མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་དངོས་ཀྱི་རྒྱ་ནག

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཁྲིམས་ལུགས་སློབ་མ། བློ་བཟང་གྲགས་པ།

མི་མང་པོ་ཞིག་གིས་རྒྱ་ནག་ནི་འཛམ་གླིང་འདིའི་སྒང་སྟོབས་ཤུགས་ཆེ་ཤོས་ཤིག་ཏུ་བརྩི་བཞིན་ཡོད་ལ། ཁོང་ཚོས་རྒྱ་ནག་གི་སྲིད་འབྱོར་རིག་གསུམ་ཡར་རྒྱས་གྱི་ཕྱི་ཚུལ་ཙམ་ལ་ཧང་སང་སྟེ། རྒྱ་ནག་ལ་ཕྲག་དོག་ཟ་བ་དང་འགྲན་རྩོད་བྱེད་པ། ད་དུང་རྒྱ་ནག་ལ་སྤྲེལ་ལད་འཁྲབ་སྟེ་ཁེ་བཟང་རག་ཐབས་བྱེད་པ་སོགས་ནི་དེང་གི་སྤྱི་ཚོགས་ཀྱི་ཁ་ཕྱོགས་ཤིག་ཏུ་གྱུར་ཡོད། འཛམ་གླིང་འདིའི་སྒང་ཆེ་མཐོང་ལྡན་པའི་དཔལ་འབྱོར་རིག་པ་བ་དང་། ཆབ་སྲིད་དང་དམག་དོན་ཆེད་མཁས་པ་མང་པོ་ཞིག་གིས་ཀྱང་། རྒྱ་ནག་ནི་དུས་རབས་ཉེར་གཅིག་ནང་གི་ཡར་རྒྱས་ཆེ་ཤོས་དང་། དེས་རྐྱེན་གྱིས་ཨ་རི་དང་ཡུ་རོབ་སོགས་ཀྱི་སྟོབས་ཆེན་རྒྱལ་ཁབ་ཁག་ལའང་འཇིགས་སྣང་ཆེན་པོ་འབྱུང་སྲིད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་ནི་ཁོང་ཚོས་རྒྱ་ནག་གི་ཕྱི་ཚུལ་གྱི་ཡར་རྒྱས་ཙམ་ལ་བལྟས་ཏེ་བཤད་པ་ཁོ་ན་ཡིན།

རྒྱལ་ཁབ་ཅིག་ལ་རྒྱུན་སྲིང་ཐུབ་པའི་སྟོབས་འབྱོར་དང་དམངས་སེམས་འཕྲོག་པའི་མཉམ་མཐུན་དང་ཆིག་སྒྲིལ་ཡོང་བར། གཙོ་བོ་རྒྱལ་ཁབ་དེའི་མི་མང་གིས་རང་རྒྱལ་ལ་བཅངས་བའི་དྭངས་གཙང་གི་ཡིད་ཆེས་དང་། བློ་གཏད་བཅོལ་འོས་པའི་རྒྱལ་ཁབ་ཀྱི་དྲང་བདེན་ཆབ་སྲིད་དང་ཁྲིམས་ལུགས་དབང་འཛིན་དེ་ཡིན་པས། ངས་ཁོང་ཚོས་ཐུགས་ཐག་ཆོད་པོས་རྒྱ་ནག་ལ་འདི་ལྟར་གདེང་འཇོག་དང་རེ་བ་བཅངས་པར་དོན་དངོས་ཀྱི་རྒྱ་ནག་ཇི་ལྟར་ཡིན་མིན་གྱི་ཐད་བསམ་བློ་འདང་ངེས་ཤིག་བཏང་ཡོད་དམ་སྙམ།

རྒྱལ་ཁབ་སུ་ཡིན་རུང་རང་ཉིད་ཀྱིས་རང་ཉིད་འཛམ་གླིང་འདིའི་ཐོག་ཆེ་མཐོང་དང་གོ་གནས། རྒྱལ་ཁབ་གཞན་གྱིས་རང་ཉིད་ལ་གང་བྱུང་ཐུབ་ཚོད་གཏོང་མི་ཕོད་པ། རང་ཉིད་ཀྱིས་དོན་དངོས་རང་བཞིན་དེ་ཉིད་གང་ཐུབ་ཀྱིས་སྣང་མེད་དང་གཡོལ་གང་ཐུབ་བྱས་ཏེ། ཕྱི་ཚུལ་ནས་རང་ཉིད་ཀྱི་སྲིད་འབྱོར་རིག་གསུམ་གྱི་ཐད་ཡར་རྒྱས་ཀྱི་རྣམ་པ་ཞིག་སྟོན་ཅི་ཐུབ་བྱེད་པ་ནི་ཆབ་སྲིད་ཀྱི་དགོས་མཁོ་ཡིན་པ་ལས། རྒྱུ་མཚན་དེའི་རྐྱེན་པས་རྒྱལ་ཁབ་དེར་རྒྱུན་སྲིང་ཐུབ་པའི་སྟོབས་ཤུགས་ཤིག་དང་། ཟློག་ཐབས་མེད་པའི་ཆིག་སྒྲིལ་གྱི་ནུས་པ་ལྡན་པ། ནམ་ཡང་ཐོར་བཤིག་ཏུ་མི་འགྲོ་བའི་སྟོབས་ཆེན་རྒྱལ་ཁབ་ཅིག་ཡིན་པ་མཚོན་དཀའ།

འཛམ་གླིང་འདིའི་སྒང་རྒྱལ་ཁབ་མང་པོ་ཞིག་གིས་རང་ཉིད་ཀྱིས་སྲིད་འབྱོར་རིག་གསུམ་སྟོབས་ཆེན་ཡིན་པར་ངོམ་བྱེད་དུ། མི་མང་ཚོའི་བདེ་སྡུག་ལ་བསམ་བློ་དེ་ཙམ་མི་གཏོང་བར། མི་མང་ལ་ཁྲལ་དང་གཡོག་སྐུལ་གང་ཐུབ་བྱེད་པ་དང་། མཚམས་རེར་དགོས་མཁོ་དང་བསྟུན་ཏེ་ཀུན་སྤྱོད་དང་ཡོངས་སུ་འགལ་བའི་ཁྲིམས་ལུགས་འདྲ་མིན་གསར་བཟོ་བྱས་ཏེ། མི་མང་ལ་འཇིགས་སྐུལ་གཏོང་བའི་སྲོལ་ཡོད་ལ། རང་ཉིད་ཀྱི་སྐྱུག་བྲོ་བའི་ཕྱི་རྫིག་ནང་སྟོང་གི་ཆབ་སྲིད་སྲ་བརྟན་ཡོང་བར་སྨྱོས་ཆུ་བཏུང་བ་ལྟར་ལས་འགུལ་འདྲ་མིན་བརྩམས་དང་རྩོམ་བཞིན་ཡོད། རྒྱ་ནག་ནི་གོང་གསལ་རྒྱལ་ཁབ་དེ་དག་གི་ཆེས་འོས་འཚམ་ཀྱི་དཔེ་མཚོན་ཞིག་རེད་སྙམ། གང་ལགས་ཞེ་ན། རྒྱ་ནག་ལ་མཐོ་དམན་དང་དབུལ་ཕྱུག་འདྲ་མཉམ་གྱི་ལྟ་གྲུབ་ཞན་ཞིང་། ཁྲིམས་ལུགས་དབང་འཛིན་གྱི་ནུས་པ་ཇེ་ཞན་དུ་འགྲོ་བཞིན་པ་དེ་རེད། འདི་ནི་རྒྱལ་ཁབ་ཅིག་སྔ་ཕྱིའི་བར་འཐོར་བརླག་ཏུ་འགྲོ་ཉེན་ཆེ་བའི་རྐྱེན་རྩ་ཞིག་ཡིན་ལ། རྒྱལ་ཁབ་དེ་ཉིད་གཞན་གྱིས་ཚར་གཅོད་བྱེད་མི་དགོས་པར་རང་ཉིད་རང་ཤི་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་དེ་ཡིན།

རྒྱ་ནག་དང་རྒྱ་གར་གཉིས་ནི་འཛམ་གླིང་འདིའི་སྒང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་ཡིན་པ་དང་། ཆབ་སྲིད་ལྟ་གྲུབ་ཐད་ནས་བཤད་ན། མི་འབོར་ནི་རྒྱལ་ཁབ་ཅིག་གི་མ་ལག་གཙོ་བོ་དེ་ཡིན་པ་དང་། གནའ་དུས་རྒྱ་ནག་གི་དམག་ཇུས་བསྟན་བཅོས་ནང་། “ མང་སེམས་འགུགས་པ་རྒྱལ་ཁའི་ལག་ཆ་གཙོ་བོ་དེ་ཡིན”ཞེས་བསྟན་ཡོད་པ་བཞིན་མི་མང་གི་སེམས་པ་རྒྱལ་ཁབ་དང་གཅིག་སྦྲེལ་གཅིག་ཏུ་གནས་པ་དང་། མི་མང་གི་རྒྱལ་ཁབ་ལ་ཡིད་སེམས་གཡོ་མེད་དང་ཆོད་སེམས་དམ་དུ་བཅངས་པས་ན། རྒྱལ་ཁབ་དེ་ཉིད་ཡར་རྒྱས་དང་སྟོབས་འབྱོར་འཕེལ་ངེས་པ་ནི་སྨྲོས་མེད་ཡིན། འོན་ཀྱང་དེ་ལས་ལྡོག་སྟེ། གལ་སྲིད་རྒྱལ་ཁབ་ཅིག་གི་མི་མང་ཚོས་རང་ཉིད་ཀྱི་རྒྱལ་ཁབ་ལ་ཡིད་ཆེས་བརླག་པ་དང་ཆོད་སེམས་བརྟན་པོ་མེད་པ་ཡིན་ན། དེ་ནི་རྒྱལ་ཁབ་དེའི་འཇིགས་སྣང་ཆེ་ཤོས་དང་ཉེན་ཁ་ཆེ་ཤོས་ཤིག་ཡིན།

རྒྱ་ནག་ནང་དེང་སང་དངོས་སུ་འབྱུང་བཞིན་པའི་གནད་དོན་ཞིག་ནི། མི་མང་གི་སེམས་ཁུངས་ལ་རྨ་ཁ་གཏོད་པའི་གནས་ཚུལ་དེ་དག་ཡིན། དེ་ཡང་རྒྱ་ནག་གིས་མི་གཞན་ལ་སྟོན་བྱེད་དུ་གྲོང་ཁྱེར་ཆེ་ཁག་དང་ས་ཁུལ་གནད་འགག་ཆེ་ས་དེ་ཚོར་ཡར་རྒྱས་གཏོང་བ་ལ་ས་ཁུལ་གཞན་མང་པོའི་མི་མང་གི་འཚོ་བརྟེན་འཕྲོག་པ་དང་མི་མང་དེ་ཚོའི་སྡོད་གནས་བཤིག་པ་སོགས་ཨོང་ཤ་བཀོག་ནས་གདོང་ལ་ལྷན་པ་རྒྱག་གི་ཡོད། གནད་དོན་དེའི་རྐྱེན་པས་རྒྱ་ནག་མི་མང་ས་ཡ་མང་པོའི་འཚོ་སྡོད་ལ་དཀའ་ངལ་འཕྲད་ཀྱི་ཡོད་ལ། མི་མང་ས་ཡ་མང་པོར་གནས་ཁྱིམ་མེད་མེད་བཟོས་ཡོད།

རྒྱ་ནག་གི་ཁྲིམས་ལུགས་དབང་འཛིན་གྱི་དོན་དངོས་རང་བཞིན་དེ་ཉིད་ཀྱང་ཆབ་སྲིད་ཀྱི་དགོས་མཁོའི་འོག་འགུལ་མེད་གཡོ་མེད་དུ་གྱུར་པ་རེད། སྤྱིར་ཁྲིམས་ལུགས་ནི་འདྲ་མཉམ་མིན་པའི་དོན་རྐྱེན་དེ་དག་འདྲ་མཉམ་དུ་འཁོད་པ་དང་། མི་མང་ལ་སྲུང་སྐྱོབ་བྱེད་པའི་ལག་ཆ་གཙོ་བོ་དེ་ཡིན་ནའང་། རྒྱ་ནག་ལ་མཚོན་ན། ཁྲིམས་ལུགས་ནི་འདྲ་མཉམ་མིན་པའི་དོན་རྐྱེན་དེ་དག་དེ་བས་འདྲ་མཉམ་མིན་པ་བཟོ་བྱེད་དང་། མགོན་མེད་སྐྱབས་མེད་ཀྱི་ཉམ་ཆུང་མི་དམངས་དེ་དག་ལ་ཞུ་གཏུགས་བྱེད་ས་མེད་པ། གལ་སྲིད་ཞུ་གཏུགས་བྱས་ན། ཀུན་སྤྱོད་ཀྱི་དྲི་མ་ཙམ་ཡང་མེད་པའི་དྲག་ཤུགས་ཀྱིས་ཁོང་ཚོའི་གནས་སྟངས་དེ་ལས་སྡུག་པ་ཞིག་ཏུ་ཏུ་རྫོང་གི་ཡོད།

དེས་ན་ཁོང་ཚོར་མཚོན་ན་ཁོག་པའི་ནང་མེ་འབར་ཡང་དུ་བ་འདོན་ས་མེད་པར་གྱུར་ཡོད་མོད། ཡིན་ནའང་། ཁོང་ཚོས་འདི་ལྟར་ཕ་རབས་བུ་རྒྱུད་ནས་སྡོད་འདོད་ཡོད་དམ། སྡོད་ཐུབ་ཀྱི་རེད་དམ། དེ་ནི་ང་ཚོས་སྔོན་དཔག་ཐུབ་པའི་གནད་དོན་ཞིག་རེད། སྤྱིར་མིའི་རིགས་ཀྱི་འཚོ་བརྟེན་ངོ་མ་ནི་རང་བྱུང་ཁམས་དེ་ཡིན་མོད། འོན་ཀྱང་ཚན་རིག་རིག་རྩལ་འཕེལ་རྒྱས་སོང་བ་དང་དུས་མཉམ། དཔལ་འབྱོར་མཁོ་སྒྲུབ་ནི་མི་ཚོའི་འཚོ་བརྟེན་གཙོ་བོ་ཞིག་ཏུ་འཁྲུལ་འཛིན་བྱེད་ཀྱི་ཡོད། རྒྱ་ནག་གི་འཚོ་བརྟེན་འཁྲུལ་འཛིན་འདིའི་ནང་མགོ་བོ་གཏིང་འཁོར་གྱིས། ཁྲོམ་རྭ་རྒྱ་སྐྱེད་དང་ཁྲོམ་ལམ་རྒྱས་སྤྲོས་བྱེད་པར་རང་བྱུང་ཁོར་ཡུག་ལ་བློ་ཡུལ་དུ་མི་ཤོངས་བའི་གཏོར་བཤིག་གཏོང་གི་ཡོད། རང་བྱུང་ཁོར་ཡུག་གི་རྒྱུན་ལྡན་འཕེལ་ཕྱོགས་དང་འགྲོ་སྐྱོད་ལ་གནོད་སྐྱོན་ཚབས་ཆེན་བཏང་སྟེ། རི་མེད་སར་རི་བཟོ་པ་དང་མཚོ་མེད་སར་མཚོ་སྐྲུན་པ་སོགས་བྱེད་རྒྱུ་མང་དྲགས་ཏེ། རྒྱ་ནག་ལ་ལོ་ལྟར་རང་བྱུང་གནོད་འཚེ་མང་པོ་ཡོང་གི་ཡོད་པ་དང་། གནོད་འཚེ་དེའི་རྐྱེན་པས་ཉམ་ཆུང་ཡུལ་མི་མང་པོ་དཀའ་སྡུག་ཉེན་ཁའི་གནས་སུ་སྐྱེལ་ཡོད།

དཔལ་འབྱོར་འཁྲུལ་འཛིན་གྱི་ལམ་ཕྱོགས་དེས་གནས་སྐབས་རིང་རྒྱ་ནག་གི་དཔལ་འབྱོར་ཁྲོམ་རྭ་དེ་ཉིད་རྒྱལ་སྤྱིའི་ཡང་རྩེར་སོན་ཡོད་པ་དང་། རྒྱ་ནག་གི་ཕྱུག་པོ་དང་དབང་ཡོད་མི་སྣ་ཁག་གཅིག་ལ་ཁེ་བོགས་མང་པོ་བྱུང་ཡོད་ནའང་། རྒྱ་ནག་གི་དབུལ་ཕྱུག་བར་གྱི་ཧེ་བག་དེ་ཉིད་ཇེ་ཆེ་ནས་ཇེ་ཆེ་འགྲོ་བ་ལས་ཇེ་ཆུང་ཕྲན་ཙམ་ཡང་འགྲོ་ཡི་མེད། ཕྱུག་པོ་ཚོ་ཇེ་ཕྱུག་དང་དབུལ་པོ་ཚོ་ཇེ་དབུལ་དུ་འགྲོ་བཞིན་ཡོད་པ་རྒྱ་ནག་མི་མང་གིས་ཚོར་བཞིན་ཡོད།  གནས་སྟངས་འདིའི་འོག་དབུལ་པོ་ཚོས་མུ་མཐུད་མི་རྒྱུ་གཉིས་ཐད་ནས་ཕྱུག་པོ་ཚོར་ཞབས་འདེགས་ཞུ་རྒྱུ་ཡིན་ནམ། ཞུ་ཐུབ་བམ། གནད་དོན་འདིའང་ང་ཚོས་སྔོན་དཔག་ཐུབ་པ་ཞིག་ལོས་ཡིན། རྒྱ་ནག་གི་བཤད་རྒྱུན་དུ་“གོང་ལ་སྡོད་མཁན་ཚོ་མ་དྲང་ན། འོག་ལ་སྡོད་མཁན་ཚོ་དྲང་སྲིད་དམ”ཟེར།

རྒྱ་ནག་གི་དབང་འཛིན་མི་སྣ་མང་པོས་རང་ཉིད་ཀྱི་དབང་ཤུགས་ལ་བརྟེན་ཏེ། སྤྱི་རྫས་སྒེར་བདག་བྱེད་པ་དང་དབང་ཆ་འཐབ་རྩོད་བྱེད་པ་སོགས་སྐྱུག་བྲོ་བའི་གནས་ཚུལ་མང་པོ་རྩོམ་བཞིན་ཡོད། ཉེ་ཆར་རྒྱ་ནག་ནང་བྱུང་བའི་པའོ་ཞི་ལེའི་གནད་དོན་ནི་དཔེ་མཚོན་ཙམ་ཡིན་པ་ལས། དེ་ལས་མང་པ་དང་དེ་ལས་རྫབ་ཆེ་བ་མང་པོ་བྱུང་དང་འབྱུང་བཞིན་ཡོད། རྒྱ་ནག་གི་མི་མང་པོ་ཞིག་གིས་རྒྱ་གར་ནང་གི་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་རེ་ཟུང་ཐོས་སྐབས་ཧང་སང་མདོག་བྱེད་ཀྱི་ཡོད། འོན་ཀྱང་དོན་དངོས་ཐོག་རྒྱ་ནག་ནང་འདི་ལས་ཚབས་ཆེ་བའི་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཧ་ཅང་མང་པོ་འབྱུང་བཞིན་ཡོད། འདི་ལྟ་བུའི་གོང་སྡོད་དཔོན་རིགས་ཚོའི་བྱེད་ཕྱོགས་དེ་དག འོག་གི་མི་མང་ཚོས་ག་ཚོད་བར་བཟོད་སྒོམ་བྱེད་སྲིད་དམ།

དེང་སྐབས་བོད་མི་མང་པོ་ཞིག་ཀྱང་རི་བོང་ཅལ་འདྲོག་བྱས་ཏེ། མི་རིགས་གཞན་པ་ཚོས་རྒྱ་ནག་ལ་གདེང་འཇོག་ཇི་ལྟར་བྱེད་པ་དེ་བཞིན་དུ་ཡིད་ཆེས་བྱས་ཏེ། རང་ཉིད་ཀྱི་ཁ་གཏད་དགྲ་བོ་ནི་བརྟན་ཞིང་གཡོ་བ་མེད་པའི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་མཐོང་སྟེ་སོ་སོ་སེམས་ཤུགས་ཆག་པ་དང་། སྤོབས་པ་ཞུམ་པ་སོགས་ཡོང་གི་ཡོད་པ་ནི། གཞན་གྱི་རྔམ་རྫིག་གིས་རང་ཉིད་ཀྱི་གཟི་འོད་བཀག་པ་དང་གཉིས་སུ་མེད་ན། དེ་ནི་ང་ཚོས་ནམ་ཡང་བྱེད་མི་འོས་པ་ཞིག་རེད། ང་ཚོས་ནམ་ཡང་༧གོང་ས་མཆོག་གི་ཡང་དག་པའི་ལམ་ཕྱོགས་སུ་ཤར་སྐྱོད་བྱེད་པ་དང་། ང་ཚོའི་བཀུར་འོས་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གི་དབུ་ཁྲིད་འོག་མདུན་སྐྱོད་བྱས་ན། ང་ཚོ་ལ་རྒྱལ་ཁ་ཞིག་ཏན་ཏན་འཐོབ་ངེས་རེད། གངས་ཡིན་ཞེ་ན། དོན་དངོས་ཀྱི་རྒྱ་ནག་ནི་ང་ཚོའི་ཕྱི་ཚུལ་ནས་མཐོང་བ་ལྟ་བུ་ཞིག་གཏན་ནས་མིན་ནོ།།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༣ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 4

  1. གནས་ཚང་། says:
    ལོ་ 14 སྔོན།

    ཉམས་ཞིབ་གནད་ལ་འཁེལ་བ་ཞིག་གནང་འདུག བོད་ཀྱི་ན་གཞོན་ཚོར་རེ་བ་འདུག

    Reply
  2. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    སྤྱིར་བསམ་ཚུལ་ཡིན་ནའང་འདྲ་ཞིབ་འཇུག་ལབ་ནའང་འདྲ་ཡག་པོ་ཞེ་དྲགས་རེད། ཡིན་ནའང་རྒྱ་ནག་ཕྱི་རྫིགས་ནང་སྟོང་། ཁྲིམས་མེད་ལུགས་མེད། བལྟ་ས་མེད་པ་གཏད་ས་མེད་པ་ཞིག་ལ་ཞི་འགྲིག་དང་ཞི་འཇགས་འཚོ་བ།། མཉམ་གནས་དང་མཉམ་ཕན་གྱི་རེ་བ་འདི་ཅི་ལྟར་བྱས་ན། ད་གཟོད་དོན་དངོས་ཐོག་ལོངས་སུ་སྤྱོད་ཐུབ་རྒྱུ་རེད། ཕྱོགས་གཅིག་ནས་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་གིས་ཚད་མཐོའི་རང་སྐྱོངས་ལ་རེ་བ་བྱེད་དང་བྱེད་བཞིན་པ་རེད། འཐོར་ལ་ཉེ་བ་དང་འགྱེལ་ལ་ཉེ་བའི་ལུང་འདྲེན་ལྟར་ན། ཤར་བསྐྱོད་བྱེད་རྒྱུ་ལས་ངང་སྒུག་བྱས་ན་མི་བཟང་ངམ། འདིའི་རྩོམ་གྱི་སྤྱི་དོན་ལྟར་རྩོམ་པ་པོའི་དགོས་དམིགས་ཀྱི་ཐད་ནས་ཡིན། ཞིབ་ཀློག་བྱས་ནས་རྒྱ་ནག་གི་གནས་བབ་དངོས་ལ་འདང་རྒྱབ་ན། ཁྲིམས་ལུགས་སློབ་མ་ཞིག་གི་བཟོ་ལྟ་ཁྱོན་ནས་མི་འདུག མ་གཞི་ནས་བསླབ་བྱ་དང་སྤྱི་ཚོགས་གཉིས་ལ་བར་ཁྱད་ཆེན་པོ་རེད།

    Reply
  3. བུ་ཡུག says:
    ལོ་ 14 སྔོན།

    དྲ་གྲོགས་གྲགས་པ་ལགས་ཀྱིས་དོན་དངོས་ཀྱི་རྒྱ་ནག་ཟེར་བའི་རྩོམ་ཡིག་འདི་དངོས་གནས་གནད་ལ་འཁེལ་བ་ཞིག་བྲིས་འདུག། དྲ་གྲོགས་གཞན་ཚོ་ལ་མིག་རྒྱ་ཞིག་བསྐྱེད་འདུག། ཕྱིན་ཆད་དྲ་གྲོགས་ཚོས་འདི་ལྟ་བུའི་རྩོམ་ཡིག་འབྲི་རྒྱུ་ལས་གཞན་མདོང་ཁ་ནང་ལ་སྐོར་ཅི་ཐུབ་བྱས་ན་དགེ་མཚན་ཅི་ཡང་མ་མཐོང་པས་གོང་གི་རྩོམ་ཡིག་འདི་ལྟ་བུ་མིག་དཔེ་བཟུང་ནས་འབད་བརྩོན་གནང་རོགས་ཞེས་རང་རིགས་ལ་དུང་བ་ཟབ་པའི་མི་བུ་དཀྱིལ་མ་ཞིག་གིས་འབོད་སྐུལ་གྱི་ཚུལ་དུ་བྲིས་པའོ་་་གྲགས་པ་ལགས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན་

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་ནག་ཕྱུག་མདོག་ཆེ་ཡང་། །
    སྤྲང་པོ་གྲངས་ལས་འདས་ཡོད། །
    རྒྱ་གཞུང་དམག་སྟོབས་ཆེ་ཡང་། །
    ལྐོག་ཟ་རུལ་ནས་བསྡད་ཡོད། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese