མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དོན་འགྲུབ་དབང་ཆེན་ལ་གཟེངས་རྟཊ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལ་ ༢༠༡༢ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ཐོབ་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པས་ (Committee to Protect Journalist) ༢༠༡༢ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ (International Press Freedom Awards) ཐོབ་མཁན་གསར་འགོད་པ་བཞིའི་མིང་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེ་དག་ནི། བྷི་རཱ་ཛལ་ནས་ཡིན་པ་མའུ་རེ་ཀོོ་ནེཀ་ (Mauri Konig) དང་ཁཱ་ཛ་ཀི་སི་ཐན་ནས་ཡིན་པ་ཨ་ཛེམ་ཇོན་(Azimjon Askarow)། ལེ་བྷི་རེ་ཡའི་མའེ་ཨ་ཛན་གྷོ་(Mae Azango)། བོད་མི་དོན་འགྲུབ་དབང་ཆེན་བཅས་ཡིན་འདུག

རྒྱལ་སྤྱིའི་གསར་འགོད་རང་དབང་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་ཇོལ་སེ་མོན་ (Joel Simon) གྱིས།  “གསར་འགོད་པ་འདི་དག་གིས་བདེན་པའི་ཆེད་དུ་རླབས་ཆེན་གྱི་ལས་དོན་བསྒྲུབས་པ་དེས་ང་ཚོར་བློ་སྟོབས་བསྩལ་བྱུང་། ཨ་ཛེམ་ཇོན་དང་དོན་འགྲུབ་དབང་ཆེན་གཉིས་ཀྱིས་ཛ་དྲག་གནས་སྟངས་སྐོར་གསལ་བསྒྲགས་བྱས་རྐྱེན་འཇུ་བཟུང་བཙོན་འཇུག་བྱས་ཡོད། ཁོང་གཉིས་ལ་རང་དབང་མ་ཐོབ་པར་དུ་ང་ཚོ་རང་དགར་འདུག་གི་མིན་ ” ཞེས་བརྗོད་འདུག

ཨ་ཛེལ་ཇོན་གྱིས་ཁཱ་ཛ་ཀི་སི་ཐན་ནང་གི་དཔོན་རིགས་ཚོའི་ལྐོག་ཟ་རུལ་སུངས་དང་སྡུག་སྤྱོད་སྐོར་ཕྱིར་བསྒྲགས་བྱས་རྐྱེན་འཇུ་བཟུང་གིས་ཚེ་བཙོན་དུ་བཅུག་ཡོད་པ་དང་། དོན་འགྲུབ་དབང་ཆེན་གྱིས་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་བོད་མི་ཚོའི་དཀའ་སྡུག་དང་མངོན་འདོད་གློག་བརྙན་དུ་ཕབ་ལེན་བྱས་རྐྱེན། རྒྱ་གཞུང་གིས་འཇུ་བཟུང་བྱས་ཏེ་ལོ་དྲུག་གི་ཁྲིམས་ཐག་བཅད་ཡོད།

འབྱུང་འགྱུར་ཕྱི་ཟླ་ ༡༡ པའི་ཚེས་ ༢༠ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་གོང་གི་གསར་འགོད་པ་བཞི་ལ་རྒྱལ་སྤྱིའི་གསར་འགོད་རང་དབང་གི་གཟེངས་རྟགས་ཐེངས་ ༢༢ པ་དེ་སྤྲོད་རྒྱུ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 12 སྔོན།

    ཧ་ཅང་བཟང་། དེ་ནི་མི་བོ་ཁོང་དང་ཁོང་ལ་རྒྱབ་སྐྱོར་བ་ཚོའི་གྲུབ་འབྲས་ཞིག་རེད། ལམ་བུ་འདི་བརྒྱུད་ནས་ཁོང་དང་འདྲ་བའི་བོད་ཞེན་བཙོན་པ་ཚོའི་ལམ་བུ་གསར་པ་ཞིག་གང་མགྱོགས་གཏོད་པར་རེ།།

    Reply
  2. ཀླུ་སྨྱོན། says:
    ལོ་ 14 སྔོན།

    བྱ་དགའ་འདི་རིགས་ཀྱིས་སྐབས་རེར་འབུལ་ཡུལ་དེའི་གནས་སྟངས་སྡུག་ཏུ་གཏོང་བ་ཡང་འདུག གང་ལྟར་ཐལ་མོ་རྡེབ་རྒྱུ་རང་རེད།

    Reply
  3. བྱ་གཞུང་འཇམ་བྷེ says:
    ལོ་ 14 སྔོན།

    ཡག་པོ་བྱུང་འདུག

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དོན་འགྲུབ་དབང་ཆེན་མྱུར་དུ་བཙོལ་གྲོལ་ཐོབ་པའི་སྨོན་ལམ་ཡོད།

    Reply
  5. བཙན་ནག་པས། says:
    ལོ་ 14 སྔོན།

    འཚམས་འདྲི་བཀྲིས་བདེ་ལེགས་ཞུ།

    Reply
  6. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    དོན་གྲུབ་དབང་ཆེན་བསམ་པ་འགྲུབ་པར་ཤོག
    གཞི་ལུས་བོད་མིར་རང་དབང་ཐོབ་པར་ཤོག

    Reply
  7. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    འཚམས་འདྲི་བཀྲིས་བདེ་ལེགས་དང། བཙན་བྱོལ་ནང་གི་ཆབ་སྲིད་ཚོགས་པ་ཁག་གི་ལས་འགུལ་ནང་ཁོང་ནི་མངོན་གསལ་དེ་ཙམ་མི་མངོན་རུང་རྒྱལ་སྤྱིའི་གསར་འགོད་ནས་གཟེངས་རྟགས་གནང་བ་དེས་བོད་དོན་ཐོགས་སྔར་ལས་དོ་སྣང་བྱ་མཁན་མང་བ་ཡོང་ངེས། ཁོང་གཟུགས་གཞི་བདེ་ཐང་ཐོག་རང་དབང་ཐོབ་པར་ཤོག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese