མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རིག་ལམ་སློབ་གཉེར་ཁང་དུ་བོད་པ་ལས་མི་རིཊ་གཞན་མང་བ་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་རིག་ལམ་སློབ་གཉེར་ཁང་གིས་བོད་ཕྱི་ནང་གཉིས་ཀྱི་བོད་མི་དང་ཧི་མ་ལ་ཡའི་རི་རྒྱུད། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ཀྱི་སློབ་ཕྲུག་ ༡༡༢ ཙམ་ལ་རིན་མེད་ཐོག་ནང་ཆོས་སློབ་སྦྱོང་གི་གོ་སྐབས་སྤྲོད་ཀྱིན་ཡོད་འདུག

 

བཞུགས་སྒར་རིག་ལམ་སློབ་གཉེར་ཁང་གིས་འདས་པའི་ལོ་ངོ་དུ་མའི་རིང་བོད་ཕྱི་ནང་གཉིས་ཀྱི་བོད་མི་གཙོས། ཧི་མ་ལ་ཡའི་རི་རྒྱུད་དང་རྒྱ་གར། ཨ་རི་དང་དབྱིན་ལན། སུད་སི། ཐའེ་ཝན། ཀོ་རི་ཡ། ཝེ་ཐི་ནམ། སིང་གྷ་པོར། སོག་པོ། རྒྱ་གར་བ་བཅས་ཀྱི་ནང་ཆོས་དོན་གཉེར་ཅན་མང་པོ་ཞིག་ལ་མཚན་ཉིད་དང་ནང་ཆོས་སློབ་གཉེར་གྱི་གོ་སྐབས་སྤྲོད་ཀྱིན་ཡོད་པ་དང་། ཉེ་ལམ་གསར་འགོད་པ་ཆེད་དུ་བཞུགས་སྒར་རིག་ལམ་སློབ་གཉེར་ཁང་དུ་ཕྱིན་ཏེ། སློབ་གཉེར་ཁང་གི་སློབ་མ་བསྡུ་སྟངས་དང་སློབ་གཉེར་སོགས་ཀྱི་ཐད་ལ་རྒྱུས་ལོན་བྱས་པ་ཡིན།

བཞུགས་སྒར་རིག་ལམ་སློབ་གཉེར་ཁང་དུ་ད་ལྟའི་ཆར་ཁྱོན་བསྡོམས་སློབ་ཕྲུག་ ༡༡༢ ཡོད་ཅིང་། དེ་དག་ཁྲོད་བོད་མི་ ༥༢ དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་ ༣༨ ། ཕྱི་རྒྱལ་བ་ ༢༢ བཅས་རེད། བོད་རིགས་སློབ་ཕྲུག་ཁྲོད་བོད་ནས་ཡོང་བ་ ༤༠ དང་། བཙན་བྱོལ་ནང་སྐྱེས་བ་ ༡༢ ། ཧི་མ་ལ་ཡའི་རི་རྒྱུད་ལས་ལ་དྭགས་པ་ ༡༢ ། མོན་རྟ་དབང་ཁུལ་གྱི་སློབ་མ་ ༡༡ ། སྤི་ཏི་བ་ ༩ ། ཁུ་ནུའི་སློབ་མ་ ༣ ། རྟ་མང་དང་བལ་ཡུལ་སོགས་ཀྱི་སློབ་མ་ ༣ བཅས་འདུག ཕྱི་རྒྱལ་ཁག་གི་སློབ་ཕྲུག་དག་ནི་ཀོ་རི་ཡའི་སློབ་མ་ ༨ དང་། ཝེ་ཐི་ནམ་གྱི་སློབ་མ་ ༣ ། ཐའེ་ཝན་གྱི་སློབ་མ་ ༢ ། ཨ་རིའི་སློབ་མ་ ༢ ། སིང་གྷ་པོར་ ༡ ། སོག་པོ་ ༡ ། རྒྱ་གར་བ་  ༣ ། དབྱིན་ཡུལ་ ༡ ། སུད་སིའི་སློབ་མ་ ༡ བཅས་འདུག 

 

སློབ་གཉེར་ཁང་གི་འགན་འཛིན་གཞོན་པ་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། སློབ་གཉེར་ཁང་འདིས་ལོ་གཉིས་རེའི་མཚམས་སུ་སློབ་མ་བསྡུ་བཞིན་ཡོད་པ་དང་། འཛིན་རིམ་བརྒྱད་པའི་གནས་ཚད་དང་སློབ་ཐོན་ཕྱག་འཁྱེར་ཡོད་རིགས་ལ་ཡིག་ཚད་གཏོང་དགོས་ཤིང་། འཛིན་རིམ་བཅུ་བ་ཡན་ཐོན་པ་ཚོ་ཐད་ཀར་འཛུལ་ཆོག་གི་ཡོད་འདུག བོད་ནས་ཕེབས་མཁན་ཚོར་ཕྱག་འཁྱེར་ཐོག་ངོས་འཛིན་བྱེད་དཀའ་བའི་དབང་གིས་རིག་གནས་ཀྱི་རྨང་གཞིའི་ཤེས་ཚད་འཚང་རྒྱུགས་བཏང་སྟེ་ལེན་གྱི་ཡོད་ཅིང་། ཕྱི་རྒྱལ་ཁག་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་ཚོར་འཛིན་རིམ་བརྒྱད་པ་ཐོན་པའི་ཕྱག་འཁྱེར་ལས་གཞན། བོད་སྐད་བོད་ཡིག་གི་རྨང་གཞི་ཚད་ལྡན་དགོས་ཀྱི་ཡོད་འདུག ལོ་ཤས་གོང་ནས་བཟུང་ཕྱི་རྒྱལ་བ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་མང་དུ་ཕྱིན་སྟབས། ས་མིག་གཞིར་བཟུང་ཡིག་ཚད་ཀྱི་ལམ་ནས་བསྡུ་རུབ་བྱེད་ཀྱི་ཡོད་ཅིང་། ཕྱི་རྒྱལ་བ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སློབ་མ་རྣམས་ལ་སློབ་ཡོན་རིན་མེད་ཡིན་ཡང་། སྡོད་གནས་དང་ཟ་མ་རང་ངོས་ནས་ཐབས་ཤེས་བྱ་དགོས་ཀྱི་ཡོད་འདུག

 

སློབ་གཉེར་ཁང་འདིར་སྔོན་མ་འཛིན་གྲྭ་ཕར་ཕྱིན་བར་ཡོད་ཅིང་། ཕྱིས་སུ་དབུ་མ་དང་སློབ་དཔོན། གསང་སྔགས་བཅས་སུ་སྤར་ཡོད་འདུག ད་ལྟའི་ཆར་ཁྱོན་སློབ་ཡུན་ལོ་ ༡༧ ཡིན་འདུག་ལ། དེ་ཡང་ཕར་ཕྱིན་རབ་འབྱམས་པ་ལོ་ ༧ དང་། དབུ་མ་རབ་འབྱམས་པ་ལོ་ ༣ ། རིས་མེད་སློབ་དཔོན་གྱི་སློབ་ཚན་ཁག་ལོ་ ༤ ། གསང་སྔགས་ཀྱི་སློབ་ཚན་ཁག་ལོ་ ༢ བཅས་ཁྱོན་ལོ་ ༡༦ བཅས་དང་། སྔོན་འགྲོའི་བསྡུས་གྲྭ་རྩིས་པ་ཡིན་ན་ཁྱོན་ལོ་ ༡༧  ལ་སློབ་གཉེར་བྱས་རྗེས་རིས་མེད་དགེ་བཤེས་ཀྱི་ཕྱག་འཁྱེར་འབུལ་གྱི་ཡོད་འདུག 

 

ཡང་གསར་འགོད་པས་དགེ་བཤེས་ལགས་སུ། མ་འོངས་པར་རིག་སློབ་ཀྱི་ངོས་ནས་སློབ་མའི་སློབ་སྦྱོང་ཐད་ལས་གཞི་གསར་བ་སྤེལ་འཆར་ཡོད་མེད་དྲིས་པར་ཁོང་གིས། “ ང་ཚོའི་ངོས་ནས་ལས་གཞི་གསར་བ་སྤེལ་རྒྱུའི་འཆར་གཞི་མེད། གང་ཡིན་ཞེ་ན། ད་ལྟའི་རིག་ལམ་སློབ་གཉེར་ཁང་གི་བསླབ་གཞི་དེ་དག་དམིགས་བསལ་བ་ཞིག་དང་ལས་གཞི་གསར་བ་ཞིག་རེད། གདན་ས་ཁག་ལ་མཚོན་ན་ཆོས་རྒྱུད་ཁག་གི་སློབ་ཚན་ལ་ཞེ་དྲག་ལྟ་ཐུབ་ཀྱི་ཡོད་མ་རེད། འདི་གར་ས་དགེ་བཀའ་རྙིང་སྔགས་དང་བཅས་པ་ཡོད་སྟབས། འདི་ནས་སློབ་ཐོན་བྱུང་སྐབས། རིས་སུ་མ་ཆད་པའི་གྲུབ་མཐའ་ཁག་གི་གནས་ཚད་གང་འཚམ་ཡོད་སྟབས། འདི་ཧ་ཅང་གི་དམིགས་བསལ་བ་ཡིན་དྲན་ཡོད། ཕྱི་རྒྱལ་ཁག་ནས་ཡོང་བའི་སློབ་མ་ཚོར་མཚོན་ནའང་། འདི་གར་ནང་ཆོས་སློབ་གཉེར་གྱི་ཞོར་དུ་བོད་པའི་རིག་གནས་སྤྱི་ལ་རྒྱུས་མངའ་ཡོད་པ་ཞིག་ཆགས་འགྲོ་བ་རེད། ད་སྔ་བོད་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐོག་ལག་རྗེས་ཆེན་པོ་ཡོད་མཁན་དང་། ཕྱི་རྒྱལ་དུ་སྙན་གྲགས་ཆེན་པོ་རྒྱས་ཡོད་པ་རེ་ཟུང་ཡོད” ཅེས་བརྗོད་བྱུང་།

 

གནས་ཚུལ་འདིའི་ཐད་གསར་འགོད་པས་རིག་ལམ་སློབ་གཉེར་ཁང་དུ་སློབ་སྦྱོང་བྱེད་ཀྱིན་པའི་ཕྱི་རྒྱལ་སློབ་མ་ཁག་ཅིག་ལ་ནང་ཆོས་སློབ་སྦྱོང་བྱེད་དགོས་པའི་དམིགས་ཡུལ་དང་མ་འོངས་པར་འཆར་གཞི་ག་རེ་ཡོད་མེད་དྲིས་པར། རྒྱ་གར་བྷང་བྷེ་ནས་ཡོང་བའི་སློབ་མ་བསླབ་གསུམ་ལགས་ཀྱིས། “ ང་རང་ ༢༠༠༤ ལོར་སྐུ་སྒེར་ཡིག་ཚང་གི་རོགས་རམ་འོག་ས་རཱ་མཐོ་སློབ་དུ་འཛུལ་ཏེ་ལོ་ ༤ རིང་བོད་སྐད་བོད་ཡིག་སྦྱངས་རྗེས་ ༢༠༠༧ ལོར་༸གོང་ས་མཆོག་གི་མདུན་ནས་དགེ་སློང་བསྒྲུབས་པ་ཡིན། ༢༠༠༩ ལོ་ནས་རིག་ལམ་སློབ་གཉེར་ཁང་དུ་ཞུགས་ཏེ། ད་ལྟ་ཕར་ཕྱིན་སྐབས་བཞི་པ་ཡིན། ངས་ནང་ཆོས་སྦྱོང་དོན་ང་ཚོ་བྷང་བྷེ་ས་ཆར་སྔོན་མ་ནང་ཆོས་ལ་དོ་སྣང་བྱེད་མཁན་ཉུང་ཉུང་རེད། ད་ལྟ་ནང་ཆོས་ལ་དོ་སྣང་ཡོང་གི་ཡོད་ཀྱང་། ཆོས་འཆད་མཁན་མེད་པའི་དཀའ་ངལ་ཡོད་སྟབས། ངས་འདིར་ནང་ཆོས་ཀྱི་སྐོར་ལ་སློབ་སྦྱོང་བྱས་རྗེས་ས་གནས་མི་མང་ལ་ཕན་ཞིག་ཐོགས་ན་བསམ་གྱི་ཡོད། མ་འོངས་པར་ངས་མུ་མཐུད་དུ་དབུ་མ་དང་མཛོད་བཅས་ལ་སློབ་སྦྱོང་བྱ་འཆར་ཡོད” ཅེས་བརྗོད་བྱུང་།

 

ཨ་རི་ནས་ཕེབས་པའི་ངག་དབང་བློ་གྲོས་ལགས་ཀྱིས། ང་རང་ ༢༠༠༥ ལོར་ངྷ་རམ་ས་ལར་ཡོང་བ་ཡིན། སྐབས་དེར་སྒེར་གྱི་དགེ་རྒན་བཙལ་ཏེ་བོད་སྐད་དང་བོད་ཡིག་སྦྱོང་ཞོར་བོད་ཀྱི་བདེ་རྩའི་ཡིག་ཚང་ནང་དང་བླངས་ལས་ཀ་བྱས་པ་ཡིན། ཕྱིས་སུ་ཨ་རིར་ཕྱིན་ཏེ་ལོ་གཅིག་རིང་དངུལ་བསགས་ཤིང་། དེའི་རྗེས་ཕྱིར་ལོག་ནས་ས་རཱ་མཐོ་སློབ་དུ་ལོ་ ༥ རིང་རིག་གནས་དང་རྒྱལ་རབས། ནང་དོན་རིག་པ། མཚན་ཉིད། བསྡུས་གྲྭ བློ་རིག་རྟགས་རིག  ཕར་ཕྱིན་ལོ་དང་པོའི་བར་སློབ་སྦྱོང་བྱས་པ་ཡིན།  ད་ལོའི་ཕྱི་ཟླ་ ༤ པར་རིག་ལམ་སློབ་གཉེར་ཁང་དུ་ཡོང་བ་ཡིན། ང་ལ་བོད་ཡིག་སྦྱོང་འདོད་ཀྱི་འདུན་པ་དེ་ང་ཐོག་མ་ཨ་རིའི་མཐོ་སློབ་ནང་འགྲོ་བཞིན་པའི་སྐབས་བོད་པའི་སློབ་གྲོགས་ཤིག་ཡོད། ཁོང་བརྒྱུད་དེ་ངས་བོད་ཀྱི་གནས་ཚུལ་དང་༸གོང་ས་མཆོག་གི་སྐོར་ཤེས་སོང་། དེ་ནས་ང་བོད་པའི་རིག་གནས་ལ་སློབ་སྦྱོང་བྱ་འདོད་སྐྱེས་སོང་། མ་འོངས་པར་ཐོངས་མཆན་གྱི་དཀའ་ངལ་མ་འཕྲད་ཚེ་ངས་རིག་སློབ་དུ་དབུ་མ་བར་སྦྱོང་གི་ཡིན། ངས་ནང་ཆོས་སྦྱངས་རྗེས་ཨ་རིའི་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་རྒྱུའི་དམིགས་ཡུལ་མེད། གཙོ་བོ་ང་རང་ཉིད་ཀྱི་སེམས་ཀྱི་དཀའ་ངལ་སེལ་ཆེད་དང་། སེམས་ཀྱི་ཉོན་མོངས་དུག་གསུམ་མེད་པ་བཟོ་ཆེད་ཡིན། ” ཞེས་བརྗོད་བྱུང་།

 

ཀོ་རི་ཡའི་ཨ་ནེ་ཆིའུ་ཙང་ལགས་ཀྱིས། ང་ ༢༠༠༠ ལོར་ངྷ་རམ་ས་ལར་ཡོང་སྟེ། བོད་ཀྱི་དཔེ་མཛོད་ཁང་དང་ལྷོ་ཕྱོགས་རྒྱུད་སྨད་གྲྭ་ཚང་བཅས་སུ་བོད་སྐད་དང་བོད་ཡིག་གི་འབྲི་ཀློག་སྦྱངས་རྗེས། ས་རཱ་མཐོ་སློབ་དུ་ལོ་གཉིས་དང་ཕྱེད་ཀའི་རིང་ཕར་ཕྱིན་དང་པོ་བར་སློབ་སྦྱོང་བྱས་པ་ཡིན། ༢༠༠༤ ལོར་ཀོ་རི་ཡར་ལོག་སྟེ་ཀོ་རི་ཡའི་ལུགས་སྲོལ་ལྟར་བཙུན་མ་བྱས་ཏེ་བཙུན་མའི་སློབ་སྦྱོང་ཆ་ཚང་ཐོན་ཡོད།  ༢༠༡༡ ལོར་རིག་སློབ་དུ་འཛུལ་ཏེ་ད་ལྟ་ཕར་ཕྱིན་ལོ་རིམ་གཉིས་པ་ཡིན། ངས་བོད་སྐད་དང་བོད་ཡིག་སྦྱོང་དོན།  ༸གོང་ས་མཆོག་གི་གསུང་ཆོས་ཆ་ཚང་ང་རང་གིས་ཁ་ཐུག་ཏུ་གོ་ཐུབ་པར་བྱ་རྒྱུ་དང་། ལམ་རིམ་ཆེན་མོ་ཆ་ཚང་ལྟ་ཐུབ་པ་བྱ་ཆེད་ཡིན། མ་འོངས་པར་ངས་དབུ་མ་བར་དུ་བལྟ་རྒྱུའི་འཆར་གཞི་ཡོད། སོ་སོར་རིག་པ་དང་སློབ་སྦྱོང་ཡག་པོ་མེད་ཀྱང་། མ་འོངས་པར་བོད་པའི་བཀའ་བསྟན་གཉིས་ཀ་ཀོ་རི་ཡའི་སྐད་ཡིག་ནང་ཕབ་སྒྱུར་བྱ་ཐུབ་མཁན་གྱི་མི་སྒེར་དང་ཚོགས་པ་གང་འདྲ་ཞིག་ཡོད་ཀྱང་། ངས་གང་ཐུབ་ཀྱིས་ཞབས་ཞུ་དང་ཆ་རྐྱེན་བསྐྲུན་རྒྱུ་ཡིན” ཞེས་བརྗོད་བྱུང་། 

 

སུད་སི་ནས་ཕེབས་པའི་ཨ་ནེ་བསྟན་འཛིན་དབང་མོ་ལགས་ཀྱིས། ང་ ༢༠༠༣ ལོར་རྒྱ་གར་ནང་ཡོང་སྟེ། ཐོག་མར་བོད་ཀྱི་དཔེ་མཛོད་ཁང་དུ་ཟླ་དྲུག་རིང་བོད་ཡིག་སྦྱངས་པ་དང་མཉམ་དུ་ནང་ཆོས་འཛིན་གྲྭ་སོང་བ་ཡིན།  ཕྱིས་སུ་མཚན་ཉིད་ལ་ལྟ་ཆེད་རྒྱ་གར་ལྷོ་ཕྱོགས་བྱང་ཆུབ་ཆོས་གླིང་དུ་བསྡད་ཡོད་ཀྱང་། དཀའ་ངལ་མང་པོ་འཕྲད་སྟབས་དགེ་རྒན་གྱི་ལམ་སྟོན་ལྟར་ངྷ་རམ་ས་ལར་ཡོང་སྟེ། སྐུ་སྒེར་ཡིག་ཚང་ལ་རེ་སྐུལ་ཐེངས་མང་པོ་ཞུས་རྗེས་ཚུལ་རྒྱུགས་གཏོང་རྒྱུའི་གོ་སྐབས་བྱུང་སོང་།  ༢༠༠༧ ལོར་རིག་ལམ་སློབ་གཉེར་ཁང་དུ་འཛུལ་དེ་ད་ལྟའི་ཕར་ཕྱིན་སྐབས་བཞི་པ་ཡིན། མ་འོངས་པར་དབུ་མ་ཆ་ཚང་བར་ལྟ་རྒྱུའི་འདུན་པ་ཡོད། ང་ཆུང་ཆུང་སྐབས་ཉི་ཧོང་གི་ནང་ཆོས་ཕྲན་བུ་ལྟ་མྱོང་ཡོད། ཁོང་ཚོའི་ནང་ཆོས་ནང་མགོན་པོ་ཀླུ་སྒྲུབ་ལྟ་བ་ལོག་སྟེ་ནང་ཆོས་ལ་སློབ་གཉེར་བྱས་ཡོད་སྐོར་བྲིས་འདུག སྐབས་དེ་འདྲ་ཞིག་ནས་ནང་ཆོས་ལ་སློབ་གཉེར་བྱ་འདོད་ཆེན་པོ་སྐྱེས་སོང་། ངས་ནང་ཆོས་སྦྱོང་དོན་སོ་སོ་ཡག་པོ་ཆགས་རྒྱུའི་ཆེད་དུ་ཡིན། ད་ལྟའི་ཆར་དཀའ་ངལ་ཞིག་ཡོད་པ་ནི། སོ་སོ་བུད་མེད་ཅིག་ཡིན་པའི་ཆ་ནས་བོད་པའི་སྤྱི་ཚོགས་ནང་དང་། ལྷག་པར་དུ་གྲྭ་པའི་སྤྱི་ཚོགས་ནང་དུ་མཐོང་ཆུང་བྱེད་མཁན་རེ་ཟུང་ཡོང་གི་འདུག དེས་མཚམས་རེར་སེམས་པ་མ་སྐྱིད་པ་བཟོ་ཡི་འདུག ” ཅེས་བརྗོད་བྱུང་།

 

བཞུགས་སྒར་རིག་ལམ་སློབ་གཉེར་ཁང་ནི། ཕྱི་ལོ་ ༡༩༧༣ ལོར་སྐབས་དེར་བཙན་བྱོལ་ནང་བོད་ཡིག་དགེ་རྒན་མེད་པའི་དཀའ་ངལ་དང་། གཏན་འཇགས་སློབ་གྲྭའི་ནང་ཡོད་པའི་དགེ་འདུན་པ་རྣམས་ལ་ནང་ཆོས་སློབ་གཉེར་བྱ་སའི་བསྟི་གནས་ཞིག་དགོས་པའི་ཆེད་དུ་གསར་འཛུགས་གནང་བ་ཞིག་ཡིན་ཞིང་། ད་ལྟའི་བར་སློབ་གཉེར་ཁང་འདིས་བོད་ཕྱི་ནང་གཉིས་དང་ཧི་མ་ལ་ཡའི་རི་རྒྱུད། ཕྱི་རྒྱལ་ཡུལ་གྲུ་ཁག་བཅས་ཀྱི་སློབ་ཕྲུག་སྐྱ་སེར་མང་པོར་ནང་ཆོས་སློབ་སྦྱོང་གི་གོ་སྐབས་སྤྲད་དེ། དབྱིན་ཡིག་དང་རྒྱ་ཡིག ཀོ་རི་ཡ། མཱ་ལེ་ཤི་ཡཱ། ཝེ་ཐི་ནམ་བཅས་ཀྱི་གསུང་སྒྱུར་པ་དང་། དགོན་སྡེ་ཁག་གི་དབུ་འཛིན་དང་མཁན་པོ། དགེ་རྒན་ཆེན་མོ་སོགས་མི་སྣ་མང་པོ་ཞིག་གསོ་སྐྱོང་བྱས་ཡོད་འདུག

གསར་འགོད་པ། དོན་གོ

༼ གོང་གི་གནས་ཚུལ་འདི་བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད།༽

འབྲེལ་ཡོད་གསར་འགྱུར།

རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

སྐར་མ ༥༩ སྔོན་ལ།
ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་ཁང་དུ་སྔོན་འགྲོའི་ཉན་ཞིབ་ཚོགས་པ་དང་འབྲེལ་བའི་ཐག་གཅོད་གནང་སྐབས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་པར།
Mobile App

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༡ སྔོན་ལ།
བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་ལ་མཆོད་འབུལ་སྨོན་ལམ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༦།༡༢
Mobile App

བཀའ་ཟུར་ཇོ་དཔལ་དཔལ་འབྱོར་ཚེ་རིང་མཆོག་འདས་གྲོངས་སུ་གྱུར།

ཆུ་ཚོད་ ༢ སྔོན་ལ།
Front Slider

བདེ་སྙན་དེབ་འགོད་ཨང་ ༡ ངོས་བཞེས་རྩིས་མེད་དུ་སོང་བའི་ཐག་གཅོད་གནང་།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞབས་པུས་སྨན་བཅོས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས། ༢༠༢༦།༦།༡༢ བོད་ཀྱི་དུས་བབ་གསར་ཁང་གིས་སྐུ་པར་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

༧སྐུའི་ཞབས་པུས་གཤག་བཅོས་ལེགས་གྲུབ་དང་སྐུ་གཟུགས་གསལ་ཐང་ཡིན་འདུག

ཆུ་ཚོད་ ༣ སྔོན་ལ།
Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

༢༠༢༦/༠༦/༡༡

མཆན། 3

  1. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་འདི་ལྟ་བུ་ཞིག་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་འཛུགས་ཐུབ་པ་ནི་སྤོབས་པ་བྱ་འོས་པ་ཞིག་རེད། མ་ཟད་སློབ་ཚན་ཡང་ས་སྐྱ། བཀའ་བརྒྱུད་། རྙིང་མ། དགེ་ལུགས་བཅས་ཀྱི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམགནང་རྒྱུ་ཡོད་པ་དང་། ལྷག་པར་དུ་རྗེ་ཙོང་ཁ་པའི་སྔགས་རིམ་ཆེ་མོར་ཐོས་བསམ་ཚད་དང་ལྡན་པ་གནང་རྒྱུའི་གོ་སྐབས་འདི་ལྟ་བུ་འདི་བོད་ཕྱི་ནང་གི་བོད་བརྒྱུད་ནང་བསྟན་སློབ་གཉེར་ཁང་གང་དུ་ཡང་མེད་པས་བསྔགས་པའི་འོས་དང་ཐལ་མོ་སྦྱར་བའི་འོས་སུ་གྱུར།།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཨ་རིའི་་ཨ་ནེས།
    ་་་་ ངས་ནང་ཆོས་སྦྱངས་རྗེས་ཨ་རིའི་སྤྱི་ཚོགས་ནང་ཞབས་ཞུ་བསྒྲུབ་རྒྱུའི་དམིགས་ཡུལ་མེད། གཙོ་བོ་ང་རང་ཉིད་ཀྱི་སེམས་ཀྱི་དཀའ་ངལ་སེལ་ཆེད་དང་། སེམས་ཀྱི་ཉོན་མོངས་དུག་གསུམ་མེད་པ་བཟོ་ཆེད་ཡིན། ་་་་་
    ཞེས་དང་
    སུད་སི་ཨ་ནེས།
    ་་་་ ད་ལྟའི་ཆར་དཀའ་ངལ་ཞིག་ཡོད་པ་ནི། སོ་སོ་བུད་མེད་ཅིག་ཡིན་པའི་ཆ་ནས་བོད་པའི་སྤྱི་ཚོགས་ནང་དང་། ལྷག་པར་དུ་གྲྭ་པའི་སྤྱི་ཚོགས་ནང་དུ་མཐོང་ཆུང་བྱེད་མཁན་རེ་ཟུང་ཡོང་གི་འདུག དེས་མཚམས་རེར་སེམས་པ་མ་སྐྱིད་པ་བཟོ་ཡི་འདུག ་་་

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བཚན་བྱོལ་བོད་ཕྲུག་༡༢ལས་མེད་པ་འདིས་གང་མཚོན་ཐུབ་བམ། !!!?????

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese