མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་ཧིན་རྡུའི་གསུང་ཆོས་དབུ་འཛུཊ་ཐོག་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་༧གོང་ས་མཆོག་ངྷ་ཤོད་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་གྱི་ཧིན་རྡུ་བླ་ཆེན་མཱོ་རཱ་རེ་བྷ་པུ་ཡི་གསུང་ཆོས་དབུ་འཛུགས་མཛད་སྒོར་ཆིབས་སྒྱུར་བསྐྱངས་ཏེ་རྒྱ་གར་ཆོས་ཞུ་བ་ཚོར་བཀའ་སློབ་གནང་ཡོད།

དེ་རིང་ཕྱི་ཚེས་ ༢༢ ཉིན་རྒྱབ་ཆུ་ཚོད་ ༢ དང་ཕྱེད་ཀའི་ཐོག ཧི་མ་ཅཱལ་ཀང་རཱ་རྫོང་ངྷ་ཤོད་ཉེན་རྟོག་ཐང་ཆེན་(Police ground) དུ་རྒྱ་གར་ཧིན་རྡུའི་བླ་ཆེན་མཱོ་རཱ་རེ་བྷ་པུ་(Morari Bapu) ཡིས་ཉིན་ ༩ རིང་གི་གསུང་ཆོས་དབུ་འཛུགས་སྟེང་། ༧གོང་ས་མཆོག་གདན་ཞུས་ལྟར་ཆིབས་སྒྱུར་གྱིས་མཱོ་རཱ་རེ་བྷ་པུ་དང་ལྷན་དུ་གསུང་ཆོས་དབུ་འཛུགས་ཀྱི་སྣང་གསལ་སྒྲོན་མེ་ཞལ་འབྱེད་གནང་སོང་།

ཐེངས་འདིའི་མཱོ་རཱ་རེ་བྷ་པུ་ཡི་གསུང་ཆོས་ནི་ཕྱི་ཚེས་ ༢༢ ནས་ཕྱི་ཚེས་ ༣༠ པར་གནང་རྒྱུ་ཡིན་འདུག་ལ། གསུང་ཆོས་ཀྱི་ནང་དོན་དང་བརྗོད་བྱ་གཙོ་བོ་ནི་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་ར་མ་ཡ་ཎ་(Ramayana) ཡིན་འདུག་ལ། གསུང་ཆོས་དབུ་འབྱེད་མཛད་སྒོའི་ཐོག་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་༧གོང་ས་མཆོག་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་གནང་པ་དང་། ཐེངས་འདིར་ནང་པ་དང་ཧིན་རྡུའི་བླ་ཆེན་གཉིས་ལྷན་འཛོམས་གནང་བྱུང་པ་ནི། ཆོས་ཞུ་བ་ཚོའི་བསོད་ནམས་དང་སྐལ་བ་བཟང་པོ་ཞིག་ཡིན་སྐོར་བརྗོད་སོང་།

དབུ་འབྱེད་མཛད་སྒོའི་སྟེང་༧གོང་ས་མཆོག་གིས། ཆོས་གྲོགས་མཱོ་རཱ་རེ་བྷ་པུ་དང་ཐེངས་གཉིས་པར་མཇལ་འཕྲད་བྱུང་པར་དགའ་ཚོར་ཆེན་པོ་སྐྱེས་ཡོད་པ་དང་། ཁོང་བོད་ནས་སྐྱེས་ཡོད་ཀྱང་སྐུ་ཚེ་ཕལ་ཆེ་བ་རྒྱ་གར་ནང་བསྐྱལ་ཡོད་སྟབས་རྒྱ་གར་ནི་ཁོང་ཉིད་ཀྱི་ནང་ལྟ་བུ་ཞིག་ཆགས་ཡོད་པ། རྒྱ་གར་ནི་འཛམ་གླིང་གི་ཆོས་ལུགས་རྙིང་ཤོས་དར་ཡུལ་ཞིག་དང་། ཆོས་ལུགས་རྙིང་ཤོས་མང་པོའི་འབྱུང་ཁུངས་ལྟ་བུ་ཆགས་ཡོད་པ་མ་ཟད་ཚང་མ་མཉམ་གནས་བྱེད་སྡོད་ཡོད་པ། ཁོང་གིས་དུས་རྒྱུན་རྒྱ་གར་ནི་ཆོས་ལུགས་འཆམ་མཐུན་གྱི་དཔེ་མཚོན་ཞིག་ཡིན་པར་རྗོད་ཀྱི་ཡོད་སྐོར་གསུངས་སོང་།

ཡང་ཁོང་གིས་རྒྱ་གར་ཆོས་ཞུ་བ་ཚོར། ཁོང་གིས་མཚམས་རེར་རང་ཉིད་རྒྱ་གར་གྱི་གནའ་བོའི་རིག་གཞུང་འཆད་མཁན་གྱི་ཕོ་ཉ་ཞིག་ཡིན་ཚུལ་གསུང་གི་ཡོད་སྐོར་དང་། འཛམ་གླིང་གི་ཆོས་ལུགས་དབུ་ཁྲིད་ཚོས་ཁ་ཡོད་ལག་ཡོད་ཐོག་མང་ཚོགས་ལ་ཆོས་ལུགས་ཀྱི་གོ་རྟོགས་སྤེལ་དགོས་པ། མཱོ་རཱ་རེ་བྷ་པུ་ཡིས་ཆོས་ཁང་ཞིག་གི་ནང་བསྡད་འདུག་རྒྱུ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་མང་ཚོགས་དང་འབྲེལ་བ་བྱས་ཤིང་། མང་ཚོགས་དང་སྐད་ཆ་བཤད་དེ་ཆོས་ཀྱི་གོ་རྟོགས་སྤེལ་གྱི་ཡོད་པར་བསྔགས་བརྗོད་ཡོད་ཅེས་གསུངས་སོང་།

མཐར་༧གོང་ས་མཆོག་གིས་ཧིན་རྡུ་ཆོས་ཞུ་བ་ཚོར། དུས་རྒྱུན་དངུལ་གཅིག་པུར་དོ་སྣང་བྱེད་བསྡད་ན་མཚམས་རེར་གནོན་ཤུགས་དང་དཀའ་ངལ་རིགས་ཡོང་གི་ཡོད་སྟབས། མི་ཚེ་ཡག་པོ་ཞིག་ཡོང་ཕྱིར་སོ་སོ་གཅིག་པུ་མིན་པར་མི་གཞན་གྱི་བདེ་སྡུག་ལ་སེམས་ཁུར་དང་རོགས་འདེགས་བྱ་རྒྱུ་གལ་ཆེན་པོ་ཡིན་པ། དེ་རིང་འདིར་མི་ཧ་ཅང་མང་པོ་འདུ་འཛོམས་བྱུང་ཡོད་པ་འདི་ཡང་སྤྲོད་སྐྱིད་ཀྱི་འདུ་འཛོམས་ཤིག་མིན་སྟབས། ཆོས་ཞུ་བ་ཚང་མས་སོ་སོའི་ནང་སེམས་ཀྱི་འཕེལ་རྒྱས་ཐད་ནས་ངེས་པར་དུ་ཤེས་བྱ་མི་ཉུང་པ་ཞིག་འཐོབ་པར་བྱ་དགོས་པ་དང་། གང་ཐོབ་པ་དག་ཉིན་ནས་ཟླ་དང་། ཟླ་ནས་ལོ་བྱས་ཏེ་རིམ་བཞིན་ཡར་རྒྱས་གཏོང་དགོས་སྐོར་སོགས་བཀའ་བསྩལ་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཧིན་རྡུའི་དྲང་སྲོང་མཱོ་རཱའི་བྷ་པུ་དང་། །
    ནང་པའི་དགེ་སློང་བསྟན་འཛིན་རྒྱ་མཚོ་གཉིས། །
    འཛོམས་ས་རྒྱ་གར་འཕགས་ཡུལ་ཧི་མ་ཅྰལ། །
    དྷརྨ་ཤྰ་ལྰའི་གནས་དེར་འཛོམས་ལ་མཚར། །

    Reply
  2. ཁྲི་སྲོང་བཙན། says:
    ལོ་ 14 སྔོན།

    རིག་བྱེད་གཏམ་རྒྱུད་ནི་མི་ལོ་སྟོང་ཕྲག་མང་པོའི་ནང་ལྷ་སྒྲུང་མི་སྒྲུང་ཀུན་འདུས་སྒྲུང་སྙན་ཞིག་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese