མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མཐོ་སྒང་གི་ངོ་བོ་འགྱུར་ཚུལ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཛམ་ལྷ་བསྟན་པ་རྒྱལ་མཚན། ཕྱི་དྲིལ་ཁོར་ཡུག་ཚན་པ།

ཉེ་བའི་ལོ་རབས་ནང་ཚན་རིག་པ་རྣམས་ཀྱི་བོད་འདི་ས་ཡི་གོ་ལའི་ཡང་རྩེར་གྱུར་བའི་མཐོ་སྒང་གཞི་རྒྱ་ཆེ་ཤོས་དེ་ཡིན་པ་ཤེས་རྟོགས་བྱུང་བ་ལྟར། གངས་ཅན་པ་རྣམས་ཀྱིས་ཀྱང་ཆེས་སྔ་མོ་ཞིག་ནས་བོད་འདི་ཡུལ་གྲུ་གཞན་ལས་མཐོ་བའི་གནས་ཤིག་ཡིན་པ་ངོས་འཛིན་གསལ་བོ་ཐོབ་སྟེ་རང་གི་ཡུལ་ལ་སྒང་པ་བོད་ཅེས་འབོིད་ཀྱིན་ཡོད།

འོན་ཀྱང་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་དང་ཐོག་བོད་ཡུལ་སྟོད་སྨད་བར་གསུམ་ཐམས་ཅད་ཆུ་ཡིས་ཡོངས་སུ་གང་བའི་རྒྱ་མཚོ་ཆེན་པོ་ཞིག་ཡིན་པ་དང་། དེ་ནས་རིམ་བཞིན་ཀོང་ཆུ་བརླག་ཁ་བྱེ་ནས་ཆུ་རྣམས་དེར་ཐིམ་སྟེ་བོད་ཡུལ་གྱི་རྣམ་པ་གསལ་པོར་ཐོན་པ་ཡིན་ཞེས་གསལ་ཡོད་པ་ལྟར། ཚན་རིག་པ་རྣམས་ཀྱིས་བོད་འདི་དང་ཐོག་ས་ཕྱེད་རྒྱ་མཚོའི་འོག་དང་ས་ཕྱེད་རྒྱ་མཚོའི་འགྲམ་དུ་ཆགས་པའམ། ཡང་ན་བོད་ས་ཁྱོན་ཡངས་རྒྱ་མཚོའི་འོག་ཏུ་གནས་ཡོད་ཅེས་བརྗོད་ཀྱིན་ཡོད།

འོ་ན་ཆེས་ཐོག་མ་ཉིད་ནས་སྒང་སྒང་མིན་པའི་སྤྱི་སྙོམས་མཐོ་ཚད་མི་ཊར་ ༤༥༠༠  ལྷག་གི་སྟེང་གནས་པའི་བོད་མཐོ་སྒང་འདི་ཇི་ལྟར་བྱུང་ཞེ་ན། སྤྱིར་ལོ་ངོ་ས་ཡ་ ༢༠༠ ཙམ་གྱི་སྔ་རོལ་དུ་རྒྱ་གར་གླིང་ཕྲན་འདི་གླིང་ཆེན་ཨ་ཧྥི་རི་ཀར་འབྱར་ཡོད་ཀྱང་། ལོ་ངོ་ས་ཡ་ ༡༥༠ ཙམ་ནས་ཁ་གྱེས་ཏེ་རིམ་པས་གོ་ལའི་བྱང་རྒྱུད་ཕྱོགས་སུ་འགུལ་སྐྱོད་བྱས་ཏེ་ལོ་ངོ་ས་ཡ་ལྔ་བཅུ་ང་གྲངས་ཙམ་གྱི་སྔ་རོལ་དུ་གླིང་ཆེན་ཨེ་ཤ་ཡ་དང་དངོས་སུ་གདོང་ཐུག་བྱུང་། ཕན་ཚུན་ཡུན་རིང་བཙིར་བརྡར་བྱས་པའི་ཁྲོད་བོད་མཐོ་སྒང་ཞེས་པ་བར་སྣང་དཀྱིལ་ལ་ཆགས་པ་ལྟ་བུའི་གནས་ངོ་མཚར་ཅན་འདི་གྱེན་དུ་འབུར་ཐོན་བྱུང་བ་ཞིག་ཡིན་ཞེས་ཚན་རིག་པ་ཕལ་མོ་ཆེས་ཁ་གཅིག་གྲགས་སུ་གླེང་། འོན་ཀྱང་བོད་མཐོ་སྒང་གྱེན་དུ་འབུར་ཐོན་བྱུང་སྟངས་ལ་འདོད་ཚུལ་འདྲ་མིན་ཡོད་པ་ལས། ཡོངས་གྲགས་ཀྱི་འདོད་ཚུལ་གཙོ་བོ་གསུམ་གཤམ་དུ་བཀོད་ན།

འདོད་ཚུལ་དང་པོ། ས་ཁམས་ཕྱོགས་གཅིག་ཏུ་འདུས་པའི་ཤུགས་ཀྱིས་ཁ་ཞེང་ཆུང་དུ་ཕྱིན་ནས་གྱེན་དུ་འབུར་བ། (Distributed Shortening) དཔེར་ན། འདམ་བག་ཅིག་ཟུར་གཉིས་ནས་བཙིར་ན་རང་བཞིན་གྱིས་དཀྱིལ་ནས་འབུར་འབུར་གྱུར་བ་ལྟར། བཙིར་ཤུགས་ཆེ་ཆུང་དབང་གིས་འདམ་བག་གི་ངོ་བོ་འགྱུར་སྟངས་མ་འདྲ་བ་གཉིས་འབྱུང་སྲིད་པ་ནི། བཙིར་ཤུགས་ཆེ་ཞིང་མྱུར་བའི་དབང་གིས་འདམ་བག་གི་ཁ་ཞེང་ཆུང་དུ་སོང་སྟེ་དཀྱིལ་ནས་གྱེན་དུ་འབུར་བའི་སྐབས་སུ་དུམ་བུར་ཆག་ནས་གས་སྲུབས་ཤོར་བ་དང།  བཙིར་ཤུགས་དལ་ཞིང་ཆུང་ན་འདམ་བག་གི་ཁ་ཞེང་ཆུང་དུ་སོང་སྟེ་འབར་འབུར་ལུ་གུ་བརྒྱུད་དུ་ཆགས་པ་ལྟར་གས་སྲུབས་མེད་པ་དཀྱིལ་ནས་གྱེན་དུ་འབུར་བ་བཞིན།  གང་ལྟར། བོད་མཐོ་སྒང་འདི་ཡང་ལོ་ངོ་ས་ཡ་ལྔ་བཅུ་ང་གྲངས་ཀྱི་སྔ་རོལ་དུ་གླིང་ཆེན་ཨེ་ཤ་ཡ་དང་རྒྱ་གར་གླིང་ཕྲན་གཉིས་གདོང་ཐུག་ཤོར་ནས་རྒྱུན་རིང་ཕན་ཚུན་བཙིར་བརྡར་བྱས་པའི་བརྒྱུད་རིམ་ཁྲོད་གླིང་གཉིས་ཀྱི་ས་ཡི་ཁ་ཞེང་ཁྱོན་ཆེན་གཅིག་ཏུ་འདུས་ནས་ཆུང་དུ་ཕྱིན་པའི་དབང་གི་དཀྱིལ་ནས་གྱེན་དུ་འབུར་ཐོན་བྱུང་བ་ཞིག་ཡིན།

འདོད་ཚུལ་གཉིས་པ། གཅིག་འོག་གཅིག་འཛུལ་སོང་བའི་དབང་གིས་གྱེན་དུ་འབུར་བ། (Continental Subduction or Underthrusting)གླིང་ཆེན་ཨེ་ཤ་ཡ་དང་རྒྱ་གར་གླིང་ཕྲན་གཉིས་གདོང་ཐུག་ཤོར་ཏེ་རྒྱ་གར་གླིང་ཕྲན་གྱི་བྱང་རྒྱུད་ས་ཚིགས་ཁྱོན་ཆེན་གླིང་ཆེན་ཨེ་ཤ་ཡའི་ལྷོ་རྒྱུད་ས་ངོས་འོག་ཏུ་ཤོར་ནས་རིམ་པས་བོད་ཁམས་གྱེན་དུ་འབུར་ཐོན་བྱུང་ཡོད། དེ་ཡང་ཇི་ལྟར་ཞེས་ན། འཁྱགས་རོམ་དུམ་བུ་གཅིག་གི་འོག་ལ་འཁྱགས་རོམ་དུམ་གཞན་ཅིག་འབུད་རྒྱག་བཏང་ན་སྟེང་གི་འཁྱགས་དུམ་དེ་རང་བཞིན་གྱིས་གྱེན་དུ་འབུར་ནས་མཐོ་རུ་འགྲོ་བ་ལྟར། གླིང་གཉིས་གདོང་ཐུག་ཤོར་ནས་རྒྱུན་རིང་བཙུར་བརྡར་བྱས་རྗེས་ལྕི་ཡང་གི་དབང་གིས་གླིང་ཆེན་ཨེ་ཤ་ཡའི་ལྷོ་ངོས་རྣམས་སྟེང་དང་རྒྱ་གར་གླིང་ཕྲན་གྱི་བྱང་རྒྱུད་རྣམས་འོག་ཏུ་འཛུལ་སོང་བ་ཙམ་མ་ཟད། འགུལ་སྐྱོད་ཀྱི་བརྒྱུད་རིམ་མུ་མཐུད་ཡོད་སྟབས་ཨེ་ཤ་ཡའི་ལྷོ་རྒྱུད་ས་ཚིགས་ཁྱོན་ཆེན་མོ་རིམ་པས་གྱེན་དུ་འབུར་ནས་བོད་མཐོ་སྒང་ཞེས་པ་འདི་བྱུང་བ་ཡིན།

འདོད་ཚུལ་གསུམ་པ། འོག་ཏུ་ཁྲོ་ཆུ་ཁོལ་མ་འབབ་པའི་དབང་གིས་གྱེན་དུ་འབུར་བ། (Lower crustal flow)གོང་ལྟར་གླིང་གཉིས་གདོང་ཐུག་ཤོར་ནས་རྒྱུན་རིང་བཙུར་བརྡར་བྱས་རྗེས་ལྕི་ཡང་གི་དབང་གིས་གླིང་ཆེན་ཨེ་ཤ་ཡའི་ལྷོ་ངོས་རྣམས་སྟེང་དང་། རྒྱ་གར་གླིང་ཕྲན་གྱི་བྱང་རྒྱུད་རྣམས་འོག་ཏུ་འཛུལ་སོང་བ་དང་། འོག་ཏུ་འཛུལ་སོང་བའི་རྒྱ་གར་གླིང་ཕྲན་གྱི་སྣེ་མོ་གོ་ལའི་གཏིང་གི་ཚ་དྲོད་ཆེན་པོའི་དབང་གིས་ཞུ་ནས་ཁྲོ་ཆུར་གྱུར། མེའི་ཚ་དྲོད་ཀྱི་ནུས་པས་དངོས་པོ་ཇི་རིགས་བར་སྣང་འཕྱོ་བའམ་ལྡིང་ཅུག་པ་ལྟར། ཁྲོ་ཆུ་ཁོལ་མའི་ཚ་དྲོད་དབང་གིས་བོད་ཁམས་ཆགས་ཡུལ་རིམ་པས་གྱེན་དུ་འབུར་ནས་བོད་མཐོ་སྒང་ཞེས་པ་འདི་བྱུང་བ་ཡིན།

མདོར་ན་གླིང་གཉིས་གདོང་ཐུག་ཤོར་ནས་རྒྱུན་རིང་བཙིར་བརྡར་བྱས་པའི་བརྒྱུད་རིམ་ཁྲོད་ས་ཁྱོན་ཀི་ལོ་མི་ཊར་ཉིས་སྟོང་ལྷག་མཉམ་འདུས་སམ་གཅིག་ཐོག་གཉིས་བརྩེགས་སོང་བའི་དབང་གིས་བོད་མཐོ་སྒང་གྱེན་དུ་འབུར་ཐོན་བྱུང་། དེ་ཡི་དཔང་རྟགས་གསལ་ཤོས་ནི་བོད་མཐོ་སྒང་གི་ས་ཤུན་(crust thickness) མཐུག་ཚད་ཀི་ལོ་མི་ཊར་ ༧༠ ཙམ་ཡོད་པ་དེ་ཡིན། འདི་ནི་ས་ཡི་གོ་ལའི་སྤྱི་སྙོམས་ས་ཤུན་མཐུག་ཚད་ལས་ལྡབ་གཉིས་མང་བ་དང་བོད་འདི་སྒང་སྒང་དུ་གྱུར་བའི་རྒྱུ་མཚན་ཞིག་ཆགས་ཡོད།

འོ་ན་གླིང་གཉིས་གདོང་ཐུག་མ་བྱུང་བའི་སྔ་རོལ་དུ་བོད་ཁམས་འདི་གང་དུ་ཡོད་དམ། སའི་ཆགས་ཚུལ་ཅི་འདྲ་ཞིག་ཡིན་ནམ་ཞེ་ན། ལན་འདེབས་ཁ་གསལ་ཞིག་མེད་ཀྱང་བཤད་ཚུལ་མི་འདྲ་བ་ཉུང་ཤས་ཤིག་མཐོང་རྒྱུ་ཡོད་པ་བསྡུ་སྒྲིག་བྱས་ནས་རྗེས་མའི་རྩོམ་ཡིག་ནང་འགོད་ཐུབ་པར་བྱའོ།

ཕྱི་དྲིལ་ཁོར་ཡུག་ཚན་པས་བོད་མཐོ་སྒང་དང་འབྲེལ་བའི་རྩོམ་ཡིག་རིམ་པ་མུ་མཐུད་བོད་རིགས་ཡོངས་ལ་ཤེས་རྟོགས་ཆེད་སྤེལ་འཆར་ཡོད་པས་རྒྱ་ཆེ་ཀློག་པ་པོ་རྣམས་ཀྱིས་རྩོམ་འདིས་གནད་དོན་ཁག་བོད་རིགས་གཞན་དང་ལྷག་པར་གཞིས་ལུས་སྤུན་ཟླ་རྣམས་ལ་ཐབས་ཤེས་འདྲ་མིན་བརྒྱུད་ངེས་པར་དུ་སྤེལ་ཐུབ་པ་བྱ་རོགས་ཞུ།།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

སྐར་མ ༨ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

སྐར་མ ༣༣ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༢༤ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 4

  1. གངས་རི་བ་བློ་གཏེར་རིག་མཛོད། says:
    ལོ་ 14 སྔོན།

    མཚུངས་མེད་ཛ་ལྷ་བསྟན་པ་རྒྱལ་མཚན་ལགས། བོད་མཐོ་སྒང་གི་ངོ་བོ་འགྱུར་ཚུལ་གྱི་ངོ་སྤྲོད་རྩོམ་འདི་གོ་བདེ་པོ་དང་ཁ་གསལ་པོ་ཞེ་དྲག་འདུག རྩོམ་ཡིག་འདི་འདྲ་སྤེལ་གནང་མཛད་པ་ཤིན་ཏུ་ལེགས་ཤིང་བསྔགས་པར་འོས་གནས་སུ་གྱུར་འདུག ད་དུང་ཡང་མུ་མཐུད་དེ་རྩོམ་ཡིག་སྤུས་ལེགས་འདི་འདྲ་གང་མང་སྤེལ་ཐབས་གནང་རོགས་གནང། ང་དང་ང་འདྲ་བའི་ཀློག་པ་པོ་མང་པོ་ཞིག་ཁྱེད་ཅག་བོད་མིའི་སྒིག་འཛུགས་ཀྱི་ཕྱི་དྲིལ་ཁོར་ཡུག་ཚན་པའི་ངོས་ནས་སྤེལ་འཆར་ཡོད་པའི་བོད་མཐོ་སྒང་དང་འབྲེལ་བའི་རྩོམ་ཡིག་སྤུས་ལེགས་འདི་ལྟ་བུ་བལྟ་ཀློག་་བྱེད་རྒྱུར་སྐོམ་པ་ཆུ་འདོད་བཞིན་སྒུག་ནས་ཡོད་ལགས།

    Reply
  2. གཙང་ཕྲུག་སྟོབས་ལགས། says:
    ལོ་ 14 སྔོན།

    ཧ་ཅང་ཡག་པོ་ཞིག་ངོ་སྤྲོད་གནང་འདུག བློ་གསར་མང་པོ་ཞིག་ལ་བློ་སྐྱེད་དང་། སེམས་འགུལ་སེམས་རྒྱུ་ཞུ་མི་དགོས་པ་ཞིག་རེད། ཤེས་ཡོན་པ་ཡིན་པའི་གོ་ཆོད་འདུག མུ་མཐུད་སྤེལ་བའི་རེ་བ་ཆེ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མཐོ་བོད་དང་། གངས་རི་ཇོ་མོ་གླང་མ་མཐོ་ཤོས་ཆགས་སྟངས། ད་དུང་དེས་མ་ཚད། རི་བོ་ཧི་མ་ལྰ་ཡེའི་མཐོ་ཚད་ཡར་ནས་ཡར་ལ་མཐོ་རུ་འགྲོ་སྟངས་སོགས་ལ་གསལ་བཤད་སོགས་བོད་སྐད་དུ་ཉུང་དྲགས་པའི་སྐྱོན་དུ་མཐོང་བས། དེ་དོན་འབྲེལ་ཡོད་ཤེས་རིག་ལས་ཁུངས་ཀྱིས་འབད་རྩོལ་སྔར་ལྷག་དགོས་འདུག་སྙམ་ལགས།

    Reply
  4. གནས་ཚང་། says:
    ལོ་ 14 སྔོན།

    ས་རྒྱུས་རིག་པའི་ལམ་ནས་ངོ་སྤྲོད་སྙིང་བརྗེ་བོ་ཞིག་གནང་ཤག ཡིན་ནའང་། གཞིས་བཞུགས་བོད་མི་རྣམས་ཀྱིས་འདིའི་སྐོར་སྔར་ནས་ཤེས་ཟིན་པ་དཔེ་དེབ་ཁག་ལས་མཐོང་ཐུབ་ཀྱི་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese