མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་གྱི་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༢/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

ད་ནངས་ཀིརྟི་དགེ་རྩ་ཚོགས་པའི་ཚོཊ་ཁང་དུ། སྤྱི་འཐུས་དང་ལོ་རྒྱུས་སྨྲ་བ་ཁག་ཅིག་གིས་དབུ་མའི་ལམ་ལས་འགུལ་ཁང་གི་ས་གནས་ཚོཊ་མི་ཚོར་རང་བཙན་དང་ལམ་དབུ་མའི་ལམ་གྱི་འགལ་འབྲེལ་ཐོག་གཏམ་བཤད་སྤེལ་ཡོད།

དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་འོག  དེ་རིང་ཕྱི་ཚེས་ ༢༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་བཞུཊ་སྒར་ཀིརྟི་དགེ་རྩ་ཚོགས་པའི་ཚོགས་ཁང་དུ། དྷ་ས་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་མི་ཚོར་དུས་ཡུན་ཉིན་གཅིག་རིང་གི་ཟབ་སྦྱོང་ཞིག་སྤྲད་ཡོད་ཅིང་། ཐེངས་འདིའི་ཟབ་སྦྱོང་སྤྲོད་མཁན་ལ་སྤྱི་འཐུས་ཀརྨ་ཆོས་འཕེལ་ལཊ་དང་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲཊ། སྤྱི་འཐུས་ཐུབ་བསྟན་ལུང་རིཊ། ལོ་རྒྱུས་ཉམས་ཞིབ་པ་བཀྲ་ཤིས་ཚེ་རིང་བཅས་ཕེབས་འདུག  

ཐེངས་འདིའི་ཟབ་སྦྱོང་སྐབས་བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས། ༼རང་བཙན་མ་གཏོཊ་དབུ་མའི་ལམ་དུ་བསྐྱོད་མི་ཐུབ་པའི་རྒྱུ་མཚན༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་ཡོད་ཅིང་། དེ་བཞིན་དགེ་ལུཊ་སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལཊ་ཀྱིས། ༼རང་བཙན་འཐབ་རྩོད་མ་གནང་བར་དབུ་མའི་ལམ་དུ་བསྐྱོད་དགོས་པའི་རྒྱུ་མཚན༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་དང་ལོ་རྒྱུས་ཉམས་ཞིབ་པ་བཀྲ་ཤིས་ཚེ་རིང་ལཊ་ཀྱིས། ༼ཡོན་རྒྱལ་རབས་སྐབས་བོད་རྒྱ་ནག་གི་ཆ་ཤས་ཡིན་མིན་གྱི་དོན་དངོས༽ ཞེས་པའི་བརྗོད་གཞི། བཀའ་ཟུར་དང་སྤྱི་འཐུས་ཐུབ་བསྟན་ལུང་རིཊ་ལགས་ཀྱིས། ༼བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་པས་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་ཕྱོཊ༽ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་རྒྱུ་ཡིན་འདུག

གསར་འགོད་པས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རིག་གཞུང་འགན་འཛིན་བློ་བཟང་ཆོས་འབྱོར་ལཊ་སུ་ཟབ་སྦྱོང་གོ་སྒྲིག་གནང་དོན་སྐོར་བཅར་འདྲི་ཞུས་པར། དེང་སྐབས་བོད་པའི་སྤྱི་ཚོཊ་ནང་ལྟ་གྲུབ་གཅིག་ཀྱང་ཐབས་ལམ་མ་འདྲ་བའི་དབང་གིས་ལས་འགུལ་སྤེལ་ཕྱོཊ་ཁྱད་པར་ཡོང་གི་ཡོད་སྟབས། ཐེངས་འདིའི་ཟབ་སྦྱོང་དེ་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ས་གནས་ཚོཊ་མི་ཚོར་ལྟ་གྲུབ་འདྲ་མིན་ཐོག་གོ་རྟོགས་སྤེལ་རྒྱུ་དང་།མ་འོངས་པར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ངོས་ནས། དབུ་མའི་ལམ་གྱི་ལས་འགུལ་དེ་རྣམ་པ་གསར་པ་ཞིག་དང་སྤུས་དག་པོ་ཞིག་སྤེལ་ཐུབ་རྒྱུར་དམིཊ་པ་ཞིག་ཡིན་ཞེས་བརྗོད་སོང་།

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ངྷ་རམ་ས་ལའི་ས་གནས་རྒྱུན་ལས་ ༡༨ གསར་འདེམ་གནང་ཡོད་འདུག

༼ གནས་ཚུལ་རྒྱས་པ་བོད་ཀྱི་དུས་བབ་ཚགས་པར་སྟེང་འགོད་རྒྱུ་ཡིན།༽

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 8

  1. རྣོ་ཁབ་ལེན། says:
    ལོ་ 14 སྔོན།

    དབུ་མའི་ལམ་གྱི་ཟབ་སྦྱོང་གནང་སྐབས་་་་རང་བཙན་མ་གཏོགས་དབུ་མའི་ལམ་དུ་བསྐྱོད་མི་ཐུབ་པ་་་་ཞེས་པ་བཅུག་དགོས་དོན་གང་ཡིན་ནམ། དེ་ནི་དབུ་མའི་ལམ་ལ་ཟབ་སྦྱོང་མིན་པར་མ་ཟད་གཉའ་གནོན་འདྲ་བོ་ཞིག་མཐོང་གི་འདུག།

    Reply
  2. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    དབུས་བོད་མི་སྒྲིགས་འཛུགས་ཀྱི་ལམ་ཕྱོགས་དབུ་མིའི་ལམ་ཡིན་པ་མ་ཚད་བཙལ་བྱོལ་ས་ཁུལ་མང་དག་ཞིག་གི་ནང་དབུས་བོད་མི་སྒྲིགས་འཛུགས་ཀྱི་དོན་སྐྱོད་ཁང་ནས་དབུ་མིའི་ལམ་གཞི་རྩ་འཛིན་ནས་ལས་དོན་བྱེད་ཀྱི་ཡོད།
    དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་གི་རང་གི་ཁེ་ཕན་དང་རང་གི་ཕྱོགས་གཏོག་རྣམས་འདུལ་ཐབས་དང་དཔལ་འབྱོར་གྱིས་ལས་འགུལ་ཆེད་འདི་སྤེལ་བ་ཡིན་པས་ནམ་ཡང་ངོས་ལན་མེད།་་མ་ཚད་ད་དུང་ཁོང་གི་ཡོང་གླིང་སློབ་གྲཱ་སྤྱི་རྒྱུ་དགེ་བདག་གནང་ནས་སྡོད་ཡོད་པའི་གནས་ཚུལ་འདུག་པས་དངོས་ནས་ཉེན་ཅན་པ་རང་རེད།

    Reply
  3. རྨོག་རུ་བསྟན་པ། says:
    ལོ་ 14 སྔོན།

    དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་དབུས་ས་གཉིས་ཀྱི་ལས་འགུལ་བ་ཚང་མར་རྗེས་སུ་ཡི་རང་ཡོད།
    ཁྱེད་རྣམ་པའི་བྱ་བ་ལམ་ལྷོང་དང་སྤྱི་དོན་ལེགས་འགྲུབ་ཡོང་བའི་སྨོན་ལམ་གྲངས་མེད་ཡོད།
    བོད་རྒྱལ་ལོ།

    Reply
  4. རྒྱ་རྙི། says:
    ལོ་ 14 སྔོན།

    དབུ་མའི་ལམ་གྱི་ལས་འགུལ་ཁང་གི་ལས་འགུལ་ཡག་པོ་འདུག སྐུ་ངོ་ཀརྨ་ཆོས་འཕེལ་ལྟ་བུ་རྣམ་དཔྱོད་ཅན་གྱི་མི་སྐད་བཏང་བ་དེས་དོན་དངོས་ཀྱི་གནས་ལུགས་ཤེས་རྟོགས་ཐུབ་ངེས་རེད། ངོ་མ་ཡག་པོ་འདུག
    ལྷག་པར་དབུས་གཙང་ཚོགས་གཙོ་ཟླ་བ་ཚེ་རིང་གི་ངོས་ནས་ཚོགས་ཟུར་ཀརྨ་ཆོས་འཕེལ་གདན་ཞུ་གནང་བ་དེས་འབྲེལ་ལམ་ལའང་ཕན་གྱི་རེད། གཞན་མཁས་དབང་བཀྲ་ཤིས་ཚེ་རིང་དང་། བཀའ་ཟུར་ཐུབ་བསྟན་ལུང་རིགས། བློ་བཟང་སྙན་གྲགས་སོགས་གདན་ཞུ་གནང་བ་དེ་ཡག་བྱུང་།

    Reply
  5. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    གསར་འགོད་པ་ནོར་འདུག ༧།༡༣ཉིན་སྐབས་དང་པོའི་རྡ་ས་ས་གནས་རྒྱུན་ལས་གསར་འདེམས་བྱུང་བ་རེད།

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྡ་ས་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་རྒྱུན་ལས་སུ་གཞོན་སྐྱེས་ཤེས་ཡོན་ཅན་མང་ཙམ་སླེབས་འདུག་པ་དགའ་བོ་བྱུང།
    དབུ་མའི་ལམ་ནི་འཛམ་གླིང་ཞི་བདེའི་ཁ་ཕྱོགས་དང་ཧ་ཅང་མཐུན་ཞིང་། དེང་གི་ཡུལ་དུས་གནས་བབ་དང་ཡང་ཤིན་ཏུ་མཐུན་པ། མི་རེ་རེས་ནུས་པ་འདོན་ས་འགྲོ་བའི་བོད་མི་རིགས་ས་ཁོངས་དང་བཅས་པ་ཆིག་སྒྲིལ་གྱི་རྣམ་པ་གསར་བའི་ཁྱིམ་ཚང་ཆེན་པོ་ཞིག་གི་སྒྲོམ་གཞི་ཡིན།
    དེ་ཡང་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་སྲིད་བྱུས་ཡིན་ལ། བོད་མིའི་དོན་གྱི་བདག་པོ་༸རྒྱལ་དབང་ཐམས་ཅད་མཁྱེན་པས་ཐོག་མཐའ་བར་གསུམ་དུ་ལེགས་པར་དཔྱད་ཅིང་ཀུན་ལ་བསྒྲགས་པའི་བོད་མི་རིགས་ཀྱི་མ་འོངས་གསེར་གྱི་ལམ་ཆེན་ཡིན། དེས་ན་གཟུར་གནས་རྣམ་དཔྱོད་ཅན་གྱི་སྐྱེ་བོ་ཞིག་དག་གིས་འདི་ལ་ཡིད་ཆེས་དང་ངེས་ཤེས་སྐྱེད་པར་རིགས་སོ། །

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    “ངྷ་ས་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནི། ༢༠༡༢ ལོའི་ཟླ་ ༧ ཚེས་ ༡༣ ཉིན་གསར་དུ་བཙུཊ་པ་ཞིག་ཡིན་ཞིང་། ད་ཆར་ཚོགས་པ་དེར་ཁྱོན་ཚོགས་མི་ ༡༨ ཙམ་ཡོད་འདུག”
    ཟེར་བ་འདི་ཉི་མ་དེའི་གསར་གནས་ཁ བརྡར་བཀོད་པ་དེ་ལ་གཞི་བཞག་ཡིན་ནམ་སྙམ།
    http://www.khabdha.org/?p=31239

    གསར་གནས་དང་རྒྱུན་ལས་རྣམ་པའི་འདྲ་པར་སོགས་གོང་བཀོད་དྲ་ཐག་ནས་གཟིགས་ཐུབ་པ་འདུག

    Reply
  8. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    “ངྷ་ས་ས་གནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་ནི། ༢༠༡༢ ལོའི་ཟླ་ ༧ ཚེས་ ༡༣ ཉིན་གསར་དུ་བཙུཊ་པ་ཞིག་ཡིན་ཞིང་། ད་ཆར་ཚོགས་པ་དེར་ཁྱོན་ཚོགས་མི་ ༡༨ ཙམ་ཡོད་འདུག”
    སྤྱིར་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་ནི་༢༠༠༨།༠༢།༡༥ཉིན་ཐོག་མའི་ཚོགས་ཆེན་དང་འབྲེལ་དངོས་སུ་དབུ་བརྙེས་པ་ཡིན། དེ་རྗེས་རྡ་སར་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ལས་ཁུངས་ཟུར་འཛུགས་ཀྱིས་ས་གནས་ཁག་ལ་ཡང་ཡན་ལག་དབུ་མའི་ལམ་གྱི་མི་མང་འགུལ་ཁང་གི་འབྲེལ་མཐུད་པ་བསྐོ་འཛུགས་གནང་ཡོད། དེས་ན་རྡ་སར་དབུས་ལས་ཁུངས་དང་ད་དུང་ས་གནས་རྒྱུན་ལས་ཁང་ཞིག་བྱུང་ན་འཚམས་ན་ཡང། ས་གནས་དེ་ཚོགས་པ་ཞིག་ཆགས་ན་མི་འོས། མ་གཞི་ནས་དབུ་མའི་ལམ་མི་མང་ལས་འགུལ་ཁང་འདི་ཉིད་ཚོགས་པ་ཞིག་གི་ངོ་བོར་གནས་མེད།
    དེ་བས་གསར་འགོད་པས་དེའི་ཐད་ལ་གསལ་བཤད་ཅིག་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese