སྙད་ཅིག་རེད།   དེ་ལ་གསར་དུ་ཨིན་ཇི་ཞེས་ཟེར་བ་འདིས་བསམ་བཞིན་བོད་ཕྱི་ནང་གཉིས་ཀྱི་གཅིག་སྒྲིལ་ལ་གཏོར་བཤིག་གཏོང་གི་ཡོད་པ་འདྲ་བོད་འདུག   
    སྔོན་ཆད་ཞིག་ལ་ཡང་ཤེས་རིག་གི་ཚིག་མཛོད་ཅིག་གི་འགྲེལ་བཤད་ནང་།   མལ་ཁྲི་ནི་འཁྲིག་པ་སྤྱོད་ས་ཞིག་རེད་ཅེས་བྲིས་འདུག    གཟིགས་མཁན་ཚོས་ག་རེ་དགོངས་ཀྱིན་འདུག   
    སྤྱིར་བཏང་ཡིན་ན་དེང་སྐབས་བོད་ནང་ནས་ཚིག་མཛོད་དང་ཐ་སྙད་གསར་བའི་སྐོར་མང་པོ་ཐོན་བཞིན་འདུག་པས།    ང་ཚོས་ཚང་མས་དེ་དག་གཞི་རྩར་བཟུང་ན་ཡག་པོ་འདུག    དཔེར་ན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་སོགས་ཀྱིས་བསྒྲིགས་གནང་བའི་ཐ་སྙད་གསར་བའི་མིང་མཛོད་ལྟ་བུ་རེད།
    དེ་མིན་ཤེས་ལས་ཀྱིས་སྦྲགས་སྐད་སྦྱར་བའི་ཚིག་མཛོད་དང་བརྡ་ཆད་དེ་དག་ལ་རིན་ཐང་གང་ཡང་མི་འདུག    གལ་ཏེ་ཡོད་པའི་དབང་དུ་བཏང་ན་སོ་སོའི་གཞུང་གིས་ཅིག་བྱས་པར་དེ་ལ་རྒྱབ་སྐྱོར་མི་བྱེད་ན་གང་ལ་བྱེད།
    དེ་ཙམ་ཡིན།

    Reply
  10. བཀྲ་ཤིས། says:
    ལོ་ 14 སྔོན།

    ངས་ཐོག་མའི་དྲི་བ་ནི་་དབྱིན་ཇི་ཐ་སྙད་གྲགས་ཟིན་པ་ལ་ཨིན་ཇི་་འབྲི་དགོས་དོན་གང་ཡིན་ཟེར་བ་དེ་ཡིན། གཞན་ཅང་མི་ཤེས་་་ཤེས་རིག་ཁང་པདེ་མཛོད་ཁང་ཁྲེབ་ཐོ་ཚོས་དངུལ་ཟ་སྤྱད་ཙམ་ལས་ཕན་ཅང་མེད་པར་སེམས་་་བཙན་བྱོན་ནང་གི་ཐ་སྙད་བོད་ནང་གི་མི་མང་གིས་བེད་སྤྱོད་གཏོང་མི་ཐུབ་པ་གསལ་བོ་རེད་་་་བཙན་བྱོ་ནང་ན་ཐ་སྙད་གསར་བ་ཕར་ཞོག་རྙིང་པ་བརླག་ཚར་འདུག ད་གཞིས་ཆགས་ཁག་གིས་ཕྲུ་གུ་ནང་བོད་སྐད་ཤེས་མཁན་ཧ་ལམ་མེད་པ་རེད། ད་གསར་འབྱོར་ཚོས་ཚགས་པར་འདྲ་བོ་དུས་དེབ་འདྲ་བོ་དེ་འདྲ་འབྲི་ན་མ་གཏོགས་སུ་ཡང་རྒྱ་བོད་ཡིག་ཤེས་མཁན་མེད་པ་གསལ་བོ་རེད།

    Reply
  11. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 14 སྔོན།

    བོད་གཞི་བྱེས་གཉིས་ཀྱི་བརྡ་ཆད་འདི་ལྟར་གྱུར་འདུག http://www.tibettimes.net/news.php?cat=10&&id=4269

    Reply
  12. བསེ་རུ། says:
    ལོ་ 14 སྔོན།

    གཞུང་གིས་གང་གནང་བར་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། ཐ་སྙད་དམ་བརྡ་ཆད་དེ་དག་རིམ་པར་རྒྱུན་སྤྱོད་དང་ཡོངས་ཁྱབ་ཆགས་མིན་ནི། བོད་མི་སྤྱིའི་ལས་འགན་དང་ནུས་པས་རོགས་འདེགས་བྱ་དགོས་པ་ཞིག་མཐོང་། དེ་ལྟར་མ་བྱུང་ན། ཚིག་མཛོད་མཐུག་པོ་ཞིག་རིམ་པར་གྲུབ་རྗེས་དོན་ལག་ལེན་དང་ཁ་ཐག་རིང་དུ་གནས་ཚེ་འགྲོ་གྲོན་ཆུད་ཟོས་ཙམ་མ་ཟད། མ་འོངས་པར་ཤེས་རིག་གི་བང་མཛོད་ཆེན་པོའི་ནང་ནས་མི་མངོན་པའི་དབྱིངས་སུ་ཁུ་སིམ་མེར་ལྷག་པའི་ཚིག་མཛོད་བེད་མེད་གཅིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཡོད་དོ།།

    Reply
  13. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ང་རང་ལ་མཚོན་ན་ཀམ་པིའུ་ཊར་ཟེར་བ་དེ་རང་འཇགས་འཇོག་པ་ལ་མོས་མཐུན་ཡོད། གང་ཡིན་ཟེར་ན། སྒྲ་གཞུང་དང་བསྟུན་ན། བརྡ་ཆད་འགའ་ཤས་སྒྲ་བསྒྱུར་བྱ་མི་དགོས་པར་རང་འཇགས་དགོས་པའི་སྲོལ་ཞིག་ཡོད། སྲོལ་དེ་ལྟ་བུ་མི་ཤེས་ཚེ་འདྲ་མིན་བཤད་སྲིད།

    Reply
  14. ཤར་མདའ། says:
    ལོ་ 14 སྔོན།

    བོད་རང་གི་ད་ལྟའི་ཐ་སྙད་རྣམས་བཀོལ་སྐྱོད་ཡག་པོ་ཞིག་བྱེད་ཐུབ་སོང་ན་མིང་གསར་བ་སོགས་འདོག་མ་ཐུབ་ན་འགྲིག་གི་རང་གི་གཏམ་བཤད་ནང་དུ་བཀོལ་སྤྱོད་བྱེད་སྐབས་བོད་སྐད་གཙང་མ་ཞིག་བརྗོད་ཐུབ་ན་བཟང་ངོ་།

    Reply
  15. ཉེར་གཅིག་པའི་ཅོང་རྡ། says:
    ལོ་ 14 སྔོན།

    ངས་འདིར་བརྗོད་ཀྱིན་ཡོད་པ་དངོས་ཡོད་ཡིན། ཤེས་རིག་གིས་པར་སྐྲུན་བྱས་པའི་ཨང་རྩིས་ཀྱི་དེབ་ནང་༼ཀམ་པི་ཊར་། དང་ ཀེ་ལོ་མི་ཊར་༽ ལྟ་བུ་ཐད་ཀར་སྒྲ་སྒྱུར་བྱས་ཡོད་པས་ན། ཐེངས་འདིར་ཡང་དེ་ལྟ་བུ་སྒྲ་སྒྱུར་བྱས་ཡོད་པ་ཐེ་ཚོམ་ཟ་མི་དགོས་སོ། གོང་གི་ཐ་སྙད་འདི་གཉིས་བོད་སྐད་ནང་སྔ་ས་ནས་ཡིག་སྒྱུར་ལེགས་པོ་བྱས་ཡོད་པ་ཕར་བཞག་ནས་དབྱིན་སྐད་ཐད་ཀར་སྒྲ་སྒྱུར་བྱས་པ་ནི་། ཡོད་པ་དེ་མེད་པ་བཟོས་པ་མ་རེད་དམ།

    Reply
  16. ཉེར་གཅིག་པའི་ཅོང་རྡ། says:
    ལོ་ 14 སྔོན།

    ཡང་ཤེས་རིག་གིས། ཀེ་ལོ་མི་ཊར་ འདྲ་པོ་བསྒྱུར་ཡོད་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese