མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀོ་ཀྲི་ཧྲིན་གློད་དགོས་པའི་གྲོས་གཞི།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བའི་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ཀྱིས། རྒྱ་གཞུང་གིས་ཀོ་ཀྲི་ཧྲིན་གང་མགྱོགས་ཀློད་གྲོལ་དགོས་པའི་གྲོས་གཞི་བཏོན་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་དམངས་གཙོ་ཚོགས་པའི་འཐུས་མི་བྷར་བྷ་རཱ་དང་( Barbara Boxer)དང་། སྤྱི་མཐུན་ཚོགས་པའི་འཐུས་མི་ཇའོ་ཧོན་(John Corning)རྣམ་གཉིས་ཀྱིས་མཉམ་དུ་གྲོས་གཞི་ཞིག་བཏོན་ཏེ། ད་ལྟ་བཙོན་འོག་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཀོ་ཀྲི་ཧྲིན་རྒྱ་གཞུང་གིས་གང་མགྱོགས་ཀློད་གྲོལ་གཏོང་དགོས་པ་མ་ཟད། ཀོ་ཀྲི་ཧྲིན་རང་ཉིད་ཀྱི་བློ་འདོད་གཞིར་བཟུང་ཨ་རིར་ཡོང་བཅུག་སྟེ་བཟའ་ཟླ་དང་བུ་ཕྲུག་ལྷན་འཛོམས་བྱ་དགོས་པ་བརྗོད་འདུག  

ཉིན་དེར་རང་དབང་ཞེས་པའི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གསར་འཛུགས་གནང་མཁན་ཇའོ་སའེ་ཧྥེ་ (Joseph)ལགས་ཀྱིས་ཀྱང་བསྒྲགས་གཏམ་ཞིག་སྤེལ་ཏེ། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིས་ཆབ་སྲིད་ཤོག་ཕན་ཚུན་གྱི་རྒྱ་ལས་བརྒལ་ཏེ། མཉམ་འབྲེལ་ཐོག་གྲོས་གཞི་དེ་འདྲ་ཞིག་བཏོན་པར་བསྔགས་བརྗོད་དང་། མ་འོངས་པར་གྲོས་གཞི་དེར་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་ཐོབ་རྒྱུའི་རེ་སྐུལ་དང་། དེ་བཞིན། ཁོང་གིས་རྒྱ་གཞུང་གིས་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཀོ་ཀྲི་ཧྲིན་ཀློད་གྲོལ་གཏོང་དགོས་པ་བརྗོད་འདུག

ཀོ་ཀྲི་ཧྲིན་ནི་རྒྱ་ནག་ནང་སྙན་གྲགས་ཅན་གྱི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཞིག་ཡིན་ལ། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་དང་ཆོས་འཁོར་རྩ་རླུང་སྒོམ་སྒྲུབ་པ་དག་གི་ཁེ་དབང་སྲུང་ཆེད་ཁྲིམས་རྩོད་བྱས་པའི་རྐྱེན་གྱིས། རྒྱ་གཞུང་གིས་སྔ་ཕྱིར་ཁོང་ལ་འཇིགས་སྐུལ་གཅར་རྡུང་བྱས་ཡོད་པ་མ་ཟད། ༢༠༠༥ ལོ་ནས་བཟུང་སྟེ་ཁོང་གི་ཁྲིམས་རྩོད་པའི་ལག་ཁྱེར་རྩིས་མེད་དང་། ཉེས་མིང་སྣ་ཚོགས་བཏགས་སྟེ་འཇུ་བཟུང་བཙོན་འཇུག་འོག   ཐེངས་མང་པོར་གར་ཡོད་ཆ་མེད་དུ་གྱུར་བའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༤ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༤ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༥ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 3

  1. ནོར། says:
    ལོ་ 14 སྔོན།

    དེ་ནི། ང་ཚོས་ད་ལྟའི་བར་དུ་ཁ་ཕར་འཁོར་ནས་སྐད་ཆ་བཤད་ཤེས་པ་མ་གཏོགས། ཁ་ཚུར་འཁོར་ནས་བསམ་གཞིགས་གཏོང་མི་ཤེས་པའི་དབང་གིས་བྱུང་བ་རེད། ང་ཚོས་བོད་ནང་གི་འཐབ་རྩོད་པ་རེ་རེའི་མི་ཚེ་ལོ་རྒྱུས་དང་། དམིགས་ཡུལ། འཚོལ་སྙེགས། ཤེས་ཡོན་གནས་ཚད། འཐབ་རྩོད་ཀྱི་བརྒྱུད་རིམ་རེ་རེ་ཞིབ་ཕྲའི་སྒོ་ནས་འཛམ་གླིང་གི་ཚོགས་སྡེ་ཁག་ལ་མཁོ་སྤྲོད་བྱེད་ཤེས་རྒྱུ་ཕར་ཞོག ཐ་ན། ག་རེ་ཡིན་ནམ། ཞེས་བསམ་གཞིགས་ཕྲན་ཙམ་མེད་པར་ཁ་ནས་གང་བྱུང་དུ་ཕ་རོལ་བོར་དྲི་བ་འཁོད་མཁན་འུ་ཅག་བོད་པ་རང་ཚོས་ཀྱང་། བོད་ནང་གི་འཐབ་རྩོད་པ་དག་གིས་ལོ་རྒྱུས་གནས་སྟངས་མག་མོག་ཙམ་དང་། ཐ་ན་ཕལ་ཆེ་བས་དེ་ཙམ་ཡང་ཤེས་ཀྱིན་ཡོད་པ་མ་རེད། དེ་ལྟ་བུའི་ཞི་གཏུགས་ཤིག་ལ་གཞན་གྱིས་ཅི་ལྟར་བདག་པོ་རྒྱག་དགོས་པ་རེད། མ་གཞི་ཕྱི་རོལ་རྒྱུ་རྐྱེན་སྣ་ཚོགས་པ་ཡོད་ནའང་། བརྒྱ་ཆའི་དགུ་བཅུ་གོ་དགུ་ནི་ང་ཚོ་རང་གིས་མ་འཇོན་པས་རེད་ལོ།

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ད་བར་རྒྱ་གཞུང་གི་སྡུག་རྩུབ་ཆེ་བའི་སྲིད་བྱུས་ལས་བོད་ནང་རང་ལུས་མེར་བསྲེགས་དཔའ་བོ་ལྔ་བཅུ་ལྷག་ནི་བཙན་བྱོལ་རེ་བཅོལ་ཕུགས་བཅོལ་བྱ་རྒྱུའི་ཨ་རིའི་གྲོས་ཚོགས་ནང་གྲོས་ཆོད་འཁྱེར་འཇོག་མི་ཐུབ་པ་རྒྱུ་མཚན་གང་ཡིན་ནམ། ཡང་ན་སྲིད་དོན་སྣེ་འཁྲིད་དེ་ཚོར་ངེད་ཚོའི་མགྲིན་ཚབ་པས་གོ་བརྡ་སྤྲད་མི་ཐུབ་པའམ་ཡང་ན་འཇོན་མེད་དམ། རྒྱུ་དངོས་སྤྲོད་དགོས་ཀྱི་ཡོད་དམ།

    Reply
  3. བསེ་རུ། says:
    ལོ་ 14 སྔོན།

    ང་ཚོ་བོད་མི་སྟོང་ཕྲག་མང་པོ་འཛིན་བཟུང་དང་། བཙོན་འཇུག མནར་གཅོད་དང་རྡུང་རྡེག་སོགས་ཡ་ང་བའི་གནས་སྟངས་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་ཀྱང་། དེ་དག་མ་མཐོང་བར་རྒྱ་མི་ཁྲིམས་རྩོད་པ་གཅིག་ལ་ཨ་རིའི་གྲོས་ཚོགས་མན་ནས་རྒྱབ་སྐྱོར་དེ་འདྲ་གནང་དགོས་དོན་རྒྱུ་རྐྱེན་གང་ལ་ཐུག་པ་རེད་དམ།

    བོད་མིའི་ཡ་ང་བའི་གནས་སྟངས་རྣམས་ནམ་ཡང་མཐོང་ཡང་མ་མཐོང་བའི་ཁུལ་དུ་འཇོག་རྩིས་རེད་དམ།

    ཕུར་བའི་མ་རེད། ཕུར་བུའི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese