སྐུ་ཉིད་མཛད་བྲེལ་ཤིན་ཏུ་ཆེ་བའི་བར་གསེང་ནས་བདག་གི་འཕྲིན་ཡིག་འདིར་སྤྱན་གཟིགས་གནང་ཙམ་ཞུ།
བཀུར་འོས་བཀའ་ཁྲི་བློ་བཟང་སེངྒེ་ལགས།
སྐུ་ཉིད་ཀྱིས་ཉིན་མཚན་སྦྲེལ་ནས་འཛིན་སྐྱོང་གི་ཕྱག་ལས་ལ་འབད་བརྩོན་ལྷོད་མེད་གནང་བཞིན་པར་བརྟེན། བདག་གིས་སེམས་གཏིང་ནས་སྐུ་ཉིད་ལ་བཀའ་དྲིན་ཆེ་ཞུ། དེ་རིང་ནས་བརྩིས་པའི་ལོ་གཅིག་ལྷག་གི་ཡར་སྔོན་ཏེ། སྐུ་ཉིད་བཀའ་ཁྲིའི་འོས་མིར་བཞེངས་སྐབས་ཁ་མི་དམངས་ལ་ཕྱོགས་ནས་གཏམ་བཤད་གནང་ཞིང་། སྐབས་དེར་སྐུ་ཉིད་ཀྱི་མདུན་ལ་ཡོད་པའི་མི་དམངས་ཚོས་མིག་ཟུང་ཁྲི་ཕྲག་སྐུ་ཉིད་ཀྱི་གདོང་ལ་ཅི་བས་གཟབ་ནན་གྱིས་གཏད་ནས་སྐུ་ཉིད་ཀྱིས་བཤད་པའི་སྐད་ཆ་རེ་རེ་ལ་དོ་སྣང་ཧ་ཅང་ཆེན་པོ་བྱས་ནས་ཉན་བཞིན་ཡོད་པ་དང་། ང་རང་ཡང་སྐབས་དེར་མི་ཚོགས་དེའི་གྲས་ཀྱི་གཅིག་ཡིན། ཧ་ཅང་ཞི་ལྷོད་དང་གུ་ཡངས་ཡིན་པའི་ཁྱེད་ཀྱིས་ཟམ་གདོང་རིན་པོ་ཆེ་བཀའ་ཤག་ལ་གྲ་སྒྲིག་མེད་པའི་དབང་གིས། ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་གནས་སྟངས་འཐུས་ཚང་བོ་ཞིག་རྒྱལ་སྤྱིའི་སྡིངས་ཆའི་སྒང་ལ་བསྐྱལ་ཐུབ་མེད་པ་དང་། ཕྱོགས་གཞན་ཞིག་ནས་བཤད་ན། ད་དུང་ཁྲིམས་ལུགས་ཀྱི་སྒང་ནས་ཀྱང་བོད་དོན་འཐབ་རྩོད་ལ་བསམ་བློ་གཏང་རྒྱུ་ཏན་ཏན་ཡོད་ཚུལ་བཤད་བའི་སྐད་ཆ་དེ་དག སྐུ་ཉིད་ཀྱིས་ད་ལྟ་ཐུགས་དྲན་གསོས་ཀྱི་ཡོད་ཤག་རེད།
ཉེ་ཆར་བཀའ་ཤག་གསར་པས་མི་དམངས་ལ་ལོ་གཅིག་གི་ལས་བསྡོམས་སྙན་སྒྲོན་ཞུས་པ་དེ་བཀའ་ཤག་གིས་མི་དམངས་ལ་འགན་འཁུར་སྟངས་ཀྱི་རྣམ་འགྱུར་གསར་པ་ཞིག་ཡིན་སྟབས། དེ་ནི་ཅི་འདྲའི་དགའ་འོས་པའི་དོན་བཟང་ཞིག་ཡིན་ནའང་། ཉེ་བའི་ལོ་ཤས་ནང་དང་ལྷག་པར་དུ་སྐུ་ཉིད་ཀྱི་བཀའ་ཤག་གསར་པའི་དབུ་འཛུགས་ཞུས་མ་ཐག་བོད་ཕྱི་ནང་གཉིས་ཆ་ནས་རང་ལུས་མེ་སྲེག་གི་གྲངས་འབོར་མངོན་གསལ་དོད་པོས་འཕར་གྱིན་ཡོད་པ་འདིའི་ཐད་བཀའ་ཤག་གི་ངོས་ནས་རྒྱ་ནག་གཞུང་གི་དབུ་ཁྲིད་རྣམས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱ་འཆར་ཡོད་མེད་དང་། ལྷག་པར་དུ་སྐུ་ཉིད་ཧ་ཝ་ཌིའི་ཁྲིམས་ལུགས་ཆེད་མཁས་པ་ཞིག་ཡིན་པའི་ངོས་ནས་བོད་མིའི་བདེན་དོན་འཐབ་རྩོད་དང་ད་ལྟའི་ཛ་དྲག་གི་དཀའ་ངལ་འདི་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱ་འཆར་ཡོད་མེད། མེད་ཚེ་མེད་པའི་རྒྱ་མཚན་ཅི་ཡིན་དང་འབྱུང་འགྱུར་བྱ་འཆར་ཡོད་མེད་ཐད་མི་དམངས་ལ་ལན་འདེབས་ཁ་གསལ་ཞིག་གནང་སྐྱོང་ཡོང་བའི་རེ་བ་ཞུ་བཞིན་ཡོད།
བདག་གིས་བལྟས་ནས་ད་ལྟའི་རྒྱ་ནག་གཞུང་གིས་བོད་མིའི་ཞི་རྒོལ་ལ་དྲག་གནོན་བྱེད་སྟངས་འདི། སྐུ་ཉིད་ཧ་ཝ་ཌའི་ཁྲིམས་ལུགས་ཆེད་མཁས་པ་ཞིག་ཡིན་པའི་གདེང་སྤོབས་ཀྱི་ཐོག་ནས་རྒྱ་ནག་གཞུང་གི་དབུ་ཁྲིད་རྣམས་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཞུ་གཏུག་བྱེད་དགོས་ངེས་ཤིག་ཡིན་པར་མ་ཟད། ཡང་སྒོས་སྐུ་ཉིད་ཧ་ཝ་ཌའི་ཁྲིམས་ལུགས་ཆེད་མཁས་པ་ཞིག་ཡིན་སྟབས། འདི་འདྲའི་གདེང་སྤོབས་ཤིག་སྐུ་ཉིད་ལ་ཅིས་ཀྱང་ཡོད་དགོས་ངེས་རེད། ད་ལྟ་ང་ལྟ་བུའི་མི་མང་པོ་ཞིག་གིས་ཀྱང་འདི་ལྟར་བསམ་ཡོད་པར་མ་ཟད། ད་དུང་ཁྲིམས་ལུགས་ཀྱི་སྒང་ནས་ཀྱང་བོད་དོན་འཐབ་རྩོད་ལ་བསམ་བློ་གཏོང་རྒྱུ་ཏན་ཏན་ཡོད་རེད་ཅེས་སྐུ་ཉིད་ཐོག་མ་བཀའ་ཁྲིའི་འོས་མིར་བཞེངས་སྐབས་ཀྱི་སྐད་ཆ་དེའི་སྐོར་ལའང་ད་ལྟ་མི་མང་པོ་ཞིག་གིས་བཀའ་ཁྲི་མཆོག་གིས་ཕྱག་ལས་ག་རེ་གནང་གི་ཡོད་མེད་སྐོར་ལ་ཤེས་འདོད་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
གུས་པ་དང་བཅས་ཐེ་བོ་ཤེས་རབ་རྒྱ་མཚོས་ཕུལ།
༢༠༡༢ ལོ་ཟླ་ ༨ ཚེས་ ༢༣ ལ་ནོར་གླིང་ནས།
ཞུ་ཡིག་དེ་ལ་རྒྱབ་སྐྱོར་ཡོད། ཁྱེད་ཀྱིས་གསུང་བ་བདེན་པ་ཡིན། ཁོང་གི་སྐད་ཆ་དེ་དག་བཤད་དུས་མི་མང་ལ་སྤྲོད་སྣང་ཞིག་དང་རེ་བ་ཞིག་བསྐྲུན་ཡོད། ཡིན་ཡང་དེ་ནི་སྤྲོད་སྣང་ཙམ་ཆགས་ཀྱི་ཉེན་ཁ་འདུག་ཡ། ཨོ་དེ་འདྲ་བཤད་མི་ཉམ་ཡ།
སྐུ་ཞབས་བསོད་ནམས་རྒྱ་མཚོ་ལགས། ངས་འདི་ནས་ཁྱེད་ལ་སྐུ་ཉིད་ཀྱི་དོགས་པ་རང་སེལ་གྱི་སྒྲུང་སྙིང་རྗེ་མོ་ཞིག་བཤད་ཆོག ལམ་འགྲམ་ཞིག་ཏུ་ངལ་གསོ་ཇ་ཁང་ཟེར་བའི་ཇ་ཁང་སྐྱིད་པོ་ཞིག་ཡོད་པ་དང་། ཉི་མ་གཅིག་རྐུན་མ་ཞིག་དང་ཚོང་པ་ཞིག་དེར་འོངས་ནས་རང་རང་ཐད་སོ་ན་རྐུ་རྒྱུ་དང་ཚོང་གི་སྐོར་ལ་བསམ་བློ་གཏོང་ཞོར་ཇ་འཐུང་བཞིན་པའི་སྐབས། ཀོ་ཁུག་ནག་པོ་འཁུར་བའི་གསར་བུ་རྒྱུས་མེད་ཅིག་དེར་བསླེབས་ནས་ཇ་འཐུང་། སྐབས་དེར་རྐུན་མའི་སེམས་ལ་མི་འདིས་ཀོ་ཁུག་འདི་ཏན་ཏན་གང་ཞིག་ནས་བརྐུས་ཡོང་བ་ལོས་ཡིན་བསམ་པ་དང་། ཚོང་བའི་སེམས་ལ་མི་འདིའི་ཀོ་ཁུག་ནང་དུ་ཏན་ཏན་ཚོང་རྫས་རྩ་ཆེན་ཞིག་ཡོད་ཁོ་ཐག་རེད་བསམ། འོན་ཀྱང་། དོན་དངོས་ཐོག་མི་དེ་རྐུན་མ་མིན་ལ། ཚོང་པའང་མ་ཡིན། ཀོ་ཁུག་དེ་ཡང་བརྐུས་ཡོང་བ་མ་ཡིན་ལ། དེའི་ནང་དུ་ཚོང་རྫས་ཡང་མེད། མི་དེ་ཡིན་ངོ་མ་ནི་ཁོ་རང་གི་དགའ་རོགས་ལ་ཐུག་གི་ཡོང་མཁན་གྱི་གསར་བུ་ཞིག་ཡིན་པ་རེད།
སྐུ་ཞབས་བཙན་པོའི་བུ་ལགས། ཁྲིམས་ག་འདྲ་ཞིག་ལ་གཏུག་མིན་དེ་ངས་ཁྲིམས་ཀྱི་འགྲོ་སྟངས་དང་ཁྲིམས་ལུགས་སྐོར་ལ་མི་ཤེས་པས་ངས་ཁྱེད་ལ་ལན་འདེབས་བྱེད་ཐུབ་པ་མི་འདུག དེ་ནི་ཁྲིམས་ཀྱི་འགྲོ་སྟངས་ཤེས་མཁན་ཚོས་གསལ་པོ་མཁྱེན་གྱི་རེད། ལས་ཀ་ཅི་ཡང་འགོ་མ་བརྩམས་གོང་ནས་ང་ཚོས་ལས་ཀ་དེ་ག་འདྲ་བྱས་ནས་འགོ་བརྩམས་དགོས་པ་རེད། ཁ་གཏད་ཀྱི་སྟོབས་ཤུགས་སོགས་བགྲངས་ནས་མི་ནུས་མི་ཐུབ་ཚུལ་ཤ་སྟག་བཤད་མཁན་ཚོས་ངས་དེ་ནི་ཁྱེད་ཚོ་ལས་དོན་བྱེད་སྙིང་མ་བྲོ་བ་རེད། མདོར་བསྡུས་ན། ངས་ལས་དོན་གང་ཡང་བྱེད་ཀྱི་མིན་ཟེར་བར་ངོས་འཛིན་བྱེད་ཀྱི་ཡོད།
དེ་མིན་ཡང་བསྐྱར་བཤད་རྒྱུ་ཞིག་ལ། འདི་ན་དགྲ་དགའ་གཉེན་སྡུག་གི་མཆན་བུ་མ་འདེབས་རོགས་ཟེར་གྱི་ཡོད། ང་ཚོ་ཚང་མས་འདི་ན་དམིགས་ཡུལ་གཅིག་གི་དོན་དུ་སྐད་ཆ་བཤད་ཀྱི་ཡོད་པ་རེད། ཁྱོའི་ཁ་ཁོའི་སྣ་ཞེས་རང་མདོགས་ཕྱི་ལ་མ་བསྟན་ན་ཡག་གི་རེད། འདི་ལྟར་བྱས་ན་ཕར་ཕྱོགས་ནས་རྒྱ་ནག་གིས་ང་ཚོ་ལ་སྙིང་རྗེ། ཁོ་ཚོ་ཁ་སྟབས་ལ་ལྟོས་དང་ཟེར་ནས་གད་མོ་འཆོར་གྱི་ཡོད་ཤག་རེད།
རྒྱུ་མཚན་འདུག་ལ་མི་མང་ཞིག་ཡིན་པའི་རྒྱུ་མཚན་གྱི་སྙན་ཞུ་ནི་དེ་བས་འཕུལ་དགོས་པའི་གནས་སྟངས་ཞིག་ད་ལྟའི་ཆར་བོད་ནང་དཔའ་བོའི་བདེ་སྡུག་ཞུ་དགོས་པ་ཞིག་ཡང་ཡིན། དེ་སྔ་བཀའ་ཁྲིའི་འོས་གཞིའི་སྐབས་ཁས་ལེན་གནང་བས་གནད་དོན་ཞིག་ཡང་ཡིན། གཞན་རྒྱུ་མཚན་གང་ཡང་མིན་འདུག་ན་ངེས་ཚོས་དེ་ཚོའི་བསྐོར་བཀའ་བློན་རྣམས་པ་དང་། སྤྱི་མཐུས་ཚོར་ངེས་སྐུལ་མ་བྱེད་དགོས་པ་ཡིན།
འཕྲིན་ཡིག་འདི་ལ་མོས་མཐུན་མེད། ཁྱེད་ཀྱིས་མ་འབུལ་གོང་ནས་སྲིད་སྐྱོང་མཆོག་གིས་རྒྱལ་སྤྱི་ལ་ཁྲིམ་གཏུགས་བྱེད་ཕྱོགས་སྐོར་ལ་ཐུགས་བཞེད་བཏང་དང་གཏོང་བཞིན་པ་རེད། ད་དུང་ཡང་ཁྱེད་ཀྱིས་ཟམ་གདོང་རིན་པོ་ཆེ་ལ་གྲ་སྒྲིག་མེད་སྐོར་གསུང་རབ་བཤད་འདུག མི་མངོན་པའི་འཇབ་ལས་ཀྱིས་ཕྱི་ལ་རྨ་མེད་པའི་ནང་ལ་སྨུག་ཐིག་ཅིག་བཟོ་འདོད་ནི་མ་རེད་དམ། ཐེ་བོ་ཤེས་རབ་ལ་དམིགས་ཡུལ་ཅི་ཞིག་ཡོད་ན་དོགས་པའི་གནས་སུ་གྱུར་སོང་ངོ་།
དྲ་གྲོགས་རྣམ་པར་བཀྲིས་བདེ་ལེགས་ཞུ། ངས་གོང་གི་རྩོམ་ཡིག་དེ་ཐེངས་གཅིག་བཀླགས་པ་ཡིན། འོན་ཀྱང་གནད་དོན་གཅིག་གི་ཐད་བསམ་གཞིགས་ཞིབ་ཚགས་མ་བྱས་པར་བྱིས་སྒྲུང་ལྟ་བུ་ཞིག་བཤད་འདུག བོད་དུ་སྤུན་ཟླ་ཚོས་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གིས་རང་ལུས་མེར་བསྲེགས་བཏང་པ་དེའི་རྐྱེན་གྱིས་རྒྱ་ངན་དེ་ཚོ་རྒྱལ་སྤྱིའི་ཁྲིམས་ལ་སྦྱར་ཐུབ་ངེས་རེད་དམ། རྒྱལ་སྤྱིའི་ཁྲིམས་སྒྲིག་གི་དོན་ཚན་གང་གི་འོག་ནས་ཁྲིམས་ལ་སྦྱོར་རྒྱུ་ཡིན། ལྟོས་དང་། དེ་སྔོན་རྒྱ་ངན་བན་ཅའ་པའོ་ཡིས་མེར་བསྲེགས་དོན་རྐྱེན་དེའི་སྐོར་ག་རེ་བཤད་སོང་། རྒྱལ་སྤྱིའི་ཁྲིམས་ཐོག་ཏུ་དཔོན་ངན་ཁྲིམས་ལ་སྦྱར་བའི་གནས་ཚུལ་བྱུང་ཡོད་པ་དོན་དངོས་ཡིན་ཀྱང་དེ་དག་ཕལ་མོ་ཆེ་ནི་མི་རིགས་འདེབས་གསོད་ཀྱི་གནད་དོན་སོགས་ཀྱི་ཐོག་ནས་སྦྱར་བ་ཤ་སྟག་རེད། དེས་ན་ང་ཚོས་ཀྱང་གནད་དོན་དེ་རིགས་ལ་གཞིགས་ཏེ་ཁྲིམས་རར་སྦྱར་ཡུལ་ཞིག་འཚལ་ན་ལེགས་པར་མཐོང་། དེ་མིན་སྐུ་ངོ་བློ་སེང་གི་ཅུང་འུད་དང་སྦྲགས་ཏེ་བཀའ་སློབ་གནང་ལུགས་དེ་ཧ་ལམ་ནུབ་གླིང་པའི་ཆབ་སྲིད་པའི་སྐད་ཆ་ཤོད་སྟངས་ཤིག་ཡིན་པ་འདྲ། ཁོ་ཚོས་སྐད་ཆ་གང་འདྲ་ཞིག་བཤད་ཀྱང་ངས་འཇོན་དང་། ངས་བྱེད་ཀྱི་ཡིན་ཟེར་བ་མ་གཏོགས་ངས་མི་འཇོན་ཟེར་མཁན་གཅིག་ཀྱང་མི་འདུག དེ་ནི་ཧ་ལམ་འགྲོ་ལུགས་ཤིག་ཡིན་པ་འདྲ།
དྲ་གྲོགས་རྣམ་པར་བཀྲིས་བདེ་ལེགས་ཞུ། ངས་གོང་གི་རྩོམ་ཡིག་དེ་ཐེངས་གཅིག་བཀླགས་པ་ཡིན། འོན་ཀྱང་གནད་དོན་གཅིག་གི་ཐད་བསམ་གཞིགས་ཞིབ་ཚགས་མ་བྱས་པར་བྱིས་སྒྲུང་ལྟ་བུ་ཞིག་བཤད་འདུག བོད་དུ་སྤུན་ཟླ་ཚོས་བོད་མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གིས་རང་ལུས་མེར་བསྲེགས་བཏང་པ་དེའི་རྐྱེན་གྱིས་རྒྱ་ངན་དེ་ཚོ་རྒྱལ་སྤྱིའི་ཁྲིམས་ལ་སྦྱར་ཐུབ་ངེས་རེད་དམ། རྒྱལ་སྤྱིའི་ཁྲིམས་སྒྲིག་གི་དོན་ཚན་གང་གི་འོག་ནས་ཁྲིམས་ལ་སྦྱོར་རྒྱུ་ཡིན། ལྟོས་དང་། དེ་སྔོན་རྒྱ་ངན་བན་ཅའ་པའོ་ཡིས་མེར་བསྲེགས་དོན་རྐྱེན་དེའི་སྐོར་ག་རེ་བཤད་སོང་། རྒྱལ་སྤྱིའི་ཁྲིམས་ཐོག་ཏུ་དཔོན་ངན་ཁྲིམས་ལ་སྦྱར་བའི་གནས་ཚུལ་བྱུང་ཡོད་པ་དོན་དངོས་ཡིན་ཀྱང་དེ་དག་ཕལ་མོ་ཆེ་ནི་མི་རིགས་འདེབས་གསོད་ཀྱི་གནད་དོན་སོགས་ཀྱི་ཐོག་ནས་སྦྱར་བ་ཤ་སྟག་རེད། དེས་ན་ང་ཚོས་ཀྱང་གནད་དོན་དེ་རིགས་ལ་གཞིགས་ཏེ་ཁྲིམས་རར་སྦྱར་ཡུལ་ཞིག་འཚལ་ན་ལེགས་པར་མཐོང་། དེ་མིན་སྐུ་ངོ་བློ་སེང་གི་ཅུང་འུད་དང་སྦྲགས་ཏེ་བཀའ་སློབ་གནང་ལུགས་དེ་ཧ་ལམ་ནུབ་གླིང་པའི་ཆབ་སྲིད་པའི་སྐད་ཆ་ཤོད་སྟངས་ཤིག་ཡིན་པ་འདྲ། ཁོ་ཚོས་སྐད་ཆ་གང་འདྲ་ཞིག་བཤད་ཀྱང་ངས་འཇོན་དང་། ངས་བྱེད་ཀྱི་ཡིན་ཟེར་བ་མ་གཏོགས་ངས་མི་འཇོན་ཟེར་མཁན་གཅིག་ཀྱང་མི་འདུག དེ་ནི་ཧ་ལམ་འགྲོ་ལུགས་ཤིག་ཡིན་པ་འདྲ།
སྐྱེས་ཀླུའི་གནའ་བོའི་གཞི་བདག་བསྟོད་ཚུལ་འདི་མི་ཞིག་ལ་ངོ་དགའ་བཤད་གི་ཡོད་པ་འདི་ཡ་མཚན་རེད། ཡང་མིན་ན་མགོ་སེར་པོའི་འགྲོ་སྟེངས་བྱས་ནས་ཤར་རྒྱག་བཤད་ན་ག་འདྲ་འདུག ཆོ་མེད་པ་རང་རེད།
ངོ་དགའ་ཟོར་འཇོག་མེད་པའི་ཁས་ལེན་བྱས་ནས་དགོན་པ་ནས་ཕྱིན་པ་མ་རེད་པས་ཧ་ཧ་ཧ་་་་་་འགྱུར་བ་གང་ནས་ཐེ་སོང་། ག་པ་ནས་སྦྱང་ཡིན།
ཕྱིའི་རྫིག་ཉམས་ཡོད་ཀྱང་དོན་གྱི་སྙིང་བཅུད་ཀྱི་ཡོན་ཏན་ཡོད་དམ།
གཏམ་བཤད་ལ་མཁས་ཀྱང་ཐབས་བྱུས་དམིགས་བསལ་བ་ཞིག་བཏོན་སོང་ངམ།
དབྱིན་སྐད་ལ་བྱང་རུང་བོད་ཡིག་གི་འབྲི་ཀློག་འདི་ཡར་རྒྱས་སོང་ཡོད་དམ།
ཁྱབ་བསྒྲགས་ལ་སོང་རུང་གྲུབ་འབྲས་ཤིག་སྟོན་རྒྱུ་ཡོད་དམ།
རྩ་འཛིན་སྲིད་བྱུས་གསུམ་བཏོན་རུང་ལག་ལེན་གྱི་འགྲོ་བཞིན་ཡོད་དམ།
བཀའ་ཁྲི་ལ་ཆགས་ནས་བསྐྱར་བཤད་ཀྱིས་དུས་ཚོད་རྫོགས་ཀྱིན་པ་མ་རེད་དམ།
ཁྱོད་ཚོས་བཤད་སྟངས་ལ་གཞིགས་ན་ང་ཚོའི་ནང་ནས་ཐབས་སྐྱོ་ཤོས་ཤིག་བཀའ་ཁྲིར་བདམས་པ་ཡིན་པ་འདྲ། ཐེ་བོ་ཤེར་རྒྱམ་གྱི་སེམས་ཚོར་ལ་གུས་བཀུར་ཡོད། འོན་ཀྱང་སྐྱེས་ཀླུའི་གོ་རྒྱུ་མེད་པའི་གཏམ་ལ་རིན་ཐང་ཅི་ཞིག་ཡོད། བཀའ་ཁྲིས་༢༠༠༨་ཀྱི་ལས་འགུལ་ལ་བསྐྱར་ཞིབ་དང་རྒྱལ་སྤྱིའི་བདེ་འཇགས་སྟེང་དུ་འཇོག་ཐུབ་རྒྱུའི་འབད་བརྩོན་ཞུ་གི་ཡིན་ཞེས་བརྗོད་པ་དེ་མིང་དོན་མཚུངས་པ་ཞིག་རེད།
དྲ་གྲོགས་ཚོ་ཡོང་ནས་བསམ་ཚུལ་བཤད་པར་དགའ་ཡོད། ལྷག་པར་ཏུ་གྲོགས་སྐྱེས་སར་ཀླུ་སྒྲུབ་ལགས་ཡོང་ནས་བསམ་ཚུལ་རིང་པོ་ཞིག་བཤད་པར་དེ་བས་ཀྱང་དགའ་ཡོད། ང་ཚོ་ཚང་མས་བཀའ་ཁྲི་ལ་གཟབ་ནན་གྱིས་བལྟ་དགོས་པ་དང་། བསམ་འཆར་ཡང་མང་ཙམ་བཤད་དགོས་འདུག།
སྐར་མདའ་ནི་རི་བུང་གི་སྐྱལ་རང་རེད་་་་་འདུན་རྒྱབ་ཚང་མ་ལ་ལྟོས་ན་ཡག་གི་རེད་ད་ཚིག་སྙན་པ་དང་འདྲ་ཆག་པ་ཙམ་གྱིས་ཡོང་གི་མ་རེད་དོ་
སྐུ་ཞབས་སྐྱེས་ཀླུའི་བསམ་ཚུལ་དེ་སྤྱི་བཏང་བྱེད་ན་ཡག་པོ་འདྲ་འདུག་གནས་ལུགས་ཀྱང་མེད་པ་མ་རེད་ཡིན་ན་ཡང་སྐད་ཆ་དེ་ད་ལྟའི་གནས་སྐབས་ཞིག་ལ་མཚོན་ན་ཅུང་མི་འོས་བ་ཞིག་ཡིན་པ་འདྲ་གང་ཡིན་བྱས་ན་དེང་སང་གི་གནས་བཏང་འཛའ་དྲག་པའི་སྐབས་འདི་ལྟ་བུ་ཞིག་ལ་དབུ་ཁྲིད་དང་དབུ་འཛིན་མི་མང་ཚང་མ་རྡོག་རྩ་གཅིག་ཏུ་ཡོད་དགོས་བ་ལས་གཅིག་གི་གཅིག་ལ་སྐྱོན་འཛུར་བྱེད་པའི་དུས་མིན་པ་སྐུ་ཞབས་ལགས་ཀྱི་མཁྱེན་ཡོད་དམ་ལྷག་པར་ཏུ་བོད་ནང་གི་བོད་མི་ཚང་མའི་དབུ་ཁྲིད་མཆོག་ལ་གདུང་འཇོགས་ཡག་པོ་ག་འདྲ་ཤིག་བྱེད་ཀྱིན་ཡོད་པ་མཁྱེན་ཡོད་དམ་་་་རྩ་བའི་ཆ་ནས་སྐུ་ཞབས་ཁྱེད་རང་འཇིག་རྟེན་དུ་མི་ལ་སྐྱོན་འཛུར་བྱེད་དུ་ཡོང་བ་འདྲ་ངོ་མ་ཡིན་ངས་ཀྱང་སྐུ་ཞབས་ཁྱེད་རང་གི་གནས་ཚུལ་མང་པོ་ཞིག་ཨ་གོ་གི་ཡོད་་་་་སྡད་ས་ནས་སྡད་མི་ཐུབ་པ་བཟོ་ཡོང་
སྐྱེས་སར་ཀླུ་སྒྲུབ་ཀྱི་བསམ་ཚུལ་དེར་རྒྱབ་སྐྱོར་ཆེན་པོ་ཡོད། དྲང་བདེན་དང་གནས་ལུགས་གཉིས་ཀ་གཞི་གཅིག་ལ་འདུས་འདུག བཀའ་ཁྲི་འདིའི་སྤམ་བཤད་ཚང་མ་ཁོའི་འོས་ཤོག་ཁོ་ནའི་ཆེད་དུ་རེད། དེ་ནི་བཀའ་ཁྲིའི་སྔ་རྗེས་ཀྱི་གཏམ་བཤད་དག་ལ་ཞིབ་འཇུག་ནན་པོ་བྱས་ཤེས་ཡོང་།
རིང་ནས་འདྲེས་པའི་གྲོགས་མཁྱེན་ཡངས་ཤེས་རབ་རྒྱ་མཚོའི་མདུན་སར།
སྤྱིར་ཁྱེད་ཀྱི་མཁྱེན་དཔྱོད་དང་། ལྷག་བསམ། དྲང་བདེན་བཅས་ཀྱི་བཞེང་ཕྱོགས་དེར་རང་ངོས་ནས་གུས་ཞབས་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་དེ་སྔོན་ནས་ད་ལྟའི་བཀའ་ཁྲིའི་ཐད་འུ་གཉིས་ལྟ་ཚུལ་མི་མཐུན་པ་ཇི་བཞིན། ད་ལྟ་ཡང་བསྐྱར་གླེང་མོལ་ཞིག་བྱེད་འདོད་བྱུང་བ་དེའང་། ལྟ་ཚུལ་མ་མཐུན་པས་ཡིན། ངས་ད་ལྟའི་བཀའ་ཁྲི་འདི་རྐུབ་སྟེགས་སྟེང་མ་སླེབས་གོང་ནས་ཁོ་ལ་དགོས་པ་དེ་བཀའ་ཁྲིའི་རྐུབ་སྟེགས་ལས། གོ་གནས་དེར་སླེབས་རྗེས་
སྤྱི་དོན་ཆེད་ལས་དོན་དམིགས་བསལ་བ་ཅི་ཞིག་བྱེད་ཐུབ་མིན་ལ་དེ་ཙམ་མ་བལྟས་པ་དང་། བལྟས་ཀྱང་དེ་ཕལ་བ་ལས་གཙོ་བོར་བཞག་མེད་པར། ཨང་དང་པོ་དེ་རང་ཉིད་བཀའ་ཁྲི་ཆགས་ཐབས་ལ་འབད་བརྩོན་བྱེད་རྒྱུ་གཙོར་བཟུང་གིས་གཏམ་གླེང་འདྲ་མིན་བྱས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ལ་དེ་ནི་མང་ཚོགས་བསླུ་བྲིད་བྱས་པ་རེད་ཅེས་ཤོད་ཀྱི་ཡོད། དེའི་གྲས་ནས་གཅིག་ནི་རང་ཉིད་བཀའ་ཁྲི་ཆགས་མཚམས་རྒྱ་གཞུང་ཁྲིམས་ལ་སྐྱེལ་རྒྱུའི་སྐད་ཆ་དེ་རིགས་རེད། མི་མང་པོ་ཞིག་གིས་ཁོའི་སྐད་ཆ་དེ་ཚོར་དོན་སྙིང་ཞིག་ཡོད་སྙམ་གྱིས་འོས་ཤོག་འཐོབ་པར་ཧུར་བརྩོན་ཅི་ནུས་བྱས་ཡོད། ལར་ནས་ཁག་ཅིག་གིས་འུ་ཚུགས་མཁྲེག་འཛིན་གྱིས་བློ་བཟང་སེངྒེ་བཀའ་ཁྲིར་མ་སླེབས་ཚེ་བོད་མི་ཕལ་མོ་ཆེ་དྲང་བདེན་མིན་པའི་ལྟ་ཚུལ་བཟུང་བ་ཁྱེད་ཀྱིས་ཀྱང་ལོས་ཤེས། འོན་ཀྱང་ད་ལྟའི་ཆར་སྔར་རེ་བ་བྱེད་མཁན་དང་ཞེན་ཕྱོགས་བྱེད་མཁན་ཚོའི་མིག་སྔར་ཁོ་ལ་ཁྲིམས་སྦྱང་བའི་རིག་ལམ་དམིགས་བསལ་བ་ཞིག་དང་། ན་གཞོན་པའི་སྐྱེས་སྟོབས་གསར་པ་ཞིག ཉམས་མྱོང་ཡོད་པ་མངོན་འགྱུར་ཡོང་རྒྱུ་སོགས་གང་ཡང་མེད་པར་གནས་ནས་ཡོད་སྐབས་འདིར་ཁྱེད་ཀྱིས་དྲི་བ་ཁག་ཅིག་བཏོན་པ་དེ་ངས་བལྟས་ན་ལན་མེད་པའི་དྲི་བ་ཞིག་ལས་མ་འདས་ལ། ཅི་སྟེ་ལན་ཞིག་སྤྲད་ཚེ་དེ་སྔ་ཁྱེད་ཚོས་ང་འདིར་སླེབས་བཅུགས་པ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཙམ་ལས་ཅི་ཞིག་ཡོད་་་་་
སྤྱིར་རང་རེ་བོད་མི་ཚོས་རྒྱ་གཞུང་ཁྲིམས་ལ་སྐྱེལ་ན་དང་ཐོག་ཁྲིམས་ཁང་གང་ལ་ཞུ་གཏུགས་བྱ་རྒྱུ་ཡིན་ནམ། དེ་སྔ་ཐེངས་འགའ་སུ་པན་ནས་རྒྱ་གཞུང་ལ་ཁ་མཆུ་བཙུགས་པ་ལྟ་བུ་བྱེད་རྒྱུ་རེད་དམ། ཡང་ན་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་གཏུག་བྱེད་རྒྱུ་རེད། ཞུ་གཏུག་དང་ཁ་མཆུ་དེ་རིགས་ཀྱིས་ནུས་པ་ཅི་ཙམ་ཐོན་གི་རེད། ད་ལྟའི་ཆར་སིའུ་རི་ཡའི་ནང་མི་སེར་སྟོང་ཕྲག་མང་པོ་ཤི་རྨས་ཐེབས་ཡོད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་ཁོངས་གཏོགས་རྒྱ་ནག་དང་། ར་ཤི་ཡས་མོས་མཐུན་མེད་སྟབས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཅི་ཡང་བྱེད་མ་ནུས་པར་སིའུ་རི་ཡའི་མི་སེར་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཟས་གོས་ཙམ་གྱིས་སྐྱོབ་གསོའི་འོག་གནས་ནས་ཡོད་པ་ལས་གཞན་བྱེད་ཐབས་གང་ཡང་མ་བྱུང་བར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེད་བསྐོས་འབྲེལ་མོལ་སྐུ་ཚབ་ཀོཧྥི་ཨ་ནན་དགོངས་ཞུ་བྱས་པ་སོགས་ཀྱི་གནས་ཚུལ་ལ་བལྟས་ན་བློ་བཟང་སེངྒེས་སྐད་ཆ་དེ་རིགས་ལ་ནུས་པ་དང་། ཚད་ཅི་ཙམ་ཞིག་འདུག་རང་བཞིན་གྱིས་ཤེས་མི་ཐུབ་བམ། ཡིན་ནའང་གནད་དོན་འདིའི་རྒྱབ་མདུན་ཚང་མ་ཁོས་སྔ་ས་ནས་ཤེས་ཀྱི་ཡོད་རུང་། ལྷག་བསམ་རྣམ་དག་གིས་ཡིད་ཆེས་དང་། རྨོངས་དད་པ་རྣམས་ཀྱིས་གཞི་ནས་ཤེས་པ་དང་། ཤེས་བཞིན་པ། ཤེས་པར་འགྱུར་བ་ཙམ་དུ་ངེས་པ་འདི་ཅུང་ཐབས་སྐྱོ་བ་ཞིག་ཡིན་ནོ།།
འཕྲིན་ཡིག་འདི་ཕྱི་མ་དྲག་ན་ཡང་སྔ་མ་དྲག་པའི་དོན་སྙིང་ལྡན་པ་ཞིག་འདུག།
མ་ཟད་གནས་ཚང་ལགས་ཀྱིས་ཇུས་བཀོད་དེས་ཀྱང་གཡང་རྩིའི་སྒང་གི་ཡར་སྒྲོན་རང་རེད། རྒྱབ་བསྐྱོར་བརྒྱ་ཆ་བརྒྱ་ཡོད།
དོན་འདུས་གནས་ཚང་ཞིག་བྲིས་འདུག ལས་འགུལ་སྤེལ་སྟངས་དམིགས་བསལ་བ་ཞིག་ཀྱང་རེད། རྒྱབ་སྐྱོར་ཞུ།
འཕྲིན་ཡིག་ལ་གུས་བརྩི་དང་རྒྱབ་སྐྱོར་ཡོད།
ཨ་ཁུ་ཤེར་ཁོ་ང་ཡང་ཡོང་ཡོད།
༅། ང་རང་བོད་ནང་ཡོད་དུས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་ཁྲིམས་དེབ་ཆུང་ཆུང་ཞིག་ལག་སོན་གྱི་ལྟ་མྱོང་། དངོས་གནས་དེའི་ནང་དོན་གཏན་འབེབ་ནི་རྨི་ལམ་སྐྱིད་པོ་ཞིག་བཏང་ཏེ་བྲིས་འདུག་སྙམ་གྱི་ཡོད། དེ་ནི་སྐབས་དེའི་ང་རང་བཙན་གནོན་གྱིས་ཁོར་ཡུག་དེའི་བསམ་བློའི་མཐོང་ཚུལ་ཞིག་ཡིན་པ་དང་། འཛམ་གླིང་རང་དབང་མང་གཙོའི་ལུང་པའི་འགྲོ་བ་མིའི་སྤྱི་སྙོམས་ལྟ་ཚུལ་གཏན་འབེབ་ཀྱི་ཁྲིམས་ལུགས་སོགས་ཀྱིས་སྙོམ་གྱི་མེད་པ་དེ་ད་ཆ་ཞིག་ནས་ཚོར་སྣང་ཆེན་པོ་ཡོང་གི་འདུག
ཉེ་ཆར་བཀའ་བློན་ཁྲི་པའི་ཁྲིམས་ལུགས་སྐོར་གྱི་ཚོགས་འདུའི་གཏམ་བཤད་ཞིག་གི་ནང་རྒྱལ་སྤྱིའི་ཁྲིམས་ལུགས་གཏན་འབེབ་དེ་ཚོས་དཔལ་འབྱོར་ཚོང་རའི་ནང་གང་ཙམ་ཞིག་མ་གཏོགས་རྒྱལ་སྤྱིའི་ཁྲིམས་ཀྱི་ནུས་པ་ཐོན་གྱི་མེད་པ་གསུང་པ་ཞིག་མཐོང་སོང་།
རྒྱ་དཔོན་ཚོ་ཁྲིམས་གཏུགས་ཕར་ཞོག བོད་དོན་འཐབ་རྩོད་གཡུགས་ཤོག བཀའ་ཤག་གསར་བས་རྡ་སའི་གཡས་གཡོན་གྱི་མ་ཎི་དང་དར་ཅོག་ཚོ་ལའང་བདག་རྒྱག་ཐུབ་ཀི་མེད་ཚོད་རེད། ཁྲིམས་ལུགས་མཁས་དབང་ཡིན་ཁྲིམས་རྩོད་པའི་དུས་ཚོད་སླེབས་ཤག
ད་ནི་བཀའ་ཁྲི་གསར་བ་འང་གསལ་བོར་མཐོང་སོང་།
འཕྲིན་ཡིག་འདི་ཧ་ཅང་གི་ཡག་པོ་འདུག རྒྱབ་བསྐྱོར་བརྒྱ་ཆའི་བརྒྱ་ཐམ་པ་ཡོད། ཚང་མ་ལོས་མཚན་རྟགས་བསྐྱོན་རོགས་ཞེས་འབོད་སྐད་ཀྱང་ཞུ་གི་ཡིན།