མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླུ་བ་ཕུལ་བྱུང་འཇུ་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཀྱི་གླུ་བ་ཨ་མཆོག་ཕུལ་བྱུང་ལགས་རྔ་པ་བོད་རིཊ་རང་སྐྱོང་ཁུལ་འབར་ཁམས་ཀྱི་ཇ་ཁང་ཞིག་ཏུ་འཇུ་བཟུང་བྱས་འདུག  

ཉེ་ཆར་རྒྱ་ནག་གཞུང་གིས། བོད་ཀྱི་གླུ་བ་ཨ་མཆོག་ཕུལ་བྱུང་ལགས་ཀྱི་ཆེད་བསྒྲིགས་འོད་སྡེར་ལྔ་པ་༼ ཁུར་གྱིས་གནོན་པའི་ང་ཚོ༽ཞེས་པའི་ནང་། ༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་རྣམ་གཉིས་ལ་བསྟོད་གླུ་དང་། ད་ལྟའི་བོད་ནང་གི་དཀའ་སྡུག་གི་གནས་སྟངས་དངོས་གསལ་འདོན་བྱས་ཡོད་པར་རྐྱེན་བྱས་ཏེ། འཇུ་བཟུང་བཀའ་རྒྱ་བཀྲམས་སྟབས། གླུ་བ་ཕུལ་བྱུང་ལགས་རི་སྒང་དང་ས་གནས་གཞན་དུ་ཉེན་ཡོལ་བྱས་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༨།༠༠  ཡས་མས་སུ་ས་གནས་ཉེན་རྟོག་པས་ཁོང་འབར་ཁམས་གྱི་ཇ་ཁང་ཞིག་གི་ནང་འཇུ་བཟུང་བཙན་འཁྲིད་བྱས་ཏེ། ད་ལྟའི་ཆར་གར་ཡོད་ཀྱི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག

རང་ལོ་ ༣༠  ཡས་མས་ཡིན་པའི་ཨ་མཆོག་གླུ་བ་ཕུལ་བྱུང་ལགས་ནི། རྔ་པ་བོད་རིགས་རང་སྐྱོང་ཁུལ་ཁྱུང་མཆུ་རྫོང་ཨ་མཆོག་ཡུལ་ཚོ། ཨ་མཆོག་སྟོད་མ་སྡེ་བའི་ཕ་སྒྲོལ་མ་སྐྱབས་དང་མ་སྒྲོལ་མ་གཉིས་ཀྱི་བུ་ཡིན་ཞིང་། ཆུང་དུས་སློབ་གྲྭ་ཆུང་འབྲིང་འགྲིམས་མྱོང་མཁན་ཞིག་ཡིན་པ་མ་ཟད། ཁོང་གི་ལྷན་སྐྱེས་ཀྱི་སྐད་ངག་སྙན་མོས་རྒྱ་གཞུང་གི་བཙན་གནོན་ལ་མ་འཛེམས་པར་བོད་མི་རིགས་ཀྱི་བདེ་སྡུག་དང་ལ་རྒྱུའི་སྐོར་གྱི་གླུ་གཞས་མང་པོ་བླངས་སྟབས། ས་གནས་བོད་མི་ཚོས་ ༼ལ་རྒྱའི་གླུ་བ༽ཞེས་པའི་མཚན་སྙན་ཡང་ཕུལ་ཡོད་འདུག  ད་ལྟའི་བར་སྔ་ཕྱི་ཆེད་སྒྲིག་འོད་སྡེར་ལྔ་ལྷག་འགྲེམས་སྤེལ་བྱས་ཏེ། བོད་ཕྱི་ནང་གཉིས་ཀྱི་བོད་རིགས་མང་པོས་དགའ་བསུ་བྱེད་ཀྱིན་པའི་གླུ་བ་ཞིག་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གོང་མ་ཆིན་ཧྲི་ཧོང་གིས་བོད་ནང་དུ་འཆི་མེད་བདུད་རྩི་འཚོལ་ཞིབ་སླད་མི་སྣ་མངགས་གཏོང་བྱས་ཡོད་ཟེར།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།

ཆུ་ཚོད་ ༡༢ སྔོན་ལ།
བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཇི་ནི་ཝའི་རྒྱལ་ཚོགས་ལས་ཁུངས་སུ་བཅར་བ།  ༢༠༢༥།༢།༡༢
Mobile App

རྒྱལ་ཚོགས་ཀྱི་ཆེད་མཁས་པ་དྲུག་གིས་རྒྱ་ནག་གཞུང་ལ་གནད་དོན་ཁ་གསལ་དགོས་པའི་སྐུལ་འདེད་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་པ་མཇུག་བསྒྲིལ། 

༢༠༢༥/༠༩/༡༨
Mobile App

དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙིའི་མཛད་སྒོ་འཚོགས་སོང་།

༢༠༢༥/༠༩/༡༨
Mobile App

དབུས་འོས་བསྡུ་ལས་ཁུངས་ཀྱི་འགན་འཛིན་ལས་འཕར་གཉིས་འདེམས་ཐོན་བྱུང་། 

༢༠༢༥/༠༩/༡༨

མཆན། 3

  1. མེས་པོ། says:
    ལོ་ 13 སྔོན།

    སེམས་གཏིང་ནས་གླུ་བ་ཕུལ་བྱུང་ལགས་ཀྱི་བློ་སྟོབས་ལ་གུས་འདུད་དང་། ད་ལྟའི་གནས་བབ་ལ་གདུང་སེམས་མཉམ་སྐྱེད་ཞུ།

    Reply
  2. ཨ་གསལ་ལེ་རྒྱལ། says:
    ལོ་ 13 སྔོན།

    མི་ཚེ་འདི་གྲང་ཤུལ་ཤུལ།།
    དྲང་བདེན་གྱི་སྙིང་ཁྲག་དམར་ལྷོག་ལྷོག།
    བསྟོད་གླུ་ཡི་རྒྱ་མཚོ་ཐ་གྲུ་ཡངས།།
    སྨྲེ་ངག་གི་བཞུར་རྒྱུན་སྟོང་དུ་བདེན།།

    Reply
  3. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    ལ་རྒྱའི་གླུ་བ་ལ་རྒྱའི་དཔའ་བོ་དང་།།
    ལ་རྒྱའི་རྩོམ་པ་ལ་རྒྱའི་བོད་མི་ཀུན།།
    ལ་རྒྱའི་དོན་དུ་རང་སྲོག་བཏང་བ་ནས།།
    ལ་རྒྱའི་ངར་སྐད་ཁ་བའི་ལྗོངས་ནས་མཆེད།།

    ལ་རྒྱ་མེད་ལ་ལ་རྒྱ་མི་དགའ་མཁན།།
    ལ་རྒྱའི་སྐད་ཆ་ཐོས་ན་ཟུག་རྔུ་ཞེས།།
    ལ་རྒྱའི་སྲོག་ལ་རིན་ཐང་མི་བརྩི་མཁན།།
    ལ་རྒྱ་མེད་པའི་བོད་མི་འདི་ན་མང་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese