མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པའེ་ཏའེ་ཧི་ཡི་ནང་མོལ་དང་རྒྱལ་སྤྱིའི་ཐོག་གི་ཚོད་རྩིས།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་རྒྱ་གཞུང་གི་གནད་ཡོད་མཐོ་རིམ་མི་སྣ་རྣམས་པའེ་ཏའེ་ཧི་རུ་འདུས་ཏེ། སྐབས་རྗེས་མའི་དཔོན་རིཊ་གསར་བ་འདེམས་སྒྲུག་ཐོག་ནང་ཁུལ་དབང་ཤུཊ་འཐབ་རྩོད་མགོ་འཛུཊ་བྱས་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོཊ་ཀྱིས་རྒྱ་གཞུང་གི་གཡོ་འགུལ་ཐད་གླེང་སློང་སྣ་ཚོཊ་བྱེད་བཞིན་ཡོད། 

    ཟླ་འདིའི་ཕྱི་ཚེས་ ༥ ཉིན་རྒྱ་ནག་གཞུང་འབྲེལ་བརྙན་འཕྲིན་(CCTV)གྱིས། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་ཀྱིས་པའེ་ཏའེ་ཧི་རུ་བསྐྱོད་དེ། རྒྱ་གཞུང་གི་གནད་ཡོད་མི་སྣ་ཁག་ལ་ཐུག་འཕྲད་བྱས་པའི་གནས་ཚུལ་དང་། རྒྱ་གཞུང་དབུས་ཆབ་སྲིད་ལྷན་ཁང་གི་འཐུས་མི་ལིག་ཡེན་ཏུང་དང་། རྒྱ་ནག་དབུས་རྩ་འཛུགས་སྡེ་ཁག་གི་མགོ་གཙོ་ལིས་ཡོན་ཁྲའོ། རྒྱ་གཞུང་དབུས་དམར་ཤོག་གཞུང་ལས་ཁང་གི་འགན་འཛིན་ཅིན་ཅིས་ཧྭ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཆེ་མཱ་ཁའེ་བཅས་ཀྱང་མཉམ་ཞུགས་བྱས་ཡོད་པ་ཕྱིར་བསྒྲགས་བྱས་ཡོད། ཕྱི་ཟླ་ ༧ ཚེས་ ༣༡ ཉིན་ཅཱང་ཤོག་ཁག་དང་ལྐོག་འབྲེལ་ཡོད་པའི་ཏའོ་ཝེ་གསར་ཁང་གིས་ཀྱང་། རྒྱ་གཞུང་མཐོ་རིམ་མི་སྣས་གནས་ཚུལ་མཁོ་འདོན་བྱས་པ་ལུང་འདྲེན་བྱས་དོན། གསང་བའི་ཚོགས་འདུ་དེའི་འབྲེལ་ཡོད་གོ་སྒྲིག་མི་སྣ་རྣམས་ཉེ་སྔོན་ནས་པའེ་ཏའེ་ཧི་རུ་འབྱོར་ཟིན་པར་མ་ཟད། དེར་མཐུད་ནས་རྒྱ་གཞུང་གི་གནད་ཡོད་མཐོ་རིམ་དཔོན་རིགས་ཀྱང་ས་ཁུལ་དེར་བསྐྱོད་མགོ་བརྩམས་ཡོད་སྐོར་བརྗོད་འདུག

    པའེ་ཏའེ་ཧི་ཚོགས་འདུ་དེ་ནི་གཞུང་འབྲེལ་གྱི་རྣམ་པའི་ཐོག་ནས་མ་ཡིན་པར། མཐོ་རིམ་དཔོན་རིགས་རྣམས་གུང་གསེང་གི་རྣམ་པའི་ཐོག་ནས་ཚོགས་ཡོད་ལ། ཚོགས་འདུའི་སྐབས་གཞུང་འཛིན་དཔོན་རིགས་རྣམས་གཙོས། དེ་སྔའི་དཔོན་རིགས་ཟུར་བ། རྒན་རབས་གནད་ཡོད་མི་སྣ་བཅས་འདུ་འཛོམས་ཐོག གསང་བའི་སྒོ་ནས་ནང་ཁུལ་ཤོག་ཁག་བར་དབང་ཤུགས་འཐབ་རྩོད་བྱས་ཏེ། སོ་སོའི་ཕྱོགས་གཏོགས་མི་སྣ་བསྐོ་འཐེན་གྱིས་དཔོན་རིགས་གསར་བ་འདེམས་སྒྲུག་དང་། མ་འོངས་པའི་ལོ་ ༡༠ སྲིད་ཇུས་ཁ་ཕྱོགས་གཏན་འབེབས་བྱས་རྗེས། འདི་ལོའི་ལོ་མཇུག་གི་སྐབས་ ༡༨ པའི་ཚོགས་ཆེན་སྟེང་ཡོངས་ཁྱབ་ཕྱིར་བསྒྲགས་བྱ་དགོས་སྟབས། དོན་གྱིས་རྒྱ་གཞུང་གི་མི་དམངས་འཐུས་མི་ཚོགས་ཆེན་དང་སྲིད་གྲོས་ཚོགས་ཆེན་གཉིས་ལས་ལྷག་པའི་ཤུགས་རྐྱེན་ཆེན་པོ་ལྡན་ཡོད།  

 

པའེ་ཏའེ་ཧི་ཚོཊ་འདུའི་གྲོས་གཞི་གཉིས།

པའེ་ཏའེ་ཚོགས་འདུའི་ཐོག་གི་གླེང་གཞི་གཙོ་བོ་གཉིས་ནི། སྐབས་རྗེས་མའི་ཆབ་སྲིད་ལྷན་ཁང་གི་ཆེས་མཐོའི་རྒྱུན་ལས་དང་འཐུས་མི་འདེམས་སྒྲུག་བྱ་རྒྱུ་དང་། མ་འོངས་པའི་ལོ་བཅུའི་རིང་གི་གཞི་རྩའི་ཆབ་སྲིད་ལངས་ཕྱོགས་གཏན་འབེབས་བྱ་རྒྱུ་ཡིན་ལ། ཧོང་ཀོང་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟའི་ཆར་རྒྱུན་ལས་མི་དྲུག་གཏན་འབེབས་ཐག་གཅོད་བྱུང་ཟིན་ཡོད་པ་དང་། དེ་དག་ནི་ཞི་ཅིན་ཕེན་དང་ལི་ཁི་ཆང་། ལིས་ཡོན་ཁྲའོ། ཡུས་ཀྲིན་ཧྲིན། ཀྲང་ཏིག་ཅང་། ཝང་ཀྲི་ཧྲན་བཅས་ཡིན་ལ། མཐའ་མའི་ས་མིག་གཅིག་དེར་རྒྱ་གཞུང་དབུས་དྲིལ་བསྒྲགས་སྡེ་ཁག་གི་མགོ་གཙོ་ལིག་ཡོན་ཧྲན་དང་། ཀུང་ཏུང་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཝང་ཡཱང་། ཐེན་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཀྲང་ཀའོ་ལིན་གསུམ་གྱི་བར་འཐབ་རྩོད་བྱ་རྒྱུ་ཡིན་འདུག 

    སྲིད་དོན་དབྱེ་ཞིབ་པ་དག་གིས་དཔྱད་བརྗོད་སྤེལ་བ་ལྟར་ན། ཆབ་སྲིད་ལྷན་ཁང་གི་ད་ལྟའི་རྒྱུན་ལས་མི་དགུ་ནས་བདུན་ལ་ཇེ་ཉུང་དུ་གཏོང་རྒྱུའི་བསམ་ཚུལ་དེ་ནི་ཝུན་ཇ་པའོ་ཡིས་བཏོན་པ་དང་། དེར་ཧུའུ་ཅིན་ཐའོ་ཡི་རྒྱབ་སྐྱོར་དང་ཞིས་ཅིན་ཕེན་གྱིས་མོས་མཐུན་བྱས་ཡོད་འདུག གལ་སྲིད་དེ་གཏན་ཁེལ་བྱུང་ཚེ། ཁྲིམས་སྲིད་སྡེ་ཁག་དང་དྲིལ་བསྒྲགས་སྡེ་ཁག་གཉིས་ཕྱིར་འཐེན་བྱ་དགོས་སྟབས། ཅཱང་ཧུའུ་ཤོག་ཁག་གཉིས་བར་དབང་ཤུགས་འཐབ་རྩོད་ཀྱི་རྐྱེན་པས་དངོས་སུ་གཏན་ཁེལ་བྱུང་ཐུབ་མེད་པ་རེད། རྒྱུན་ལས་མི་དགུ་རང་འཇགས་ཐོག་འཇོག་དགོས་བྱུང་ཚེ། ལིག་ཡོན་ཧྲན་དང་ཝང་ཡཱང་། ཀྲང་ཀའོ་ལིན་གསུམ་རྒྱུན་ལས་ཁྲོད་ཚུད་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།

 

ཝང་ཡཱང་དང་རྒྱ་གཞུང་གི་ཁ་ཕྱོཊ།

    ཕྱི་ཟླ་ ༥ ཚེས་ ༩ ཉིན་ཀུང་ཏུང་ཞིང་ཆེན་དམར་ཤོག་དྲུང་ཆེ་ཝང་ཡཱང་གིས། ས་གནས་ཞིང་ཆེན་གྱི་དམར་ཤོག་འཐུས་ཚོགས་སྐབས་ ༡༡ པའི་ཐོག བཅོས་བསྒྱུར་ནི་དམར་ཤོག་ཚོགས་པ་དང་སྲིད་གཞུང་ནས་མགོ་བརྩམ་དགོས་པ་དང་། མི་དམངས་ཀྱི་བདེ་སྐྱིད་ནི་དམར་ཤོག་ཚོགས་པ་དང་སྲིད་གཞུང་གི་བཀའ་དྲིན་ལས་བྱུང་བར་བརྗོད་པའི་ནོར་འཁྲུལ་གྱི་འདུ་ཤེས་མེད་པ་བཟོ་དགོས་པ། དམར་ཤོག་མཐོ་རིམ་དཔོན་རིགས་ཚོས་མི་སྒེར་གྱི་དཔལ་འབྱོར་མ་དངུལ་ཡོངས་བསྒྲགས་བྱ་དགོས་པའི་གཏམ་བཤད་སྤེལ་བར་མ་ཟད། ཝུའུ་ཁེན་སྡེ་བའི་གནད་དོན་མི་མང་གི་འོས་བསྡུའི་ལམ་ནས་ཐག་གཅོད་དང་། ཀུང་ཀྲིག་གྲོང་ཁྱེར་གྱི་བཟོ་བའི་མཐུན་ཚོགས་ཐད་ཀར་འོས་བསྡུའི་ལམ་ནས་བསྐོ་འཇོག་སོགས་བྱས་ཏེ། རྒྱ་གཞུང་གི་ད་ལྟའི་ཆབ་སྲིད་ལམ་ལུགས་ལ་བཅོས་བསྒྱུར་བྱ་དགོས་པའི་རྣམ་འགྱུར་གསལ་སྟོན་བྱས་ཡོད་སྟབས། ཐེངས་འདིའི་རྒྱ་གཞུང་གི་དཔོན་རིགས་གསར་འདེམས་ཁྲོད། ཝང་ཡཱང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཁྲོད་སླེབས་ཐུབ་མིན་དེ་ནི། མ་འོངས་པར་རྒྱ་གཞུང་གི་ཆབ་སྲིད་ལམ་ལུགས་བཅོས་སྒྱུར་ཐུབ་མིན་གྱི་འགག་རྩར་ངོས་འཛིན་གནང་གི་ཡོད།  

    ཟླ་འདིའི་ཚེས་ ༡ ཉིན་རྒྱ་གཞུང་དམར་ཤོག་དུས་དེབ་༼ ཆིག་ཧྲི༽ཐོག་གློ་བུར་དུ་ཝང་ཡཱང་གཙོར་འདོན་གྱིས་གནས་ཚུལ་སྤེལ་ཡོད་སྟབས། ཆབ་སྲིད་དབྱེ་ཞིབ་པ་དག་གིས་རྒྱ་གཞུང་གིས་པའེ་ཏའེ་ཧི་ཚོགས་འདུའི་སྐབས་དང་བསྟུན་ཏེ། དེ་སྔོན་ཞིས་ཅིན་ཕེན་དང་ལི་ཁི་ཆང་གཉིས་ཧུའུ་ཅིན་ཐའོ་དང་ཝུན་ཇ་པའོ་གཉིས་ཀྱི་ཚབ་བྱ་རྒྱུའི་སྒྲོམ་གཞིར་འགྱུར་ལྡོག་འབྱུང་བཞིན་པའི་བརྡ་ལན་ཞིག་ཡིན་པའི་དོགས་སློང་བྱས་ཡོད་པ་མ་ཟད། མ་འོངས་པར་ཞིས་ཅིན་ཕེན་དམར་ཤོག་སྤྱི་ཁྱབ་དྲུང་ཆེ་དང་རྒྱལ་ཁབ་ཀྱི་སྲིད་འཛིན། ཝང་ཡཱང་རྒྱལ་ཁབ་ཀྱི་སྲིད་བློན། ལི་ཁི་ཆང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་གཙོ་དང་སྲིད་གྲོས་དྲུང་ཆེ་བཅས་སུ་བསྐོ་འཇོག་བྱ་སྲིད་པའི་ཚོད་དཔག་དང་། གལ་སྲིད་ཝང་ཡཱང་རྒྱུན་ལས་འོས་མིའི་ཁྲོད་ནས་མར་ཟེགས་ཚེ། རྒྱ་གཞུང་གི་སྐབས་རྗེས་མའི་དཔོན་རིགས་གསར་བའི་དུས་ཡུན་ནང་། རྒྱ་གཞུང་གི་ཆབ་སྲིད་གནས་སྟངས་སྔར་ལས་ཇེ་མཁྲེགས་སུ་འགྲོ་རྒྱུ་ཡིན་པ་མ་ཟད། མ་འོངས་རྒྱ་ནག་དཔོན་རིགས་ནང་ཁུལ་གྱི་འཐབ་རྩོད་ཀྱང་ཛ་དྲག་ཏུ་འགྲོ་སྲིད་སྐོར་རྗོད་ཀྱི་ཡོད།

  

ཧུའུ་ཅིན་ཐའོ་ཡི་དམིཊ་རེ་འགའ།

    ཐེངས་འདིའི་པའེ་ཏའེ་ཧི་ཚོགས་འདུའི་སྐབས་ཧུའུ་ཅིན་ཐའོ་ཡི་རྩོད་ལེན་བྱེད་བཞིན་པའི་དམིགས་ཡུལ་གཙོ་བོ་གཉིས་ནི། ཚོགས་ཆེན་སྐབས་ ༡༨ པའི་ཐོག་དཔོན་རིགས་གསར་རྙིང་བརྗེ་སྤོར་བྱས་རྗེས། མུ་མཐུད་དུ་ལོ་གཉིས་རིང་དམག་ཁུལ་གྱི་དབང་ཆ་སྒེར་ཉར་བྱ་རྒྱུ་དང་། ཁོ་རང་གིས་བཏོན་པའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་དེ། སྐབས་རྗེས་མའི་ཚོགས་ཆེན་ཐོག་དམར་ཤོག་ཚོགས་པའི་རྩ་འཛིན་ཡིག་ཆའི་ནང་འཇོག་ཐབས་བྱ་རྒྱུ་དེ་ཡིན་འདུག  

    ཉེ་ཆར་རྒྱ་གཞུང་དབུས་དམག་སྤྱི་ལྷན་ཁང་གི་མགོ་གཙོ་གཞོན་པ་ ༢ དང་། འཐུས་མི་ ༨ ཀྱིས་མཉམ་འབྲེལ་ཐོག ཧུའུ་ཅིན་ཐའོ་ཡིས་རྒྱ་ནག་དམག་ཁུལ་གྱི་ཆེས་མཐོའི་དབང་འཛིན་པའི་འགན་མུ་མཐུད་འཁུར་དགོས་པའི་སྙན་ཞུ་ཞིག་ཕུལ་ཡོད་པ་མ་ཟད། ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གི་དབུས་མཚོ་དམག་དང་མཁའ་དམག དེ་བཞིན། ལན་ཀྲུག་དམག་ཁུལ། ཀུང་ཀྲུག་དམག་ཁུལ། ཁྲིན་ཏུའུ་དམག་ཁུལ། ཧོང་ཀོང་བཅའ་སྡོད་དམག་དཔུང་སོགས་དམག་ཁུལ་ཆེ་ཁག་གི་དམག་དཔོན་ ༡༤ ལྷག་གློ་བུར་དུ་བརྗེ་སྤོ་བྱས་ཡོད། སྲིད་དོན་དབྱེ་ཞིབ་པ་དག་གིས་དེ་ནི་ཧུའུ་ཅིན་ཐའོ་ཡིས་རྒྱ་ནག་གི་དམག་ཁུལ་གྱི་དབང་ཤུགས་ལོ་ ༢ རིང་མུ་མཐུན་ཉར་རྒྱུ་དེ་གཏན་ཁེལ་ཟིན་པའི་རྣམ་འགྱུར་གསལ་བོ་ཞིག་ཡིན་སྐོར་བརྗོད་ཡོད། 

    གཞན་ཡང་། སྐབས་ ༡༨ པའི་དཔོན་རིགས་གསར་བ་འདེམས་སྒྲིག་གི་འཐབ་རྩོད་ཁྲོད། ཧུའུ་ཅིན་ཐའོ་ཡི་ཤོ་རྡེའུ་གལ་ཆེན་གཅིག་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཧུའུ་ཁྲོན་ཧྭ་ཡིན་པ་དང་། ཧུའུ་ཁྲོན་ཧྭ་ནི་ད་ལྟའི་བར་ཧུའུ་ཡིས་ཐད་ཀར་བསྐོ་འཐེན་བརྒྱུད་སྐྱེད་སྲིང་བྱས་པ་ཞིག་ཡིན་པ་མ་ཟད། མ་འོངས་པར་རྒྱ་གཞུང་གི་ཆེས་མཐོའི་དབང་འཛིན་པར་འཇོག་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་རེད།

    ཕྱི་ཚེས་ ༨ ཉིན་ཧྥ་རན་སིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཐེངས་འདིར་ཧུའུ་ཡིས་ཧུའུ་ཁྲོན་ཧྭ་སྐབས་རྗེས་མའི་རྒྱུན་ལས་མི་ ༧ གྲས་སུ་བསླེབ་རྒྱུར་ཐབས་ཤེས་བྱེད་བཞིན་ཡོད་ལ། གལ་སྲིད་ཧུའུ་ཁྲོན་ཧྭ་རྒྱུན་ལས་ནང་བསླེབ་ཐུབ་པ་བྱུང་ཚེ། ཁོ་རང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཁྲོད་ནས་ལོ་ཆུང་ཤོས་ཏེ་ཆགས་ཡོད་སྟབས། མ་འོངས་པར་རྒྱ་གཞུང་གི་ཆེས་མཐོའི་དབང་འཛིན་པ་ཆགས་རྒྱུར་རེ་བ་ཆེན་པོ་ཡོད་པ་དང་། མ་མཐར་ཡང་ཚོགས་ཆེན་ ༡༨ པའི་ཐོག་ཧྲང་ཧེ་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་རུ་བསྐོ་འཐེན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

 གསར་འགོད་པ། ཚེ་རིང་རྒྱལ།

༼བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བདམས་བཀོད་བྱས།༽

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

སྐར་མ ༡༦ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

སྐར་མ ༥༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

སྐར་མ ༥༤ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༢ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese