མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་ཚོའི་སློབ་གྲྭའི་ཤེས་ཡོན་ཐོག་བཀའ་བསྡུར་གནང་གི་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཉིན་རྒྱབ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་བཞུགས་སྒར་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ཕེབས་ཏེ། སློབ་མ་ཚོར་དམངས་གཙོའི་འགྲོ་སྟངས་སྐོར་གྱི་གསུང་བཤད་དང་། སློབ་མའི་དྲི་བར་ལན་འདེབས་བཅས་གནང་སོང་།   

ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣། ༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་བཞུགས་སྒར་ཉེ་འཁྲིས་ཤེས་རབ་དགའ་ཚལ་སློབ་གླིང་དུ། ཁོང་གི་བཀའ་ཁྲིའི་ལས་འགན་བཞེས་རྗེས་ཀྱི་གཟིགས་སྐོར་ཐོག་མ་དེ་གནང་ཡོད་ཅིང་། སྐབས་དེར་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་སྤྱི་ཁྱབ་འགན་འཛིན་ཀརྨ་ཆུང་བདག་ལགས་གཙོས། ཤེས་རབ་དགའ་ཚལ་སློབ་གླིང་གི་འགན་འཛིན་བུ་དྲུ་ཤཱསྟི་ལགས་དང་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས། དེ་བཞིན། སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་ཀྱིས་ལག་ཏུ་ཁ་བཏགས་བཟུང་སྟེ་ཕེབས་བསུ་ཞུས་པ་དང་། བཀའ་ཁྲི་མཆོག་གིས་དགེ་ལས་སློབ་ཕྲུག་རེ་རེ་བཞིན་ལག་པ་བཏང་སྟེ་འཚམས་འདྲི་དང་། སློབ་གྲྭའི་ལྷ་བྲིས་སྡེ་ཚན་དང་འཚེམ་པོ་སྡེ་ཚན། སློབ་གྲྭའི་དཔེ་མཛོད་ཁང་བཅས་སུ་གཟིགས་སྐོར་བཅས་གནང་གྲུབ་རྗེས། སློབ་གྲྭའི་ཚོགས་ཁང་དུ་ཕེབས་ཏེ་སློབ་མ་ཚོར་དམངས་གཙོའི་འགྲོ་སྟངས་སྐོར་གྱི་གསུང་བཤད་དང་། སློབ་མ་སྐོར་ཞིག་གི་དྲི་བར་ལན་འདེབས་བཅས་གནང་སོང་།   

ཁ་སང་བཀའ་ཁྲི་མཆོག་གིས་སློབ་གྲྭའི་སྡེ་ཚན་ཁག་གི་གཟིགས་སྐོར་གྲུབ་རྗེས་དགེ་སློབ་ཡོངས་སློབ་གྲྭའི་ཚོགས་ཁང་ནང་འཛོམས་ཏེ། བོད་དོན་ཆེད་སྐུ་གཤེགས་ཟིན་པའི་དཔའ་བོ་རྣམས་ལ་མྱ་ངན་གུས་འདུད་བཅས་ཞུས་རྗེས། སློབ་གླིང་གི་འཛིན་སྐྱོང་འགན་འཛིན་ལགས་ཀྱིས་སློབ་གྲྭའི་གནས་ཚུལ་ངོ་སྤྲོད་གནང་སྟེ། ད་ལྟའི་ཆར་སློབ་ཕྲུག་བུ་ ༡༩༤ དང་བུ་མོ་ ༡༣༢ བཅས་ཁྱོན་ ༣༢༦ དང་། དགེ་རྒན་ ༣༨ དང་ལས་བྱེད་ ༡༦ བཅས་ཁྱོན་ ༥༤ ཡོད་སྐོར་བརྗོད་སོང་ལ། ལག་ཤེས་དང་ཤེས་ཡོན་བཅས་སྡེ་ཚན་གཉིས་ཡོད་པ་ལས། ལག་ཤེས་ཁོངས་སུ་འཚེམ་བཟོ་དང་ལྷ་བྲིས་གཉིས་པ་དང་། ཤེས་ཡོན་ཁོངས་སུ་བོད་དབྱིན་ཟུང་ལྡན་ཡིན་སྐོར་བཅས་བརྗོད་བྱུང་། དེ་བཞིན།  ༡༩༩༣ ལོར་སློབ་གྲྭ་མགོ་འཛུགས་གནང་བ་ནས་ད་བར་བོད་ནས་ཁྱོན་སློབ་མ་ ༦༧༡༢ འབྱོར་བ་དང་། རྩ་དགོངས་དུ་འགྲོ་མཁན་ ༥༥༦༡ བྱུང་བ། སློབ་འཐོན་བྱུང་བ་  ༨༣༠ བཅས་ཡོད་ཚུལ་སོགས་ངོ་སྤྲོད་གནང་སོང་།

དེའི་རྗེས་བཀའ་ཁྲི་མཆོག་གིས་སྔོན་མ་ཤེས་རབ་དགའ་ཚལ་སློབ་གླིང་དུ་དང་བླངས་དགེ་རྒན་གནང་མྱོང་མཁན་དང་ད་ལྟ་དབྱིན་ཇིའི་རྒྱལ་ཁབ་དུ་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱེད་ཀྱིན་པའི་རྒྱ་གར་བ་ཝན་ཀར་ཐི་ཕར་ཀར་ཤི་ ( Venkat Prakash) ལགས་ཀྱིས་སློབ་གླིང་གི་སློབ་མར་དམིགས་ཏེ་བརྩམས་པའི་སྒྲུང་རྩོམ་ << BRICHT DREAMS  >> ཞེས་པའི་དཔེ་དེབ་དབུ་འབྱེད་གནང་རྗེས་དམངས་གཙོའི་སྐོར་ལ་གསུང་བཤད་གནང་སོང་། བཀའ་ཁྲི་མཆོག་གིས་དམངས་གཙོ་ཞེས་པ་དེ་ཁྲིམས་ཡོད་པ་དང་སྒྲིག་འཛུགས་ཡོད་པ་ཙམ་གྱིས་དམངས་གཙོ་ཆགས་ཀྱི་མེད་པར། འགྲོ་སྟངས་འགྲོ་ལུགས་ཀྱི་ཐད་ནས་དམངས་གཙོ་དགོས་པ་རེད་ཅེས་ཟེར་གྱི་ཡོད་པ་ལྟར།  རྒྱ་ནག་ལ་མཚོན་ན་ ༡༩༨༢ ལོར་གཏན་འབེབས་བྱས་པའི་བཅའ་ཁྲིམས་དང་། ༡༩༨༤ ལོར་གཏན་འབེབས་བྱས་པའི་གྲངས་ཉུང་མི་རིགས་ཀྱི་སྒྲིག་གཞི་བཅས་དམངས་གཙོའི་ལམ་ལུགས་ཡིན་ཞེས་རྗོད་ཀྱི་ཡོད་ལ། སྒྲིག་འཛུགས་ཀྱི་ཐད་ནས་དམངས་གཙོའི་ཀ་བ་གསུམ་ལྟར་བཀའ་ཤག་དང་ཁྲིམས་ཁང་། གྲོས་ཚོགས། ད་དུང་ཆབ་སྲིད་གྲོས་ཚོགས་བཅས་ཁྲིམས་དང་སྒྲིག་འཛུགས་དམངས་གཙོའི་ལམ་ལུགས་ཡིན་ཡང་། འགྲོ་སྟངས་འགྲོ་ལུགས་ཀྱི་ཐོག་ནས་བཙན་བྱོལ་བོད་མི་ལྟར། མི་མང་ལ་འོས་ཤོག་ལྡུག་པའི་ཐོབ་ཐང་དང་འོས་མིར་ལངས་ཆོག་པའི་ཐོབ་ཐང་དང་། གཏམ་བརྗོད་རང་དབང་མེད་སྐོར་དང་། དེ་བཞིན། རྒྱལ་སྤྱིའི་ནང་གི་སེ་རེ་ཡའི་ད་ལྟའི་གནས་སྟངས་སོགས་དམངས་གཙོའི་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་། ༢༠༡༡ ལོར་ ༸གོང་ས་མཆོག་གིས་མ་འོངས་པར་མི་གཅིག་ལ་བརྟེན་མི་དགོས་པར་སྒྲིག་འཛུགས་ཀྱི་ཐོག་ནས་བོད་དོན་འཐབ་རྩོད་རྒྱུན་མཐུད་ཡོང་ཐབས་ལ་དམིགས་ཏེ། སྲིད་དབང་རྩིས་སྤྲོད་བྱས་ཚུལ་སོགས་ངོ་སྤྲོད་གནང་བྱུང་།  

ཡང་བཀའ་ཁྲི་མཆོག་གིས་སློབ་མ་ཚོར་སློབ་སྦྱོང་གལ་ཆེན་དུ་འཛིན་དགོས་པའི་ཐད་གསུང་དོན། “ ང་ཚོས་ག་དུས་ཡིན་ཡང་དོན་གྱི་བདག་པོ་བོད་ནང་གི་བོད་མི་ཚོ་ཡིན་ཞེས་བརྗོད་ཀྱིན་པ་ལྟར། ཁྱེད་རང་ཚོ་དངོས་སུ་འདིར་ཕེབས་བསྡད་ཡོད་པ་རེད། ཁྱེད་རང་ཚོའི་སློབ་གྲྭའི་ཤེས་ཡོན་ཐོག་ད་ལྟ་གྲོས་བསྡུར་བྱེད་ཀྱིན་ཡོད། གཅིག་བྱས་ན་མ་འོངས་པའི་ལོ་གཅིག་ནང་འགྱུར་བ་འགྲོ་སྲིད་པ་རེད། དེ་རིང་སློབ་གྲྭའི་རྒན་བདག་གིས་ཁྱེད་རང་ཚོར་ས་རཱ་དང་ནོར་གླིང་མཐོ་སློབ་བཅས་སུ་འགྲིམས་ཐབས་དང་། ལྷ་བྲིས་སྡེ་ཚན་གྱི་ལོ་རིང་དུ་གཏོང་རྒྱུ། ལག་ཤེས་སྡེ་ཚན་གཉིས་ཀྱི་ཐོག་ཁ་ལ་དང་མཛེས་བཟོ། གཞན། རོལ་དབྱངས་འཛིན་གྲྭ་དང་ལྷ་བྲིས་དགེ་རྒན་གསར་བ་བཅས་དགོས་པའི་རེ་འདུན་བཏོན་པ་ལྟར། ང་ཚོའི་ངོས་ནས་རེ་བ་དེ་དག་བསྒྲུབ་ཐབས་ལ་འབད་པ་བྱ་རྒྱུ་ཡིན་ལ། ཁྱེད་རང་ཚོའི་ངོས་ནས་ཀྱང་ད་ལྟའི་ཤེས་ཡོན་སྦྱོང་རྒྱུའི་གོ་སྐབས་དེ་རྩ་ཆེན་པོ་དེ་འཕྲོ་བརླགས་སུ་མི་གཏོང་བར་འབད་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད།  ” ཅེས་གསུངས་སོང་། 

མཇུག་ཏུ་དྲི་བ་དྲིས་ལན་གྱི་སྐབས་སུ་སློབ་མ་ཞིག་གིས་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་བཞིན་པ་དེས་བོད་དོན་ཐོག་ཁྱད་པར་ག་རེ་ཕྱིན་ཡོད་མེད་དང་། བཀའ་ཤག་གིས་ལས་འགུལ་གང་འདྲ་སྤེལ་ཆར་ཡོད་མེད་དྲིས་པའི་ལན་དུ་བཀའ་ཁྲི་མཆོག་གིས། “ བོད་ནང་གི་རང་ལུས་མེར་བསྲེགས་དང་འབྲེལ་ནས་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་ཆོད་བཞག་པ་དེ་ལོ་ ༢༠ ལྷག་གི་ནང་ནས་ཐོག་མ་ཆགས་ཡོད། ཉེ་ཆར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཆོས་དད་རང་དབང་སྐོར་ལ་སྙན་ཐོ་བཏོན་པ་སོགས་གླེང་སློང་ཤུགས་ཆེན་བྱུང་ཡོད་པ་རེད།  གྲོས་ཚོགས་དང་གནད་ཡོད་མི་སྣ་མང་པོས་རང་ལུས་མེར་བསྲེཊ་སྐོར་གླེང་སྟེ་ཁྱབ་བསྒྲགས་ཤུགས་ཆེན་པོ་འགྲོ་ཡི་འདུག བཀའ་ཤག་གིས་སྔར་ལོའི་ཕྱི་ཟླ་ ༡༠ བའི་ནང་གསར་འགོད་གསལ་བསྒྲགས་སྤེལ་ཏེ། བོད་ནང་གི་བོད་མི་ཚོར་ཉེན་ཚབས་ཆེ་བའི་ལས་འགུལ་མ་སྤེལ་རོགས་གནང་ཞེས་ཞུས་པ་ཡིན་ལ། ང་ཚོས་མི་ཞིག་ཡིན་པའི་ཆ་ནས་ཉེན་ཚབས་ཆེ་བའི་ལས་འགུལ་མི་སྤེལ་རྒྱུ་དང་། ནང་པ་ཞིག་ཡིན་པའི་ཆ་ནས་ང་ཚོའི་ངོས་ནས་རང་ལུས་མེར་བསྲེགས་གཏོང་མཁན་སུ་འདྲ་ཞིག་ཡིན་ཡང་མཆོད་འབུལ་སྨོན་ལམ་གནང་གི་ཡོད། བོད་པ་ཞིག་ཡིན་པའི་ཆ་ནས་ཁོང་རྣམ་པའི་དགོས་འདུན་དང་འབོད་སྒྲ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་བསྐྱལ་ཐབས་ལ་འབད་ཀྱི་ཡོད” ཅེས་གསུངས་བྱུང་།

ཡང་སློབ་མ་ཞིག་གིས་ད་ལྟའི་བར་༸གོང་ས་མཆོག་གི་མཚན་ཐོག་ནས་རྒྱ་ནག་དང་མཉམ་དུ་འབྲེལ་མོལ་བྱས་ཡོད་པ་རེད། མ་འོངས་པར་འབྲེལ་མོལ་བསྐྱར་གསོ་བྱུང་བ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱི་མིང་ཐོག་ནས་འབྲེལ་མོལ་བྱ་ཐུབ་མིན་དྲིས་པར། “ བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚང་དང་པོའི་ནང་གསེས་གསུམ་པའི་ནང་བཀའ་ཁྲི་དང་བཀའ་ཤག་གིས་དམིགས་བསལ་སྐུ་ཚབ་བསྐོ་བཞག་བྱ་རྒྱུ་དང་།  མཚན་༸གོང་ས་མཆོག་ལ་ཞུས་ཆོག་ཅེས་བཀོད་ཡོད་པ་ལྟར། ང་ཚོས་རྒྱ་ནག་གཞུང་ལ་དམིགས་བསལ་སྐུ་ཚབ་ག་དུས་ཡིན་ཡང་གྲ་སྒྲིག་ཡོད་ཅེས་པའི་རྒྱུ་མཚན་དེ་རེད། མ་འོངས་པར་སྐུ་ཚབ་ཀྱི་མཚན་དེ་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཅེས་པའི་མཚན་ཡོང་གི་རེད། ” ཅེས་གསུང་བྱུང་།

ཡང་སློབ་མ་ཞིག་གིས་བོད་ནང་མི་ལྔ་བཅུར་ཉེ་བ་ཞིག་གིས་རང་བསྲེགས་བཏང་ཡང་དེ་ལ་རྣམ་འགྱུར་ཅི་གང་འཐོན་མེད་སྟབས། མ་འོངས་པར་བོད་མི་ཚོའི་བམས་བློར་འགྱུར་བ་ཞིན་ཏེ་འགད་རྫས་གཡུག་པ་སོགས་དྲག་པོའི་ལས་འགུལ་སྤེལ་ཚེ། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱབ་སྐྱོར་བྱ་མིན་དྲིས་པའི་ལན་དུ་བཀའ་ཁྲི་མཆོག་གིས། “བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དམངས་གཙོའི་ལམ་ལུགས་དང་ཞི་བའི་ལམ་གཉིས་འགྱུར་བ་མེད་པའི་ལངས་ཕྱོགས་ཡིན་ཞེས་བཤད་ཀྱི་ཡོད། ཞི་བའི་ལམ་གྱི་སྒོ་ནས་འགྱུར་བ་འགྲོ་རྒྱུ་མེད་ཅེས་པ་དེ་དབུ་མའི་ལམ་གྱི་ཐོག་རྩ་དོན་བརྩད་པ་ཡིན་ན་འགྲུབ་རྒྱུ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་པ་རེད། ལོ་རྒྱུས་ལ་ཕྱིར་བལྟས་བྱས་པ་ཡིན་ནའང་། ཞི་བའི་ལམ་གྱི་ཐོག་ནས་རྩ་དོན་བརྩད་དེ་ལུང་པ་དང་སྤྱི་ཚོགས་ ༥༠ ལྷག་གིས་རྩ་དོན་འགྲུབ་ཡོད་པ་རེད། ཤི་རི་ལིངྒ་དང་ཡུ་གུར་གྱིས་སྔོན་མ་དྲག་པོའི་ལས་འགུལ་སྤེལ་ཡང་། ད་ལྟ་ང་ཚོར་མིག་དཔེར་ལྟ་བཞིན་ཡོད་པ་རེད།  ད་ལྟའི་ཆར་དྲག་སྤྱོད་པ་ཟེར་དུས་འཛམ་གླིང་སྤྱི་ཡོངས་ཀྱིས་ཁ་གཏད་གཅོག་ས་ཆགས་ཡོད་སྟབས། གལ་སྲིད། ང་ཚོའི་སྤྱི་ཚོགས་ནང་དྲག་པོའི་ལས་འགུལ་སྤེལ་བ་ཡིན་ན་བློ་ཕམ་གྱི་གནས་ཚུལ་རེད་མ་གཏོགས། དེ་ལ་འཛམ་གླིང་གི་རྒྱབ་སྐྱོར་ཡོང་རྒྱུར་རེ་བ་ཡོད་པ་མ་རེད” ཅེས་ལན་བསྐྱོན་སོང་།

མཐའ་མར་སློབ་མ་བུ་མོ་ཞིག་གིས་ད་ལྟའི་ཆར་བཙན་བྱོལ་བོད་མིའི་གཞུང་ཞབས་པ་དང་སློབ་མ། མི་མང་བཅས་མང་པོ་ཞིག་གིས། མ་འོངས་པའི་ཉིན་ཞིག་བོད་མི་ཚོ་རྒྱ་གར་ནང་གནས་སྡོད་བྱ་བར་དཀའ་ངལ་འཕྲད་སྲིད་པའི་ཞེ་སྣང་འོག ཁག་ཅིག་ཕྱིར་བོད་ནང་ལོག་འགྲོ་བ་དང་། ཁག་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་འགྲོ་བཞིན་པ་དེ་རྒྱ་གར་གཞུང་ལ་ཡིད་མ་ཆེས་པ་ཡིན་ནམ། ཡང་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་ཡིད་མ་ཆེས་པ་ཡིན་མིན་དྲིས་པའི་ལན་དུ། “ ཁྲིམས་ཀྱི་ཐོག་ནས་རྒྱ་གར་གཞུང་གིས་བོད་མི་ཚོར་སྐྱབས་བཙོལ་ལག་འཁྱེར་ (RC) དང་དེབ་སེར་པོ་ཚང་མ་བཟོས་ཏེ། ནམ་ཞིག་བོད་ནང་ལོག་གི་རེད་ཅེས་པར་གཞི་བཞག་ཡོད་པ་རེད་ལ། ང་ཚོ་ཚང་མ་བཙན་བྱོལ་ནང་ཡོང་དོན་ཡང་བོད་ནང་ཕྱིར་ལོག་གི་ཡིན་ཟེར་གྱི་ཡོད་པ་རེད། ད་ལྟའི་བར་རྒྱ་གར་གཞུང་གིས་ང་ཚོར་མཐུན་འགྱུར་རོགས་རམ་གནང་གི་ཡོད་སྟབས། མ་འོངས་པར་རྒྱ་གར་གཞུང་གིས་ཁྱེད་རང་ཚོ་རྒྱུག་ཞེས་བཤད་སྲིད་ཀྱི་མ་རེད།  ཁྱེད་རང་ཚོས་དེའི་ཐད་སེམས་འཚབ་དེ་འདྲ་གནང་དགོས་པ་མ་རེད་བསམ་གྱི་འདུག” ཅེས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༥ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༦ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 3

  1. སྐར་མདའ། says:
    ལོ་ 13 སྔོན།

    དྲི་བ་ཡག་པོ་བཏང་འདུག་ཀྱང་། དྲིས་ལན་ཚོ་གནད་ཁེལ་ཡིད་ཚིམ་ཞིག་མ་བྱུང་། བསྐྱར་ཟློས་ཙམ་རེད། ལྷག་པར་དུ་རང་ལུས་མེར་སྲེག་གི་ཐད་ནས་དྲིས་ལན་སྟབས་བདེ་ཞིག་བསྐྱོན་སོང་།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 13 སྔོན།

    བུ་མོ་ཁོང་གི་འདྲི་བ་དེར་ལན་ཁ་གསལ་མི་འདུག་པས་དེ་ནི་དུས་ཚོད་མི་འདེང་བ་ཡིན་ནམ་གསར་འགོད་པས་བཀོད་རྒྱུ་ལྷག་པ་ཡིན། ཡང་ན་བཀའ་ཁྲིས་མ་གསུངས་པའམ་ཁག་པོ་བྱུང་བ་ཡིན་གང་ལྟར་ཀ་གསལ་མིན་འདུག འདི་ནི་དངོས་ཡོད་བཙན་བྱོལ་བོད་མི་རྒྱ་བལ་འབྲུག་གསུམ་ནང་ཡོད་པར་མ་འོངས་པར་བློ་ཚབ་ཡོང་རྒྱུའི་འདྲི་ན་ཆེན་པོ་ཡིན་ཞིག་ཡིན།

    Reply
  3. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    སློབ་ཕྲུག་ཚོས་དྲི་བ་ཡག་པོ་ཕུལ་འདུག་ །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese