ཁ་སང་ཕྱི་ཚེས་ ༡༠ ཉིན་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཞང་ཐོག་ནས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་སྐད་འབོད་གནང་མཁན་རྒྱལ་གཅེས་དཔའ་བོ་གཅོད་པ་ལགས་ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༣ ཡོལ་ཙམ་ལ་འབར་ཁམས་སུ་སླེབས་ལ་ཉེ་བའི་ལམ་བར་ནས་འདས་གྲོངས་སུ་ཕྱིན་འདུག་ལ། སྐུ་ཕུང་འབར་ཁམས་ནས་རྒྱ་གཞུང་གིས་མེར་བསྲེགས་བཏང་སྟེ་ནང་མིར་རུས་ཐལ་ཞིག་སྤྲད་ཡོད་འདུག
ཁོང་ནི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་སྟེ་དཔྱིད་གསར་དུས་ཆེན་སྐབས་རྔ་པ་རྨེའུ་རུ་མའི་ནང་ནས་བོད་མི་བརྒྱ་ཕྲག་བརྒལ་བས་མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་བྱས་སྐབས་ཀྱི་སྣེ་ཁྲིད་པའི་གྲས་ཡིན་ཞིང་། དེའི་རྗེས་རྒྱ་གཞུང་གི་ཉེན་རྟོག་མི་སྣས་རྩད་གཅོད་ཐེངས་འགར་བྱས་ཀྱང་ལག་སོན་མ་བྱུང་སྟབས་བྲོས་བྱོལ་བྱས་ཡོད་འདུག ཁོང་ཆུང་ཆུང་སྐབས་རྨེའུ་རུ་མའི་སློབ་ཆུང་ལ་འགྲོ་མྱོང་ཡོད་ཅིང་། ཤུལ་དུ་ཕ་མ་གཉིས་དང་མིང་སྲིང་བཞི་བཅས་ནང་མི་དྲུག་ཡོད་འདུག
གནས་ཚུལ་གཏོང་མཁན། གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་།
རྒྱལ་གཅེས་དཔའ་བོ་ཁོང་ལ་སྙིང་ཁོང་ནས་གུས་འདུད་དང་འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་འཛིན་པའི་སྨོན་ལམ་ཡོད།
དཔའ་བོ་གང་ཉིད་ལ་མྱ་ངན་གུས་འདུད་ཞུ་བ་དང་། བོད་གངས་ཅན་པའི་ཡུལ་དུ་སླར་ཡང་སྐྱེ་བའི་སྨོན་ལམ་འདེབས་བཞིན་ཡོད། བོད་མི་རིགས་འདི་གཟི་བརྗིད་ལྡན་ཞིག་སྐྲུན་མཁན་ཡང་། གནའ་ནས་ད་བར་ཁྱོད་ཅག་དཔའ་རྒོད་འགའ་ཞིག་ཡིན་པ་ལས། ཆོལ་ཞེན་པ་དང་། བླུན་པོ་ཨུ་ཚུགས་ཅན། ལ་རྒྱ་མེད་པའི་རྩྭ་གཟུགས་ཕུང་དག་མིན་པའང་སེམས་ལ་དམ་པོར་བཟུང་ཡོད། ཁྱོད་ཅག་གི་རྣམ་དག་གི་ལྷག་བསམ་དང་གཡོ་མེད་ཀྱི་སྙིང་སྟོབས་ལ་ཡི་རང་ཞུ།
རྒྱལ་གཅེས་དཔའ་བོ་རྔ་བ་རྨེའུ་རུ་མའི་གཅོད་པ་ལགས་ལ་གུས་འདུད་སྙིང་ནས་ཞུ།