མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་འོས་ཤོག་དང་རྒྱ་ནག་ཐོག་གི་སྲིད་བྱུས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོ་ཕྱི་ཟླ་ ༡༡ ཚེས་ ༦ ཉིན་ཨ་རིའི་སྲིད་འཛིན་ཐེངས་ ༥༧ པའི་འོས་བསྡུ་བྱ་རྒྱུ་ཡིན་པ་དང་། ཨ་རིའི་སྲིད་འཛིན་འོས་བསྡུ་ནི་ཨ་རི་ཙམ་མིན་པར་རྒྱལ་སྤྱིའི་དཔལ་འབྱོར་དང་ཆབ་སྲིད་གནས་བབས་ཐད་འབྲེལ་ཆེན་པོ་ཡོད་སྟབས། ཨ་རིའི་སྲིད་འཛིན་འོས་མིའི་ཆབ་སྲིད་ལངས་ཕྱོགས་དང་ཕྱི་འབྲེལ་སྲིད་ཇུས། སྒེར་ཚུགས་དང་མི་གཤིས། འཇོན་ཐང་། སྤྱི་ཚོགས་ལ་ལྟ་སྟངས་སོགས་ནི་སྲིད་འཛིན་དུ་རྒྱལ་ཁ་ཐོབ་རྗེས་ཕོ་བྲག་དཀར་པོའི་ཁ་ཕྱོགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད།

ཉེ་ཆར་ཨ་རིའི་ནེའུ་ཡོག་དུས་བབ་དང་སེ་བྷེ་ཨེ་སི་(CBS) གསར་ཁང་གཉིས་མཉམ་འབྲེལ་ཐོག་འབྱུང་འགྱུར་ཕྱི་ཟླ་ ༡༡ པའི་ཚེས་ ༦ ཉིན་གྱི་ཨ་རིའི་སྲིད་འཛིན་འོས་བསྡུའི་ཐད་མང་ཚོགས་ཀྱི་བསམ་ཚུལ་བསྡུ་ལེན་བྱས་པའི་ནང་། བརྒྱ་ཆ་ ༤༩ ཙམ་གྱིས་ད་ལྟའི་སྲིད་འཛིན་ལས་ཐོག་དང་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཨོ་བྷ་མར་རྒྱབ་སྐྱོར་དང་། བརྒྱ་ཆ་ ༤༦ ཙམ་གྱིས་སྤྱི་མཐུན་ཚོགས་པའི་འོས་མི་རོམ་ནའེ་(Mitt Romney)མཆོག་ལ་རྒྱབ་སྐྱོར་བྱས་ཡོད་འདུག་ཅིང་། བརྒྱ་ཆ་ ༤ ཙམ་བར་གནས་ཡིན་འདུག ཨོ་བྷ་མར་རྒྱབ་སྐྱོར་བྱེད་མཁན་མང་ཆེ་ཤོས་གཞོན་སྐྱེས་ཡིན་པ་དང་། རོམ་ནའེ་ལ་རྒྱབ་སྐྱོར་བྱེད་མཁན་རྒན་གྲས་མང་བ་ཡོད་འདུག་ལ། ཕོ་མོ་གཉིས་བསྡུར་སྐབས་ཨོ་བྷ་མར་རྒྱབ་སྐྱོར་བྱེད་མཁན་བུད་མེད་མང་པ་དང་རོམ་ནའེ་ལ་ཕོ་མང་པ་ཆགས་ཡོད་འདུག

ཕྱི་ཚེས་ ༡༧ ཉིན་ཨོ་བྷ་མས་རྒྱ་ནག་གིས་ཨ་རིའི་ནང་གི་རླངས་འཁོར་བཟོ་སྐྲུན་ཁེ་ལས་དག་ལ་རླངས་འཁོར་བཟོ་སྐྲུན་གྱི་འཕྲུལ་རིགས་ཚོང་སྒྱུར་བྱེད་སྟངས་དེ་རྒྱལ་སྤྱིའི་ཚོང་དོན་བཅའ་ཁྲིམས་དང་འགལ་ཡོད་པའི་སྐྱོན་འཛུགས་བྱས་ཡོད་པར། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་རོམ་ནའེ་ཡིས་ད་ཆར་ཨོ་བྷ་མས་འོས་བསྡུའི་ཆེད་རྒྱ་ནག་སྟེང་ལངས་ཕྱོགས་དམ་དུ་གཏོང་གི་ཡོད་པའི་རྣམ་འགྱུར་སྟོན་གྱི་ཡོད་ཀྱང་། དེའི་ཐད་ནས་སྔ་ས་ནས་མི་མང་གིས་ཡིད་ཆེས་བརླགས་ཟིན་ཡོད་ཚུལ་བརྗོད་ཡོད།

རོམ་ནའེ་ཡིས་ཉེ་སྔོན་སྲིད་འཛིན་འོས་བསྡུའི་གཏམ་བཤད་སྐབས། ཨ་རིའི་སྒེར་བདག་ཚོང་ལས་ཐད་ཤུགས་གནོན་དང་དཔྱ་ཁྲལ་སྲིད་ཇུས་ལེགས་བཅོས། ཨ་རིའི་ཕྱོགས་གཏོགས་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་དམ་ཟབ་གཏོང་རྒྱུ་སོགས་དང་། ཁོང་ལ་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་རྗེས། ཨེ་ཤ་ཡར་འཛིན་པའི་དམག་དོན་སྲིད་ཇུས་ཀྱི་དམིགས་འབེན་རྒྱ་ནག་ཡིན་པ་དང་། རྒྱ་ནག་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དབང་ཤུགས་ངོམ་པའི་བྱ་སྤྱོད་དེ་ཉམ་ཉེས་སུ་གཏོང་དགོས་ཚུལ། རྒྱ་སྒོར་གྱི་ཛ་ཐང་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ། ཆོས་དད་རང་དབང་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་། གསར་འགྱུར་བརྒྱུད་ལམ་གྱི་རང་དབང་སོགས་ཡར་སྐུལ་སྲིད་ཇུས་འཛིན་རྒྱུ་ཡིན་སྐོར། ཨོ་བྷ་མས་རྒྱ་ནག་ལ་བཟུང་པའི་སྲིད་ཇུས་ཧ་ཅང་གཉོམ་དྲགས་པ། ཧེ་ལཱ་རེ་ཡིས་དཔལ་འབྱོར་ནི་ཆབ་སྲིད་ཀྱི་གནད་དོན་དང་ཐ་དད་ཡིན་སྐོར་བརྗོད་པ་སོགས་ལ་སྐྱོན་བརྗོད་བྱས་ཡོད་ཅིང་། རོམ་ནའེ་ཡི་བཤད་སྤྱོད་དེ་དག་ལ་རྒྱ་ནག་གིས་ཁ་རྡུང་བཏང་ཡོད།

ཕྱི་ཚེས་ ༩ ཉིན་ཨོ་བྷ་མས་ཧྥི་ལོ་རེ་ཌ་མངའ་སྡེའི་སྲིད་འཛིན་འོས་བསྡུའི་གཏམ་བཤད་སྐབས། ད་ཆར་ཨ་རིའི་མང་ཚོགས་ཀྱི་མདུན་དུ་ལྷག་པའི་གདམ་ཀ་ནི། སྲིད་འཛིན་འོས་མི་གཉིས་ཀྱི་བར་དང་ཚོགས་པ་གཉིས་པར་མིན་པར། གཞི་རྩའི་ཨ་རིའི་འབྱུང་འགྱུར་ལ་བཟུང་པའི་འཆར་སྣང་མ་འདྲ་བ་གཉིས་པར་གྱི་གདམ་ཀ་ཞིག་ཡིན་པ། སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་རོམ་ནའེ་ཡིས་སྲིད་ཇུས་ཕལ་ཆེ་བ་འདས་པའི་ལོ་གསུམ་ལྷག་གི་ནང་བསྒྲུབས་ཟིན་ཡང་དེ་ཙམ་ལེགས་འགྲུབ་མ་བྱུང་སྟབས། རང་ཉིད་ཁ་ཕྱིར་མ་འཁོར་བར་འཕེལ་རྒྱས་ཀྱི་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་ཡིན་པ། ཁ་གཏད་པས་ཨ་རི་ཉམས་རྒུད་དུ་ཕྱིན་སྐོར་བརྗོད་པ་དེ་ནོར་འཁྲུལ་ཡིན་པ། འཛམ་གླིང་ནང་གི་ལས་བཟོ་བ་དང་ཚོང་པ། ཉམས་ཞིབ་པ། སློབ་ཆེན་སོགས་ཡག་ཤོས་ཨ་རིར་ཡོད་པ། ཆབ་སྲིད་དགོས་དབང་གི་སྐད་ཆ་དེ་དག་ལ་ཡིད་ཆེས་བྱེད་མི་རུང་ཚུལ། འཛམ་གླིང་ནང་ཨ་རི་ལྟ་བུའི་ཚོང་འབྲེལ་བྱ་ཡུལ་ཞིག་གཞན་གང་དུའང་མེད་སྐོར་བརྗོད་དེ། མང་ཚོགས་ཁོང་དང་ལྷན་མདུན་དུ་སྐྱོད་དགོས་པའི་སྐུལ་འདེད་བྱས་ཡོད།

ཡང་ཁོང་གིས་ད་སྔའི་ཨ་རིའི་སྲིད་ཇུས་ཀྱི་ཐད་ནས། མང་ཚོགས་ལ་ལས་ཀ་བསྐྲུན་པ། འཕྲོད་བསྟེན་དང་ཤེས་ཡོན་མཐུན་རྐྱེན་གོང་འཕེལ་བཏང་ཡོད་པ། བཟོ་ལས་དང་སྤྱི་ཚོགས་བདེ་རྩ་སོགས་གསར་སྐྲུན་དང་འཕེལ་རྒྱས་བཏང་ཡོད་པ། ཕྱི་འབྲེལ་སྲིད་ཇུས་ཐད་ནས་ཨེ་རག་དམག་འཁྲུག་མཇུག་བསྒྲིལ་རྒྱུའི་ཁས་ལེན་བྱས་པ་ལྟར་བསྒྲུབས་ཡོད་པ། ཨབ་གྷན་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུ་ཡིན་པར་ཁས་ལེན་བྱས་པ་ལྟར་ད་ལྟ་འགྲོ་བཞིན་པ། གཅིག་གཅིག་དགུའི་དོན་རྐྱེན་སྐབས་གཏོར་བརླག་བཏང་པའི་ཨ་རིའི་ཚོང་འབྲེལ་ཁང་རྩེག་(Twin Tower) བསྐྱར་དུ་བརྒྱབ་ཟིན་པ། བྷེན་ལཱ་ཌན་དམར་གསོད་དང་ཨལ་ཁཱ་ཌ་དྲག་སྤྱོད་ཤོག་ཁག་རྩ་མེད་གཏོང་ལ་ཉེ་ཚུལ་སོགས་བརྗོད་དེ། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་སོ་སོའི་ནང་མི་སྤུན་མཆེད་དང་དགའ་ཉེ་གྲོགས་པོ། ལས་གྲོགས་སོགས་ཀྱི་རྒྱབ་སྐྱོར་འཚོལ་ཐབས་ཚེ་མཐའ་མའི་རྒྱལ་ཁ་དེ་ཁོང་ཚོའི་ཡིན་པར་བརྗོད་ཡོད།

ཨོ་བྷ་མ་ ༡༩༦༡ ལོར་ཨ་རིའི་ཧ་ཝའེ་(Hawaii) མངའ་སྡེའི་ནང་སྐྱེས། རྗེས་སུ་ཕ་མ་གཉིས་བཟའ་འཐོར་བྱས་ཞིང་། ཨོ་བྷ་མ་ལོ་ ༦ ལ་སླེབས་སྐབས་ཁོང་གི་ཨ་མས་ཨིན་ཌོ་ནེ་ཤི་ཡའི་མི་ཞིག་དང་གཉེན་སྒྲིག་བྱས་ཏེ། ཨ་མ་དང་ལྷན་དུ་ཨིན་ཌོ་ནེ་ཤི་ཡར་གནས་སྤོར་བྱས། རྗེས་སུ་ཁོང་ཕྱིར་ཧ་ཝའེ་རུ་ཡོང་སྟེ་སྤོ་བོ་རྒན་རྒོན་གཉིས་ཀྱིས་གསོ་སྐྱོང་བྱས། ནེའུ་ཡོག་ཀོ་ལུམ་བྷེ་ཡ་(Columbia University) སློབ་ཆེན་ནས་སློབ་མཐར་ཕྱིན་ཞིང་། ཧར་ཝར་ཌི་སློབ་ཆེན་ནས་ཁྲིམས་ལུགས་སློབ་སྦྱོང་ཐོན་རྗེས་ཆཱེ་ཀ་གྷོ་(Chicago) གྲོང་ཁྱེར་ནང་ཁྲིམས་རྩོད་པ་དང་། ཆཱེ་ཀ་གྷོ་སློབ་ཆེན་གྱི་ཁྲིམས་ལུགས་དགེ་རྒན་བྱས་མྱོང་། ༡༩༩༥ ལོར་ <ངའི་ཨ་ཕ་ནས་བྱུང་པའི་ཕུགས་བསམ་>ཞེས་པའི་དེབ་ཅིག་བྲིས་པའི་ལོ་རྗེས་མར་ཁོང་ཨེ་ལེ་ནོའེ་སི་(Illinois) མངའ་སྡེའི་གྲོས་ཚོགས་འཐུས་མིར་བདམས། སྐབས་དེར་ཨེ་རག་དམག་འཁྲུག་ལ་ཤུགས་ཆེན་པོས་ངོ་རྒོལ་བྱས་ཏེ་སྐད་གྲངས་ཆེན་པོར་གྱུར། ༢༠༠༤ ལོར་ཨ་རིའི་གྲོས་ཚོགས་འོས་མིར་ལངས་ཏེ་རང་མགོ་རང་ཐོན་དང་མངོན་འདོད། ཆིག་སྒྲིལ་གསུམ་གྱི་ཐད་གཏམ་བཤད་བྱས་པ་དེས་ཁོང་གི་གྲགས་པ་རྒྱལ་ཡོངས་ལ་ཁྱབ། ཨ་རིའི་གྲོས་ཚོགས་འཐུས་མིར་བདམས་རྗེས་བསྐྱར་དུ་ཨ་རིའི་ཆབ་སྲིད་དང་སྲིད་ཇུས་སྐོར་གྱི་ <རེ་བའི་སྙིང་སྟོབས>ཞེས་པའི་དེབ་ཅིག་བྲིས་པ་སྐད་གྲགས་ཆེན་པོ་ཆགས་ཡོད་ལ། ཁོང་གི་སྲིད་འཛིན་འོས་བསྡུའི་སྐབས་ཀྱི་སྲིད་ཇུས་ཀྱི་སྒྲོམ་གཞི་མང་པོ་ཞིག་དཔེ་དེབ་དེ་གཞི་བཞག་ཡོད་འདུག

སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་རོམ་ནའེ་ ༡༩༤༧ ལོར་ཨ་རིའི་མཱེ་ཆེ་གྷན་(Michigan) མངའ་སྡེ་ནང་སྐྱེས་ཤིང་། ཁོང་གི་ཕ་ཇོར་ཇེ་རོམ་ནའེ་མངའ་སྡེ་དེའི་སྲིད་སྐྱོང་པ། སྤྱི་མཐུན་ཚོགས་པའི་ཚོགས་གཙོའི་འོས་བསྡུར་ཞུགས་མྱོང་ཡོད་འདུག རོམ་ནའེ་བྷི་རེ་གྷམ་ན་གཞོན་སློབ་ཆེན་(Brigham Young University) དང་། ཧར་ཝར་ཌི་(Harvard) སློབ་ཆེན་ནས་ཁྲིམས་དང་ཚོང་ལས་སློབ་སྦྱོང་ཐོན། ཁོང་ཡེ་ཤུ་ཆོས་ལུགས་དར་སྤེལ་ལས་དོན་ནང་ཞུགས་ཞིང་གོ་གནས་ཀྱང་མཐོ་པོ་རག་ཡོད་འདུག་ལ། རིམ་གྱིས་ཨ་རིའི་གྲོང་ཁྱེར་བྷོ་སི་ཊོན་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཁེ་ལས་སྡེ་ཚན་སྐད་གྲངས་ཅན་བྷེན་ཁེ་ལས་སྡེ་ཚན་(Bain and Company) ཨ་མའི་ནང་ལས་ཞུགས་དང་སྤྱི་ཁྱབ་འགན་འཛིན་ཆགས་རྗེས། བྷེན་རྐང་དངུལ་ཁེ་ལས་སྡེ་ཚན་ཞིག་གསར་འཛུགས་བྱས་ཏེ། ད་ཆར་ཨ་སྒོར་ཐེར་འབུམ་ ༦༦ ཙམ་འཁོར་རྒྱུག་བྱེད་ཀྱི་ཡོད་འདུག ཁོང་མཱ་སཱ་ཆུ་སེ་ཊི་མངའ་སྡེའི་སྲིད་སྐྱོང་པ་བྱས་མྱོང་ཞིང་། ༢༠༠༨ ལོའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིའི་ནང་ཞུགས་མྱོང་ཡོད།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༧ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

ཆུ་ཚོད་ ༡༡ སྔོན་ལ།
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

ཆུ་ཚོད་ ༡༡ སྔོན་ལ།
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨
strategic missile launched by a submarine of the Chinese People’s Liberation Army Navy bursts out of the water during a test on Monday. Photograph: Xinhua/Shutterstock
Mobile App

རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

༢༠༢༦/༠༧/༠༨

མཆན། 2

  1. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 14 སྔོན།

    བཀྲ་ཤིས་བདེ་ལེགས་། འཛམ་གླིང་ཞི་བདེར་བསྐྲུན་མཁན་གྱི་སྲིད་འཛིན་ཞིག་འཐོབ་པར་སྨོན་།

    Reply
  2. མདའ། says:
    ལོ་ 14 སྔོན།

    ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་འདི་འདྲ་བ་ཞིག་མཁོ་སྤྲོད་བྱས་པ་ནི་བདག་འདྲ་བ་ཞིག་ལ་ཅི་འདྲའི་ཕན་པ་ཆེ་བ་ཞིག་རེད་ཨང་།
    ཐུགས་རྗེ་ཆེ། འདི་འདྲ་བ་མང་པོ་ཞིག་མཁོ་སྤྲོད་བྱེད་རོགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese