མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་དབུས་རྒྱུན་གསུམ་གྱིས་དུས་ཡུན་ངེས་མེད་ཀྱི་ཟས་བཅད་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ཉིན་ལྔའི་རིང་སྦིར་བོད་ཚོགས་ཚོགས་ཁང་དུ་གཞོན་ལྷན་གྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༣ ཚོགས་ཏེ། བཀའ་སྤྱི་གཉིས་ལ་སྙན་ཞུ་ཕུལ་ཏེ་གཞུང་གི་སྲིད་བྱུས་ལངས་ཕྱོགས་རང་བཙན་ཐོག་བསྒྱུར་ཐབས་ལ་འབད་རྒྱུ་དང་། དབུས་རྒྱུན་གསུམ་གྱིས་མི་འགྱངས་པར་ལྡི་ལིར་དུས་ཡུན་ངེས་མེད་ཀྱི་ཟས་བཅད་གནང་རྒྱུ་བཅས་ཀྱི་གྲོས་ཆོད་བཞག་འདུག

ཟླ་འདིའི་ཕྱི་ཚེས་ ༨ ནས་ ༡༢ བར་རྒྱ་གར་ཧི་མ་ཅལ་མངའ་ཁོངས་སྦིར་གཞིས་ཆགས་བོད་མིའི་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༣ པ་དེ་ཚོགས་ཡོད་ཅིང་། ཚོགས་འདུའི་ཐོག་གཞོན་ལྷན་དབུས་ས་གཉིས་ཀྱི་ལས་བསྡོམས་དང་རྩིས་ཁྲ་ཞིབ་བཤེར། དེ་སྔའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་ཀྱིས་ལག་བསྟར་དགོས་རིགས་མུ་མཐུད་མཇུག་སྐྱོང་། བཙན་བྱོལ་བོད་གཞུང་གི་བཞེངས་ཕྱོགས་རང་བཙན་སླར་གསོའི་ཐོག་བསྒྱུར་ཐབས་སུ་བཀའ་སྤྱི་གཉིས་ལ་ཞུ་སྙན་འབུལ་རྒྱུ་དང་། ཕྱི་ལོ་ ༢༠༡༡ ལོར་ལྡི་ལི་དང་། ༢༠༡༢ལོར་ནེའུ་ཡོག་རྒྱལ་ཚོགས་མདུན་སྤེལ་བའི་ཟས་བཅད་ལས་འགུལ་ཁག་གི་དགོས་འདུན་མཇུག་སྐྱོང་ལག་བསྟར་ཆེད། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣ ནས་མགོ་འཛུགས་ཀྱིས་རྒྱ་གར་རྒྱལ་ས་ལྡི་ལིར་དབུས་རྒྱུན་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་སྤེལ་རྒྱུ་གཙོས།  གྲོས་གཞི་ཁག་ ༨ ཐོག་བགྲོ་གླེང་གྲོས་བསྡུར་གནང་མཐར་གྲོས་ཆོད་དོན་ཚན་ ༢༡ ཙམ་བཞག་ཡོད་འདུག

ཐེངས་འདིའི་གྲོས་གཞི་དང་པོ་རྩིས་ཁྲ་ཞིབ་བཤེར་སྐོར་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་དང་། ས་གནས་རྒྱུན་ལས་ཁག་གི་ལས་བསྡོམས་དང་རྩིས་ཁྲར་ཞིབ་བཤེར་འཐུས་གཙང་ཟིན་པ། གཉིས་པ་དེ་སྔའི་གྲོས་ཆོད་མཇུག་སྐྱོང་གནང་རྒྱུའི་སྐོར་ལ། བོད་ཀྱི་གཞོནནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་གྲོས་གཞི་དོན་ཚན་གསུམ་པ་ཀ་པའི་གྲོས་ཆོད་ཨང་ ༢ པ། གྲོས་གཞི་དོན་ཚན་ལྔ་པ་ཁ་པའི་གྲོས་ཆོད་ཨང་ ༢ པ། གྲོས་གཞི་དོན་ཚན་དྲུག་པ་ཁ་པའི་གྲོས་ཆོད་ཨང་ ༢ པ། གྲོས་གཞི་དོན་ཚན་བདུན་པ་ཀ་པའི་གྲོས་ཆོད་ཨང་ ༣ པ། དེ་བཞིན་འགན་ལྷན་ཐེངས་ ༤༢ པའི་གྲོས་གཞི་དོན་ཚན་གསུམ་པའི་ཀ་པའི་གྲོས་ཆོད་ཨང་ ༡ ། གྲོས་གཞི་དོན་ཚན་བཞི་པའི་གྲོས་ཆོད་ ༢ པ་བཅས་མཇུག་སྐྱོང་ཞུ་རྒྱུ།

གྲོས་གཞི་དོན་ཚན་གསུམ་པ་ཆབ་སྲིད་དང་འབྲེལ་བའི་གཞོན་ནུའི་ལངས་ཕྱོགས་དང་ལས་འགུལ་སྤེལ་ཕྱོགས་ཐད། གཞིས་བྱེས་བོད་མིའི་ཡིད་ལ་བརྣག་པའི་འདོད་དོན་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་རང་བཙན་སླར་གསོའི་དམིགས་ཡུལ་བོད་མི་ཡོངས་ཀྱི་སེམས་ནང་མི་འགྱུར་བརྟན་གནས་ཐུབ་ཆེད། བཙན་བྱོལ་བོད་མིའི་ས་གནས་ཁག་ནང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། རང་བཙན་འཐབ་རྩོད་ཀྱི་བརྗོད་གཞིའི་ཐོག་ཟབ་སྦྱོང་སྤྲོད་རྒྱུ། བོད་རང་བཙན་ཁུངས་སྐྱེལ་གྱི་ཡིག་ཆ་ཁག་གང་མང་དཔར་འགྲེམས། འདས་པའི་ཉམས་མྱོང་དང་ད་ལྟའི་ཛ་དྲག་གནས་བབ་ལ་གཞིགས་ཏེ། བཙན་བྱོལ་བོད་གཞུང་གི་བཞེངས་ཕྱོགས་དེ་བཞིན་རང་བཙན་སླར་གསོའི་ཐོག་བསྒྱུར་ཐབས་སུ་བཀའ་སྤྱི་ལྷན་རྒྱས་ལ་ཞུ་སྙན་འབུལ་རྒྱུ།

རྒྱ་གཞུང་གིས་བོད་ནང་མི་སེར་སྤེལ་བའི་ཛ་དྲག་གི་སྲིད་བྱུས་སྣ་ཚོགས་ལ་གདོང་ལེན་ཆེད། རིས་མེད་བླ་སྤྲུལ་ཁག་གིས་བོད་ནང་གི་བོད་མི་ཚོར་བཀའ་སློབ་ལམ་སྟོན་གནང་སྐྱོང་ཡོང་བའི་ཞུ་སྙན་འབུལ་རྒྱུ་དང་། ཕྱི་ཟླ་ ༦ ཚེས་ ༥ འཛམ་གླིང་ཁོར་ཡུག་ཉིན་མོ་དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གཏན་འབེབས་ལས་འགུལ་སྲུང་བརྩི་ཞུ་རྒྱུ། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ད་ཆ་གར་ཡོད་ཤེས་རྟོགས་ཆེད། འདི་ལོར་གནས་མཆོག་ཝ་ར་ཎཱ་སིར་བོད་བརྒྱུད་ནང་བསྟན་ཆེས་མཐོའི་ལྷན་ཚོགས་སྐབས་ནང་པའི་བླ་ཆེན་ཁག་དང་འབྲེལ་ཡོད་ཁག་ལ་འབོད་སྐུལ་ཞུ་རྒྱུ་དང་། ༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་ཀློད་གྲོལ་ཡོང་སླད། གཞོན་ལྷན་དབུས་ས་གཉིས་ནས་ལས་འགུལ་སྤེལ་རྒྱུ་དང་། རྒྱ་གཞུང་གི་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་ཡིག་ཆ་ཨང་ལྔ་པ་དང་ཨང་བརྒྱད་པ་ནི། བོད་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཡིན་པར་ངོ་རྒོལ་བྱས་ཟིན་པ་ལྟར། དེ་འབྲེལ་ཁྲིམས་གཞི་གང་ཞིག་གཏན་འབེབས་རིགས་ནམ་ཡང་ངོས་ལེན་མེད་པ་གསལ་སྟོན་བྱ་རྒྱུ།

གྲོས་གཞི་དོན་ཚན་བཞི་པ་རང་བཙན་སླར་གསོ་དང་དེའི་ཐད་ལས་འགུལ་སྤེལ་ཕྱོགས་སྐོར་ལ། བོད་ཕྱི་ནང་གཉིས་ནས་བོད་རང་བཙན་སླར་གསོ་དང་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་ཆེད། རྩ་ཆེའི་སྐུ་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་རླབས་ཆེན་སྙིང་སྟོབས་ལ་བསྔགས་བརྗོད་གུས་འདུད་དང་ཤུལ་ལུས་གཉེན་ཉེ་ནང་མི་རྣམས་ལ་ཐུགས་གསོ་ཞུ་རྒྱུ། བོད་རྒྱལ་ཁབ་ཆེད་སྐུ་ལུས་མེར་བསྲེགས་གནང་བ་དེ་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་སུ་ངོས་འཛིན་གསལ་སྟོན་དང་།  ༢༠༡༡ ལོར་རྒྱ་གར་རྒྱལ་ས་ལྡི་ལི་དང་། ༢༠༡༢ ལོར་ནེའུ་ཡོག་རྒྱལ་ཚོགས་མདུན་སོ་སོར་སྤེལ་བའི་ཟས་བཅད་ལས་འགུལ་གྱི་དགོས་འདུན་ཁག་མཇུག་སྐྱོང་ལག་བསྟར་ཆེད། རྒྱ་གར་རྒྱལ་ས་ལྡི་ལིར་དབུས་རྒྱུན་གསུམ་གྱིས་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༣ ནས་མགོ་འཛུགས་ཀྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ལས་འགུལ་ཞིག་སྤེལ་རྒྱུ།

གྲོས་གཞི་དོན་ཚན་ལྔ་པ་བོད་པའི་ཆོས་དང་རིག་སྲུང་སྐྱོབ་སྐོར་ལ། བོད་ཕྲུག་རྣམས་ཀྱི་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཡར་རྒྱས་ལ་དམིགས་ཏེ། བོད་སྐད་ཐོག་ཡོད་པའི་རི་མོའི་གློག་བརྙན་ཁག་གཞོན་ལྷན་དབུས་ནས་ཕྱོགས་བསྒྲིགས་ཀྱིས་ས་གནས་གཞོན་ནུ་ཁག་གིས་འགྲེམས་སྤེལ་དང་། སློབ་གྲྭ་ཁག་ཏུ་བོད་ཡིག་དགེ་རྒན་ཚད་ལྡན་བསྐོ་བཞག་དང་། དེ་དག་གི་གླ་ཕོགས་སོགས་མཐུན་རྐྱེན་ཡར་རྒྱས་གཏོང་དགོས་པ་ཤེས་རིག་ལྷན་ཁང་དང་། བོད་ཕྲུག་ཁྱིམ་སྡེ། མ་སུ་རི་བོད་ཁྱིམ། བལ་ཡུལ་གངས་ཅན་བདེ་རྩ་བཅས་ཀྱི་སྤྱི་ཁྱབ་ཡིག་ཚང་ལ་ཞུ་སྙན་འབུལ་རྒྱུ། ལྷག་དཀར་ལས་འགུལ་གྱི་ངོ་བོ་དང་། རྒྱབ་ལྗོངས། ལས་འགུལ་དེ་ཉིད་ཡོངས་ཁྱབ་ཏུ་སྲུང་བརྩི་ཞུ་ཕྱོགས་སྐོར་དེབ་ཆུང་ཞིག་གཞོན་ལྷན་དབུས་ནས་འགྲེམས་སྤེལ་བྱ་རྒྱུ།

གྲོས་གཞི་དོན་ཚན་དྲུག་པ་ ༸གོང་ས་མཆོག་གི་སྐུ་ཕྱཱའི་ཐད། རྒྱ་གར་དབུས་སའི་གཞུང་དང་རང་གཞུང་བདེ་སྲུང་ལྷན་ཁང་གིས་ད་བར་༸རྒྱལ་བའི་སྐུ་ཕྱཱའི་ཐད། ཞུ་སྒོ་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་སྔར་ལྷག་དེའི་ཐད་དམ་དོན་ངེས་གནང་ཡོང་རྒྱུ།  སྐུའི་ངལ་གསོ་དང་ཉེན་སྲུང་སླད། གཟིམ་ཆུང་མཇལ་ཁ་སྤྱི་དང་ལྷག་པར་རྒྱ་མི་རིགས་ཁག་ལ་མཇལ་འཕྲད་ཉུང་འཕྲི་དང་། མཇལ་ཁའི་སྐབས་ངེས་པར་འབྲེལ་ཡོད་ཁག་ནས་སྔར་ལྷག་ཐུགས་གཟབ་གནང་རྒྱུའི་ཐད་ཞུ་སྙན་འབུལ་རྒྱུ།

གྲོས་གཞི་དོན་ཚན་བདུན་པ་གཞོན་ནུའི་དབུས་སའི་སྒྲིག་གཞི་ཚགས་ཚུད་ཡོང་ཐབས་སྐོར་ལ། དེ་སྔོན་ས་གཞོན་ཁག་གི་སོ་སོའི་ཚོགས་དར་ཐོག་ས་གནས་ཀྱི་ཁྱད་ཆོས་ལ་གཞིགས་པའི་པར་རིས་འཁོད་པ་ཕྱིར་བསྡུ་བྱས་ཏེ། གཞོན་ལྷན་གྱི་སྒྲིག་གཞིའི་ནང་གསལ་གཞི་སེར་པོའི་ཐོག་བོད་ཀྱི་ས་ཁྲ་ལྗང་ཁུ་འཁོད་པ་དེ་ཉིད་གཅིག་གྱུར་བེད་སྤྱོད་བྱ་རྒྱུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སའི་རྒྱུན་ལས་སྔ་རྗེས་ལོ་ ༡༥ གནང་ཞིང་། མུ་མཐུད་གཞོན་ནུའི་ཚོགས་མིར་གནས་བཞིན་པ་རྣམས་ཀྱི་རྒྱལ་གཅེས་སྙིང་སྟོབས་ལ་གུས་བཀུར་སླད་ཚོགས་ཆེན་སྐབས་ཆེ་བསྟོད་གཟེངས་རྟགས་འབུལ་རྒྱུ།

གྲོས་གཞི་དོན་ཚན་བརྒྱད་པ་སྤྱི་སྨན་དགོངས་འཆར་གྱི་སྐོར་ནས། ཕྱི་ལོ་ ༢༠༡༢ ལོར་གཞོན་ལྷན་གྱི་ཚོགས་ཆེན་ཐེངས་ ༡༥ པའི་ཚོགས་མགོན་དུ་བོད་རྒྱལ་ཁབ་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད། ༸གོང་ས་མཆོག་ཆིབས་བསྒྱུར་བཀའ་དྲིན་ཆེ་བའི་གསོལ་འདེབས་སྐྱབས་འཇུག་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་བཞག་འདུག

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 9

  1. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    ད་དུང་ཞུ་རྒྱུ་ཞིག་ལ་ཚོགས་ཆེན་ཐེངས་བཅོ་ལྔ་པ་ལ༼༸གོང་ས་མཆོག་ཆིབས་བསྒྱུར་བཀའ་དྲིན་ཆེ་བའི་གསོལ་འདེབས་སྐྱབས་འཇུག་ཞུ་རྒྱུ་༽ཟེར་དེ་ནམ་ཡང་ངོས་ལེན་མེད།་རྒྱུ་མཚན་རྣམ་པ་ཚོས་གསལ་པ་མཁྱེན་སྲིད་པའི་གསལ་བཤད་མི་དགོས་བ་བྱོས།

    Reply
  2. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    ད་ལྟ་བོད་ལ་ཛ་དྲག་གི་གནས་སྟངས་ནང་དུ་ལྷུང་ཡོད་ཙང་གཞོན་ནུའི་ངོས་ནས་དོན་དང་ལྡན་པའི་གྲོས་གཞི་ཡག་པོ་ཡོད་རྒྱུ་རེད་དྲན་བྱུང་ཡང་། རྙིང་པ་རྣམས་བསྐྱར་གླེང་ཙམ་དང་དབུ་རྒྱུན་གསུམ་གྱི་ཟ་བཅད་ངོ་རྒོལ་ཙམ་ལས་མེད་པ་ནི་ཚོགས་ཆེན་འགྲོ་སོང་ཆེན་རིན་རང་རེད་དྲན་སོང་།
    ཟ་བཅད་ངོ་རྒོལ་བྱེད་དེ་རང་ལུས་སྐྱོ་པོ་བཟོ་བ་ལས་ཉི་མ་རེ་ལ་མི་མང་བརྒྱ་རེ་ཡི་རྒྱ་སྤྲང་ཚང་གི་གཞུང་ཚུབ་སྒོ་ཁ་རུ་ཉིན་མཚན་མེད་པ་ཕྱི་ནང་འགྲོ་ས་མེད་པ་བཟོས་ན་དེ་ཡག་གི་རེད་དྲན། ཅི་ཡིན་རུང་གྶརོས་གཞི་རྣམས་དེ་ཙམ་སྣང་བ་འགྲོ་མ་སོང་།་དགོང་དག།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་དོན་ལས་འགུལ་ལ་རྗེས་སུ་ཡི་རང་དང་། ཆིབ་སྒྱུར་གསོལ་འདེབས་ལ་རྒྱབ་སྐྱོར་མེད།

    Reply
  4. ཚེ་སྒྲུབ་རྡོ་རྗེ། says:
    ལོ་ 14 སྔོན།

    སྒོ་དྲུག་ཚགས་གཙོ་ཡིན་སྐབས་ཀྱི་ཉོག་དྲ་དེ་རྫབ་ཆེ་ཤོས་ཤིག་རེད། དེ་འདྲ་འབྱུང་སྲིད་པར་ཞེ་ཐག་ཆོད་ཡོད་པ་ཚང་མས་ཤེས་གསལ་རེད། དེ་མ་གཏོགས་ཚོགས་གཙོ་རེ་རེའི་སྐབས་ཀྱི་ཚོགས་ཆེན་ནང་ཉོག་དྲ་མ་བྱུང་བ་གཅིག་ཀྱང་ཡོད་པ་མ་རེད། ད་ཐེངས་ཁུག་ཀྱོག་ཅིག་ནས་ཚོགས་དགོས་པ་དེ་རྙོག་དྲ་ཁྱབ་བསྒྲགས་ལ་གཡོལ་གྱི་ཡོད་པ་ཚོགས་མི་ཚང་མས་ཤེས་ཀྱི་ཡོད་པ་རེད། ཡིན་ནའང་ཞེད་སྣང་སྐྱེས་པ་ཆེ་ཤོས་དེ་ཚེ་དབང་རིག་འཛིན་ཚོགས་གཙོ་སྐབས་སྔོན་མའི་ཚོགས་ཆེན་ནང་། ཚོགས་གཞོན་དོན་གྲུབ་རྡོ་རྗེའི་སྐོར་གྱི་རྙོག་དྲ་དེ་འདྲ་འབྱུང་པ་ཡིན་ན། མི་མང་ཚོས་མ་ཤེས་ན་དགའ་གི་རེད་དྲན་པ་རེད། རྒྱུ་མཚན་དེས་དབང་གིས་ཁུག་ཀྱོག་ཅིག་ནས་ཚོགས་པ་རེད།

    Reply
  5. བསྟན་འཛིན། says:
    ལོ་ 14 སྔོན།

    དབུས་རྒྱུན་གསུམ་གྱིས་ཐེངས་འདིར་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་རྒྱའི་གྲོས་ཆོད་བཞག་པ་དེར་བསྔགས་བརྗོད་ཡོད། དེ་གཅིག་ཡིན། གཉིས་པ་དབུས་གཞོན་ནུས་ད་ལོའི་རྡོར་གདན་དུས་འཁོར་དབང་ཆེན་སྐབས་སུ་ཆོས་ཞུ་བ་དག་གི་ལག་ནས་དངུལ་ག་ཚོད་བསྡུས་ཡོད་པ་དེར་རྩིས་ཁྲ་ལོགས་སུ་བཏོན་མེད་པ་དེར་ངོ་རྒོལ་ཡོད། བོད་ནང་གི་ཆོས་ཞུ་བ་མང་པོ་ཞིག་གིས་ཀྱང་རྗེས་ནས་མ་གཏོགས་ཤེས་མི་འདུག གང་ཡིན་ཟེར་ན། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཁ་ཁ་ཡིན་པ་ཤེེས་མི་འདུག གསུམ་པ། ཐེངས་འདིའི་ཚོགས་ཆེན་སྦིར་གཞིས་ཆགས་ཀྱི་ཁུག་ཀྱོག་ཚོགས་ཁང་ཞིག་ཏུ་ཚོགས་པ་དེར་རྒྱུ་མཚན་གཉིས་ཡོད་པ་རེད། དང་པོ་རྒྱ་ཁྱབ་རང་བཞིན་དང་། མི་མང་གི་མདུན་སར་འཚོགས་རྒྱུའི་སྤོབས་པས་མ་འདང་བ་རེད། གལ་སྲིད་སྔོན་མའི་ཚོགས་གཙོ་སྒོ་དྲུག་གི་སྐབས་སུ་རྙོག་དྲ་བྱུང་བ་དེ་ལྟ་བུའི་རིགས་བྱུང་ཚེ་མི་གཞན་གྱིས་མ་མཐོང་བཟང་གི་རེད་བསམ་པ་རེད། གཉིས་པ། ལས་འགུལ་སྤེལ་ཕྱོགས་དང་ལས་འཆར་སྒྲིག་སྟངས་ཀྱི་ཐད་ནས་དམིགས་བསལ་བ་གཅིག་ཀྱང་བྱུང་ཡོད་པ་མ་རེད་དེ། ད་ཐེངས་ཚོགས་ཞུགས་པ་ཡོངས་ཀྱིས་ཧ་གོ་གསལ་ལྟར། གཞུང་དང་སྒེར་གྱི་ཚོགས་སྡེ་ཁག་ཅིག་དང་། དེ་བཞིན་མི་སྒེར་རེ་ཟུང་བཅས་ཀྱི་ཐོག་ཏུ་བོད་ཀྱི་གཞོན་ནུའི་ངོས་ནས་མ་འོངས་པར་སྲིད་བྱུས་ལངས་ཕྱོགས་གང་འདྲ་འཛིན་དགོས་མིན་དང་། དཔལ་འབྱོར་དང་ཆབ་སྲིད་ལས་འགུལ་སྤེལ་ཕྱོགས་ཐད་ཀྱི་སྐད་ཆ་དང་གྲོས་གཞི་རེ་ཟུང་བྱུང་བ་དེ་དག་གི་ཆེད་དུ་ས་ཆ་ཁུག་ཀྱོག་ཅིག་ནས་ཚོགས་པ་རེད། འདི་ལ་མོས་མཐུན་རྩ་བ་ཉིད་ནས་མེད་ཅེས་ཞུ་འདོད་བྱུང་སོང་།།།

    Reply
  6. རང་བཙན་པ། says:
    ལོ་ 14 སྔོན།

    འོ། སྐད་ཆ་གཞན་པ་ཞིག ཞེད་སྣང་ཚ་བོ་ཞིག་ལ། བོད་ནང་རང་ལུས་མེར་སྲེག་ཐད་གཀྲོག་གཏམ་ཞིག་ཁྱབ་ཀྱི་འདུག་ཟེར། ཞིབ་འཇུག་བྱེད་མཁན་ཚོས་དེ་གཞོན་ནུ་དང་འབྲེལ་བ་འདུག་ཟེར།་དེ་ཤ་མ་ཚ་རང་རེད། གལ་སྲིད་ཉིན་ཞིག་ཁུངས་བརྡོལ་ན། ཁྱེད་ཚོ་ང་གསར་འབྱོར་བ་ཞིག་ཡིན་པའི་ཆ་ནས་རྩིས་ཏག་ཏག་རྒྱག་གི་ཡིན། དེ་བདེན་པ་ཡིན་ན་མཚམས་འཇོག་རོགས། བོད་ནང་གི་བོད་མི་ཚོ་གླེན་པར་མ་བརྩི། ཁོང་ཚོའང་མི་རེད། ཐུགས་ལ་ཉར་རོགས།།།

    Reply
  7. རང་བཙན་པ། says:
    ལོ་ 14 སྔོན།

    གཞོན་ནུ་དབུས་ས་གཉིས་ཀྱི་རྩིས་ཕྲར་ཞིབ་འཇུག་བྱ་རྒྱུ་གལ་ཆེན་རེད། མི་མང་ནང་སྐད་ཆ་མང་པོ་ཡོད་སྟབས་དེ་དགོས་ངེས་ཤིག་རེད། ཚོགས་ཆེན་རྩ་བའི་ནས་ཡག་པོ་འདུག་བསམས་སོང།

    ཡིན་ནའང། གླེན་རྟགས་ཚ་བོ་ཞིག་ག་རེ་བསྟན་འདུག་བསམས་ན། གཞུང་གི་ལངས་ཕྱོགས་རང་བཙན་དུ་བསྐྱོད་རྒྱུར་བཀའ་སྤྱི་གཉིས་ལ་སྙན་ཞུ་ཕུལ་གྱི་ཡིན་ལབ་ན། མང་གཙོའི་སྤྱི་ཚོགས་ཀྱི་གཞུང་གི་འགྲོ་སྟངས་མ་ཤེས་པས་རེད། དེ་བས་རང་བཙན་པ་སྤྱི་ལ་བསམ་བློ་བཏང་ནས་རང་བཙན་ཁ་ལ་ཁྱེར་ནས་ཞབས་འདྲེན་མ་ཞུས་ན་བཟང། དེ་གཟབ་གཟབ་བྱེད་གལ། དངོས་གནས་ལངས་ཕྱོགས་ལ་འགྱུར་བ་གཏོང་གི་ཡིན་ན། རང་ངོས་ནས་ཡིད་ཆེས་བརྟན་པོ་དགོས་པ་རེད། རང་ངོས་ནས་ཡིད་ཆེས་རྙེད་པ་དེས་མི་མང་གི་ཡིད་ཆེས་ཀྱང་འགུག་ཐུབ་དགོས་པ་རེད། དེ་བཀུགས་པ་ཡིན་ན། ད་གཟོད་ལངས་ཕྱོགས་ལ་འགྱུར་བ་གཏོང་ཐུབ་ཀྱི་རེད།
    དེ་གཞོན་ལྷན་གྱིས་ཐུབ་ཀི་རེད་དམ་མ་རེད། དེ་དྲི་བ་རེད། ད་ལྟའི་ཆར་དབུས་རྒྱུན་ནང་མི་མང་ཕར་ཞོག དབུས་རྒྱུན་ནང་ཁུལ་ཡང་རྡོག་ལ་སྒྲིལ་བོ་ཞིག་མེད་པ་དེ། དཔལ་འབྱོར་ཁོ་ནའི་དཀའ་ངལ་མིན་པར། དབུས་རྒྱུན་ཚང་མ་མཉམ་རུབ་བྱ་སའི་རང་བཙན་གྱི་ལངས་ཕྱོགས་རྒྱུ་མཚན་ཡག་པོ་མ་ཤེས་པ་དང། རང་བཙན་སྒྲུབ་ཐབས་ཁྱོན་ནས་རྙེད་ཀྱི་མེད་སྟབས། གླ་ཆ་ལེན་མཁན་གྱི་དབུས་རྒྱུན་ཞིག་ཆགས་ཡོད་པས། ལངས་ཕྱོགས་རང་བཙན་དུ་བསྒྱུར་རྒྱུ་ཞེས་པ་འདི་གཞོན་ལྷན་དབུས་རྒྱུན་ཁོ་ནས་གླེང་ན་ཧ་ཅང་བྱབ་ཆུང་ཆགས་ངེས་པ་རེད།
    དེ་བས་ང་ཚོ་རང་བཙན་པ་ཚང་མ་འཛོམས་ནས་གཟབ་གཟབ་བྱས་ན་མ་གཏོགས། རང་བཙན་རྦད་དེ་བརླག་ཉེན་ཞེ་དྲག་ཡོད་པ་རེད། འཇམ་དབྱངས་ནོར་བུ་དང་ལྷ་བཟང་ནི་སེམས་ཤུགས་ཆག་ནས་ཤི་གྲབས་ཡོད་པ་གསལ་བོ་རེད། སེམས་ཤུགས་ཡོད་ཀྱང་ཐབས་ལམ་ཞིག་མ་རྙེད་པ་གསལ་བོ་རེད། མཚམས་རེར་སྐུ་མདུན་ལ་ཁ་གཏོང་སྐུར་བ་འདེབས་པ་དེ་ཙམ་རེད།
    ཀརྨ་ཆོས་འཕེལ་ནི་འཇམ་ནོར་སོགས་དང་རང་བཙན་བཤད་སྟངས་འདྲ་བོ་མེད། མཚན་སྨད་ཞུ་མཁན་གྲས་སུ་མེད་ཅེས་ཚགས་པར་སྟེང་བཀོད་འདུག དེས་ཀྱང་རང་བཙན་པ་ཚོ་ཁ་འཐོར་ཡིན་པ་གསལ་བོ་རེད།
    དེས་ན་དབུས་རྒྱུན་ཡིན་ན་འདྲ ། འགན་འཛིན་ལྷན་ཚོགས་ཡིན་ན་འདྲ། སོ་སོའི་ག་རེ་འཇོན་གྱི་ཡོད་མེད་སྐྱག་རྫུན་མ་བཤད་པར་དྲང་པོར་ཞུ་དགོས་པ་དེ་གལ་ཆེན་རེད། གོ་ཐོས་བྱས་ན། མང་ཆེ་བ་ནམ་རྒྱུན་སློབ་སྦྱོང་མི་བྱེད་མཁན་བོད་དོན་ལ་དོ་སྣང་མི་བྱེད་མཁན་རྐྱང་རྐྱང་རེད་ཟེར། དེ་འདྲ་ཡིན་ན་པེ་ཟགས་རེད། དེ་བས་སོ་སོའི་ཕ་མ་དང་བུ་ཕྲུག་ཚ་བོ་ཚ་མོ་རྣམས་ལ་མགོ་བསྐོར་གཏོང་མི་ཉན་པ་དེ་ཉམས་ལེན་གནང་རོགས།

    Reply
  8. བཙན་ནག་པས། says:
    ལོ་ 14 སྔོན།

    དབུས་བོད་ཀྱི་གཞོན་ནུའི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རང་ཞུ།།

    Reply
  9. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    བོད་ཨ་མདོ་རྔ་བ་ནས་མི་གཉིས་ཀྱིས་རང་ལུ་ཞུ་འབུལ་གནང་ནས་ཆུ་ཚོད་ཕྱེད་ཀ་ལྷག་ལས་འགྲོ་མི་འདུག། ད་ལྟ་རང་གོ་སོང་། ཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿཨོཾ་མ་ཎི་པདྨེ་ཧུཾཿ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese