ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་མེ་སོར་གྲོང་ཁྱེར་ནང་སྐོར་སྐྱོད་ལེགས་པར་གྲུབ་སྟེ། མེང་ལོར་ (Mangalore) གྲོང་ཁྱེར་དུ་འབྱོར་ཡོད་པ་དང་། སྐབས་དེར་མེང་ལོར་ས་གནས་གཞོན་ནུའི་ཚོགས་མི་དང་བོད་པའི་སློབ་ཕྲུག་བཅས་འདུ་འཛོམས་ཀྱིས་བདེན་པའི་མེ་ལྕེ་སྐོར་སྐྱོད་དང་། ས་གནས་གཞོན་ནུའི་ཚོགས་གཞོན་དང་དྲུང་ཆེ་གཅིག་ལྕོག་རྣམ་རྒྱལ་སྒྲོལ་མ་ལགས་ཀྱིས། བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་གྱི་རྒྱབ་ལྗོངས་དང་དགོས་དམིགས་ངོ་སྤྲོད་དང་མཚན་རྟཊ་བསྡུ་རུབ་བཅས་གནང་ཡོད་པ་མ་ཟད། ས་གནས་གཞོན་ནུའི་ཚོགས་མིའི་སྣེ་འཁྲིད་འོག་བོད་རིཊ་སློབ་མ་ཁག་བགོས་ཀྱིས་རྒྱ་གར་གྱི་མཐོ་སློབ་ ( Dr. MV Shetty) དང་ (Nitte) བཅས་དང་། མེང་ལོར་དང་རྒྱང་ཐག་ཆུ་ཚོད་གཉིས་ཙམ་གྱི་སར་ཡོད་པའི་ (Manipal)མཐོ་སློབ་བཅས་སུ་བསྐྱོད་དེ་དེར་ཡོད་དགེ་ལས་སློབ་ཕྲུག་ཚོར་བོད་དོན་ངོ་སྤྲོད་དང་བོད་དོན་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཡོད་འདུག
ཁ་སང་ཕྱི་ཚེས་ ༡༣ ཉིན་བོད་རིགས་སློབ་མ་ཁག་ཅིག་གིས་སྣེ་འཁྲིད་དེ་བདེན་པའི་མེ་ལྕེ་མཐོ་སློབ་ཨེལ་ཝ་སེ་ (Alvas) དང་སེབ་ཊ་གྷི་རི་ (Saptagiri) སི་རི་ནི་ཝ་སི་ ( Srinivas ) ། སེན་ཊ་ཨ་ལོའུ་སོ་སེ་ (St. Alouysious) ། སཱ་རོ་ཤཱ་ (Sarosh) བཅས་སུ་སྐོར་སྐྱོད་བྱས་ཡོད་འདུག་ལ། དེ་རིང་ཕྱི་ཚེས་ ༡༤ ཉིན་ཤེས་ཡོན་བསྟི་གནས་ཁག་ཅིག་ནང་སྐོར་སྐྱོད་དང་མཚན་རྟགས་བསྡུ་རུབ་གནང་རྗེས། ཕྱི་ཚེས་ ༡༥ ཉིན་སྟེ། རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་བྷེང་ལོར་ལྷོ་སྤྱི་ལས་ཁུངས་སུ་རྩིས་སྤྲོད་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ