མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་དུང་མི་ལོ་ལྔ་བཅུ་ལྷག་ཡུལ་གྱར་དུ་སྡོད་དགོས་པའི་གནས་སྟངས་མཐོང་གི་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འཚོགས་ལ་ཉེ་བའི་སྐབས་འདིར། འདི་གའི་གསར་ཁང་གིས་ཚོགས་ཆེན་གྱི་གྲོས་གཞི་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག ས་རཱ་མཐོ་སློབ་ཀྱི་རྩོམ་རིག་དང་བརྡ་དག་དགེ་རྒན་ངག་དབང་རྡོ་རྗེ་ལཊ་སུ་ཡིག་ཐོག་གི་དྲི་བ་བཏང་བར་ལན་འདེབས་གནང་ཡོད།

དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་ཅི་ལྟར་བྱེད་དགོས་སམ།

ལན། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ང་ཚོས་འདི་ནས་མཐོང་བ་དང་ཐོས་པ་ལས་ལྷག་པ་ཞིག་ད་ལྟ་བོད་མདོ་དབུས་ཁམས་གསུམ་དུ་བྱུང་དང་འབྱུང་བཞིན་ཡོད་ཀྱང་། ང་ཚོས་ཡུལ་དུས་གནས་བབ་དང་། འགལ་རྐྱེན་སྣ་ཚོཊ་ཤིག་གི་དབང་གིས་མཐོང་མི་ཐུབ་པ་དང་། གོ་མི་ཐུབ་པ། རྟོཊ་མི་ཐུབ་པའི་ཡ་ང་ཡིད་སྐྱོའི་གནས་སྟངས་ཉིན་དང་མཚན་སྦྲེལ་ནས་ཡོང་གི་ཡོད་པ་ནི་ཟུར་བལྟས་ལེབ་མཐོང་རེད། དྲི་བ་འདི་དང་འབྲེལ་ནས་ཞུས་ན། དོན་དམ་གྱི་གདོང་ལེན་གནང་མཁན་ནི་གོ་མཚོན་སྣ་ཚོགས་ཀྱི་ཁ་གཏད་དུ་སྒྲེང་ཞིང་།ཞི་བའི་ངང་བདེན་དོན་གྱི་འབོད་སྒྲ་སྒྲོག་མཁན་གཞིས་བཞུགས་བོད་མི་ཚོ་རེད། ཁོང་རྣམས་བོད་ནང་དུ་ཉིན་འཁྱོལ་ཡང་མཚན་མི་འཁྱོལ། མཚན་འཁྱོལ་ཡང་ཉིན་མི་འཁྱོལ་བའི་གནས་སྟངས་སུ་གྱར་དང་གྱར་བཞིན་ཡོད།མདོར་ན།བོད་ས་ཁྱོན་ཡོངས་དམག་གི་རྟེན་གཞི་ཆེན་པོ་ཞིག་ཏུ་འགྱུར་བཞིན་ཡོད་ཅིང་། གཡུལ་ས་དེར་ལྷག་པའི་གོ་མཚོན་མེད་པའི་དམག་མི་ནི་གཞིས་ལུས་རྒྱ་ཆེའི་མི་མང་ཆཊ་ཡོད།

ང་ཚོ་བཙན་བྱོལ་དུ་གནས་པའི་གཞུང་དམངས་ཚང་མས་གནད་དོན་དེར་གདོང་ལེན་འདི་དང་དེ་བྱེད་དགོས་ཞེས་ཞིབ་ཕྲ་ཤོད་དཀའ་ཡང་། ༸གོང་ས་མཆོག་གི་བཀའ་དགོངས་ལྟར། རེ་བ་བཟང་ས་དང་གྲ་སྒྲིག་སྡུག་ས་ནས་རྒྱག་དགོས་པ་དེ་གནད་འགག་ཆཊ་འདུགང་ཚོས་རེ་བ་བཟང་ས་དེ་ཅི་སྟེ། ལོ་གཅིག་ལོ་གཉིས་ནང་བོད་གཞིས་བྱེས་ལྷན་འཛོམས་བྱེད་ཐུབ་པའམ་ཉེ་ས་ནས་བཤད་ན་སང་ཉིན་བོད་དུ་ལོག་ཐུབ་པའི་རེ་བ་རྒྱག་པ་དང་དེ་ལྟར་ཡོང་རྒྱུར་དཀའ་སྤྱད་འབད་བརྩོན་སྣེ་མང་བྱེད་དགོས། དེ་ལས་ལྡོག་སྟེ་གྲ་སྒྲིག་སྡུག་ས་བྱེད་དགོས་པ་ནི་གལ་ཆེའི་ནང་གི་དོན་ཆེན་ཞིག་ཏུ་མཐོང་སྟེ། དེ་ལྟར་མ་བྱས་ན་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་ལོ་རྒྱུས་ཀྱི་དཀའ་རྙོག་དང་། ཆབ་སྲིད་ཀྱི་འཐབ་རྩོད། ཕན་ཚུན་གྱི་འགལ་ཟླ། མི་རིཊ་དང་མི་རིཊ་བར་གྱི་དཀའ་ངལ་དེ་ཕྱོཊ་གཅིག་པུས་འབད་བརྩོན་བྱས་ནས་སྒྲུབ་ཐུབ་པ་ཞིག་མིན་ཏེ། དཔེར་ན་ལག་པ་གཅིག་གིས་ཟློག་པ་མི་ཡོང་བའི་དཔེ་ལྟར་ཆཊ་ཡོང་གི་ཡོད་པ་རེད། ངའི་བསམ་པར་ད་ལྟའི་རྒྱ་བོད་གཉིས་འབྲེལ་ལམ་གྱི་གནས་སྟངས་དང་། རྒྱ་ཕྱོཊ་ཀྱི་ཕུཊ་རྒྱང་རིང་པོའི་འཆར་གཞི། ད་ལྟའི་བོད་དོན་ཐོག་འཛིན་པའི་སྲིད་བྱུས། བཙན་བྱོལ་སྤྱི་ཚོཊ་ཀྱི་ཆབ་སྲིད་ལངས་ཕྱོཊ། བོད་མི་ཚོའི་ཆབ་སྲིད་ཀྱི་གོ་རྟོཊ། རྒྱལ་སྤྱིའི་སྤྱི་ཚོཊ་ཀྱི་རྒྱབ་སྐྱོར་ནུས་པ་སོཊ་ཕྱོཊ་གང་ནས་བསམ་ནའང་ད་དུང་གཞིས་བྱེས་ལྷན་འཛོམས་ཀྱི་ལོ་ཟླ་དེ་ཇེ་རིང་ནས་ཇེ་རིང་དུ་འགྲོ་སྲིད་བཞིན་ཡོད་པ་རྟོཊ་དགོས་ཀྱི་འདུག ཐད་ཀར་བཤད་ན། ད་དུང་མི་ལོ་ལྔ་བཅུ་ལྷག་ཡུལ་གྱར་དུ་སྡོད་དགོས་པའི་གནས་སྟངས་ཤིག་ཁོ་བོས་མཐོང་གི་འདུག དེར་བརྟེན། བཙན་བྱོལ་གཞུང་དམངས་གཉིས་ཀྱིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདོང་ལེན་བྱེད་པར་ཐོག་མར་བཙན་བྱོལ་སྒྲིག་འཛུཊ་ཀྱི་སྒྲོམ་གཞི་འདི་དང་སྒྲོམ་གཞིའི་ཁྱབ་ཁོངས་སུ་གཏོཊ་པའི་སྤྱི་སྒེར་ཚོགས་པ་ཁག་སྔར་ལས་ཚགས་ཚུད་དང་། སྔར་ལས་ཡར་རྒྱས། སྔར་ལས་སྲ་བརྟན་གཏོང་དགོས། དེ་དང་ཆབས་ཅིག་བོད་ནང་གི་གནས་སྟངས་ལོ་རེ་ནས་ལོ་རེ་དང་། ཟླ་རེ་ནས་ཟླ་རེར་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་གནས་སྟངས་ཁག་རྒྱུས་ལོན་དང་ཤེས་རྟོཊ་ཐུབ་ཆེད་གསར་འགྱུར་བརྒྱུད་ལམ་ཙམ་ལ་རེ་བ་མ་བརྒྱབ་པར་གཞུང་སྒེར་ཚང་མས་དོ་ཁུར་ཆེར་བསྐྱེད་དང་། ཛ་དྲག་གི་གནས་ཚུལ་ཁག་བདེན་པ་དང་། ཁ་གསལ། དུས་ཐོག་ཤེས་རྟོཊ་ཐུབ་རྗེས་རྒྱལ་སྤྱིའི་ཐོག་དྲིལ་བསྒྲཊ་དང་། རྒྱལ་སྤྱིའི་གཞུང་སྒེར་གྱི་ཚོཊ་སྡེ་ཁག་ནས་བོད་ནང་གི་ཛ་དྲག་གནས་སྟངས་སྐྱོབ་ཐབས་ལ་ཞུ་འབོད། རྒྱ་གཞུང་གི་དྲང་བདེན་མ་ཡིན་པའི་བཙན་དབང་དང་མནར་གཅོད་སོཊ་ལ་ངོ་རྒོལ་དང་དེ་དག་མཚམས་འཇོག་དགོས་པ་སོཊ་ལ་བྱ་ཐབས་འདྲ་མིན་དང་། བརྒྱུད་ལམ་འདྲ་མིན་བརྒྱུད་དེ་ལས་འགུལ་སྣ་མང་སྤེལ་ཏེ། གཞིས་ལུས་རྒྱ་ཆེའི་མི་མང་གི་ཕྱི་ལུས་ཀྱིས་མྱོང་བཞིན་པའི་གདུག་རྩུབ་མནར་གཅོད་དང་། ནང་སེམས་ཀྱིས་མྱོང་བཞིན་པའི་བཟོད་དཀའི་སྡུག་བསྔལ་རྣམས་ཞི་ཐབས་སོགས་ལ་འབད་བརྩོན་ཧུར་ཐག་བྱས་ནས་ཁོང་རྣམས་ཀྱི་སྨྲ་བརྗོད་རང་དབང་དང་། འགྲོ་བསྐྱོད་རང་དབང་སོགས་ཁྲིམས་མཐུན་གྱི་རང་དབང་ཁག་ཐོབ་ཐབས་ལ་གང་དགའ་ཅི་ལེཊ་ཀྱི་ཐབས་ལམ་འཚོལ་དགོས་པ་དེ་རེད།

དྲི་བ། དེ་སྔའི་ཚོགས་ཆེན་ཁག་དང་ཐེངས་འདིའི་ཚོཊ་ཆེན་གྱི་གྲོས་ཆོད་ལག་བསྟར་བྱེད་ཕྱོཊ་ཐད་དགོངས་ཚུལ་གང་འདྲ་ཡོད་དམ།

ལན། གྲུབ་འབྲས་ཐོན་ཡོད་མེད་ཀྱི་སྐད་ཆ་འདི་ཚོགས་འདུའི་བྱུང་རིམ་ལ་བསམ་བློ་བཏང་སྟེ་མ་བཤད་རང་བཤད་རེད། སྤྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་ལྟ་བུ་བྱུང་བའི་ཉེར་ལེན་ལས། དམིཊ་བསལ་ཚོགས་ཆེན་ཚོགས་ཐུབ་པ་བྱུང་བ་དང་། ཚོགས་ཆེན་དེ་བརྒྱུད་བཙན་བྱོལ་བོད་མི་སྤྱི་ཡོངས་ཀྱི་གནས་སྟངས་རྒྱུས་ལོན་ཞིབ་ཚགས་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཤེས་རྟོགས། དྲིལ་བསྒྲགས་བྱེད་ཕྱོགས། ད་དུང་ཆབ་སྲིད་དང་དཔལ་འབྱོར། ཆོས་དང་རིག་གཞུང་། ཤེས་ཡོན་དང་འཕྲོད་བསྟེན། གཞིས་ཆགས་སྲ་བརྟན་གཏོང་ཕྱོགས་སོགས་ཀྱི་གནས་སྟངས་མང་པོ་ཞིག་གི་ཐོག་རང་ངོ་རང་ཤེས་དང་། རྒྱུས་ལོན་ཞིབ་ཚགས། ལེགས་སྤེལ་ཉེས་འགོགམ་འོངས་འཆར་འགོད་སོགས་ཕན་ཐོགས་རླབས་ཆེ་བྱུང་ཡོད་སྟབས།༸གོང་ས་མཆོག་གིས་ཀྱང་སྐབས་དེར་གཞི་རྒྱ་ཆེ་ཞིང་བརྗོད་གཞི་སྣ་མང་ཐོག་བགྲོ་གླེང་དང་གོ་བསྡུར་བྱ་རྒྱུའི་ལོ་འཁོར་ལས་བསྡོམས་ཚོགས་ཆེན་དེ་ལྟ་བུ་འབྱུང་འགྱུར་རིམ་པར་ཚོགས་ཐུབ་ན། དགེ་མཚན་ཡོད་སྐོར་བཀའ་སློབ་ལམ་སྟོན་ཕེབས་གསལ་ལྟར། སྤྱི་ལོ་ ༢༠༠༩ ལོའི་ནང་བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་དུས་ཚོགས་དུས་བདུན་པ་དང་བརྒྱད་པ། དགུ་པ་བཅས་སྐབས་སོ་སོར་གྲོས་ཚོགས་སུ་བགྲོ་གླེང་དང་གོ་བསྡུར་རིམ་པར་གནང་མཐར་ཚོགས་ཆེན་བསྡུ་སྐོང་གནང་རྒྱུའི་ལས་རིམ་སྐོར་གྲོས་གཞི་གྲོས་ཆོད་གཏན་འབེབས་གནང་ཐུབ་པ་དང་། གཏན་འབེབས་གནང་བ་ཙམ་མ་ཟད། སྤྱི་ལོ་ ༢༠༡༠ ལོའི་ཟླ་༨ པའི་ནང་དུ་ཉིན་གྲངས་དྲུག་རིང་༼བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ༽ཚོགས་ཐུབ་པ་བྱུང་བ་རེད།འདི་ཚོགས་ཆེན་གཉིས་པ་སྐོང་ཚོགས་གནང་གཏན་འཁེལ་བ་སོགས་ཀྱང་དམིགས་བསལ་ཚོགས་ཆེན་གྱི་གྲུབ་དོན་ནམ་གྲུབ་འབྲས་ཤིག་ཏུ་ངོས་འཛིན་བྱས་ཆོག་གི་རེད་དྲན་ཡོད། འོན་ཀྱང་། ཚོགས་ཆེན་འདི་བཞིན་འཐུས་མིའི་ཡོངས་ཁུངས་གཞི་རྒྱ་ཆེ་ཞིང་། བསམ་ཚུལ་སྣ་ཚོགས་པ་དང་། བརྗོད་གཞི་སྣེ་མང་ཐོག་བགྲོ་གླེང་གནང་རྗེས་ཚོགས་ཆུང་སོ་སོའི་གྲོས་ཆོད་གྲུབ་དོན་ཁག་ལག་ལེན་དུ་སྐྱེལ་སྐབས། གཞུང་གི་ངོས་ནས་གནང་དགོས་པའི་དོན་ཚན་གྱི་རིགས་གཅིག་དང་། བོད་མི་མི་རེ་ངོ་རེའི་ངོས་ནས་སྒྲུབ་དགོས་པའི་དོན་ཚན་གཅིག དེ་མིན་ཚོགས་པ་བྱེ་བྲག་པ་སོ་སོའི་ངོ་བོ་དང་ལས་འགན་གང་ཡིན་གྱི་གནས་བབས་ཐོག་ནས་བསྒྲུབ་དགོས་པའི་རིགས་གཅིག་བཅས་དོན་ཚན་ཆེན་པོ་གསུམ་ཙམ་ཡོད་པས།དེ་དག་དོན་ཐོག་ཏུ་ལག་ལེན་འཁྱོལ་མིན་ནི་བོད་མི་སྤྱི་དང་། འབྲེལ་ཡོད་གཞུང་སྒེར་གྱི་ཚོགས་པ་ཁག་སོགས་ཀྱི་ལས་དོན་མཇུག་སྣོན་གང་ཐུབ་གནང་ངེས་ཡིན་པའི་ཡིད་ཆེས་ཡོད་ལ། དེ་ལྟར་གནང་ཐུབ་པའི་གདེང་སྤོབས་དང་། ཆིག་སྒྲིལ་གྱི་ནུས་སྟོབས། རིགས་ཞེན་གྱི་ལྷག་བསམ་སོགས་མི་ཉམས་པ་གནས་པར་ཡུན་གནས་དགོས་པ་རྩ་དོན་སྒྲུབ་ཐབས་ཀྱི་གོམ་པ་དང་པོ་དེ་རེད་སྙམ།

དྲི་བ། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གཏོང་མཁན་རྣམ་པར། ཕྱི་ཕྱོགས་ནས་དྲན་རྟེན་དང་དྲན་གསོའི་ལས་དོན་གང་འདྲ་སྤེལ་དགོས་པར་མཐོང་གི་ཡོད་དམ།

ལན། འདས་ཉམས་མྱོང་གཞིར་བཞག་སྟེ་ཞུས་ན། ཕྱི་ཕྱོགས་ནས་བོད་ཕྱི་ནང་གཉིས་ཀྱི་ནང་དཔའ་བོ་དཔའ་མོ་སུ་འདྲ་ཞིག་བྱུང་ནའང་ཁོང་རྣམ་པའི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་དང་། རྗེས་དྲན་དྲན་གསོ་བྱ་དགོས་པ་ནི་ང་ཚོ་ཕྱི་རབས་པ་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ཞིག་རེད་ལ། བྱས་པ་དྲིན་གཟོའི་ཐབས་ལམ་ཞིག་ཀྱང་རེད། འོན་ཀྱང་། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོར་དྲན་རྟེན་དང་དྲན་གསོའི་ལས་དོན་རིགས་སྤེལ་ཐབས་མཁས་པོ་མ་བྱུང་ན། ང་ཚོའི་བསྔགས་བརྗོད་ཀྱི་མེ་ཏོག་དང་། བསྟོད་པའི་མཐེ་བོང་ཀེར་སྟངས་དེས་བོད་ནང་གི་བོད་མི་ཚོའི་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད་ལ། དེ་འབྲེལ་གྱི་གཉེན་ཉེ་སྤུན་མཆེད་ཁྱིམ་རྒྱུད་དང་བཅས་པར་ཁ་བྲལ་རིང་ལུགས་པའི་རྒྱུག་ཁྱི་དང་། གསར་བརྗེར་ངོ་ལོག་པ།ལོག་སྤྱོད་པ་སོགས་ཀྱི་ཆབ་སྲིད་ཀྱི་ཞྭ་མོ་ནག་པོ་ཞིག་གཡོགས་ཏེ་ནམ་ཡང་འགུལ་སྐྱོད་མི་ཐུབ་པའི་གནས་སུ་བསྐྱལ་རྒྱུའི་ཉེན་ཁ་ཡང་ཡོད། རྒྱུ་ཆུང་རྐྱེན་ཆེ་དང་། ནག་མེད་ནག་འགེལ།དོན་ཆུང་ཚེགས་ཆེའི་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཉེན་ཡང་ཡོད་པས་དེའི་ཐོག་ལས་འགུལ་སྤེལ་མཁན་དང་གསར་འགྱུར་བརྒྱུད་ལམ་སོགས་ཀྱིས་ཐུགས་བསམ་ནན་ཏན་བཞེས་རོགས་གནང་ཞེས་ཞུ་རྒྱུ་ལས་ལས་དོན་སྤེལ་སྟངས་སྤེལ་ལུགས་ང་ལ་གང་ཡང་ཞུ་རྒྱུ་མེད།

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༦ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༧ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༧ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༨ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 3

  1. འཁྲུངས་སྐར། says:
    ལོ་ 14 སྔོན།

    རྒན་ལགས་ཀྱིས་གསུང་པ་ལ་བལྟས་ན་ཉིན་ཞིག་ཉི་མ་བཟང་པོ་ཞིག་ཤར་གི་རེད་གསུང་གིས་ཡོད་འདུག དེ་ནི་ཧ་ཅང་ཁག་པོ་མ་རེད། གཏན་གཏན་ཡོང་གིས་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་། འོན་ཀྱང་། བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོར་དྲན་རྟེན་དང་དྲན་གསོའི་ལས་དོན་རིགས་སྤེལ་ཐབས་མཁས་པོ་མ་བྱུང་ན། ང་ཚོའི་བསྔགས་བརྗོད་ཀྱི་མེ་ཏོག་དང་། བསྟོད་པའི་མཐེ་བོང་ཀེར་སྟངས་དེས།
    བོད་ནང་གི་བོད་མི་ཚོའི་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད་ལ། དེ་འབྲེལ་གྱི་གཉེན་ཉེ་སྤུན་མཆེད་ཁྱིམ་རྒྱུད་དང་བཅས་པར་ཁ་བྲལ་རིང་ལུགས་པའི་རྒྱུག་ཁྱི་དང་། གསར་བརྗེར་ངོ་ལོག་པ།ལོག་སྤྱོད་པ་སོགས་ཀྱི་ཆབ་སྲིད་ཀྱི་ཞྭ་མོ་ནག་པོ་ཞིག་གཡོགས་ཏེ་ནམ་ཡང་འགུལ་སྐྱོད་མི་ཐུབ་པའི་གནས་སུ་བསྐྱལ་རྒྱུའི་ཉེན་ཁ་ཡང་ཡོད། ་་་་་ཟེར།

    Reply
  3. མི་ཆུང་། says:
    ལོ་ 14 སྔོན།

    ཡག་པོ་གསུངས་འདུག གུས་བརྩི་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese