མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཝང་ལ་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོ་རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ཁྲིམས་ཁང་གིས། ཝང་ལིས་ཅོན་ལ་ལོ་ ༡༥ དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་སྔ་དྲོ་རྒྱ་ནག་ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས། དེ་སྔའི་ཁྲུང་ཆིན་གྲོང་ཁྱེར་གྱི་མགོ་གཙོ་གཞོན་པ་དང་ཉེན་རྟོག་སྡེ་ཁག་གི་མགོ་གཙོ་ཝང་ལིས་ཅོན་ལ། ཁྲིམས་འགལ་ཕྱོགས་འཁྱེར་གྱི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་ ༧ དང་། ངོ་ལོག་བྲོས་བྱོལ་གྱི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་ ༢ དང་ལོ་གཅིག་གི་ཆབ་སྲིད་ཁེ་དབང་མེད་པ་བཟོས་པ། དབང་ཆ་སྒེར་གཅོད་ཀྱི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་ ༢ ། ལྐོག་དངུལ་རུལ་སུངས་ཀྱི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་ ༩ ཁྲིམས་ཆད་ཕོག་ཡོད་ཀྱང་། མཐའ་མའི་ཐག་གཅོད་ལ་ཉེས་ཆད་ཁག་ཕྱོགས་བསྡོམས་ཀྱིས་ལོ་ ༡༥ དུས་བཀག་བཙོན་འཇུག་དང་། ལོ་གཅིག་གི་ཆབ་སྲིད་ཁེ་དབང་འཕྲོག་ཡོད་འདུག

རྒྱ་གཞུང་སི་སི་ཌེ་བེ་བརྙན་འཕྲིན་ཁང་གིས་ཝང་ལི་ཅོན་གྱིས་ཁྲིམས་ཁང་གི་ཁྲིམས་ཆད་ཁག་དང་ལེན་གྱིས་བསྐྱར་དུ་ཞུ་གཏུགས་མི་བྱེད་པའི་ཁས་ལེན་བྱས་ཡོད་སྐོར་བརྗོད་ཡོད་ལ། དེ་བཞིན། རྒྱ་གཞུང་ཞིན་ཧྭ་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་། ཝང་ལིས་ཅོན་ཨ་རིའི་གཞུང་ཚབ་ཁང་དུ་འཛུལ་དགོས་དོན་ནི། ཁོ་རང་གི་ཉེན་རྟོག་དཔོན་གྱི་ལས་གནས་བརྗེ་སྤོར་བྱས་པ་མ་ཟད། ལག་འོག་གི་ལས་མི་མང་པོ་ཞིག་ལ་ཁྲིམས་འགལ་ཐོག་ཞིབ་བཤེར་བྱས་པར་བརྟེན། རང་ཉིད་ཉེན་ཁ་ལས་ཐར་ཆེད་ཨ་རིའི་གཞུང་ཚབ་ཁང་དུ་འཛུལ་ཏེ་ཆབ་སྲིད་སྐྱབས་བཅོལ་ཞུས་པ་དང་། དེ་བཞིན། ཁྲིམས་མཐུན་མ་ཡིན་པའི་ཐོག་ནས་མི་མང་ལ་ཁྲིམས་ཆད་བཅད་པ་དང་། ཏ་ལེན་གྱི་བཟོ་ཚོང་གནད་ཡོད་མི་སྣའི་ལག་ནས་ལྐོག་དངུལ་བླངས་ཏེ་དོགས་ཡོད་འཇུ་བཟུང་འོག་ཡོད་པའི་ཉེས་ཅན་ཕྱིར་གཏོང་བཅུག་པ། ཀུའུ་ཁའེ་ལའེ་ཡི་མི་གསོད་གྱོད་དོན་སོགས་པོ་ཞི་ལའེ་དང་འབྲེལ་ཡོད་ཀྱི་ཉེས་དོན་མང་པོ་ཞིག  ཁྲིམས་ཁང་གི་ཁྲིམས་བཤེར་གསལ་བཤད་ནང་གླེང་སློང་བྱས་ཡོད་པ་མ་ཟད། ཝང་ལིས་ཅོན་གྱིས་མི་གཞན་པའི་ཚབས་ཆེ་བའི་ཁྲིམས་འགལ་ཉེས་དོན་གྱི་ཁུངས་སྣེ་ཕྱིར་བརྟོལ་ཏེ། འབྲེལ་ཡོད་གྱོད་གཞིར་ཞིབ་བཤེར་ཐད་དགེ་ཕན་གྱི་ནུས་པ་ཆེན་པོ་ཐོན་ཡོད་དང་། རྣམ་འགྱུར་ལེགས་པོའི་སྒོ་ནས་རང་ཉེས་ངོས་ལེན་བྱས་ཡོད་པ་བཅས་ལ་བརྟེན་ནས་ཁྲིམས་ཆད་ཇེ་ཡང་དུ་བཏང་ཡོད་སྐོར་བཀོད་འདུག 

ཝང་ལིས་ཅོན་གྱི་གྱོད་དོན་དེ་ནི་པོ་ཞིས་ལའེ་གཙོས་རྒྱ་གཞུང་དཔོན་རིགས་ནང་ཁུལ་གྱི་དབང་ཤུགས་འཐབ་རྩོད་དང་འབྲེལ་བ་དམ་པོ་ཆགས་ཡོད་སྟབས། དབྱེ་ཞིབ་པ་མང་པོ་ཞིག་གིས་ཁྲིམས་ཁང་གིས་བསྒྲགས་པའི་ཝང་ལིས་ཅོན་གྱི་ཉེས་པ་ཐེར་འདོན་གྱི་ཁྲིམས་བཤེར་གསལ་བཤད་ནང་། པོ་ཞི་ལའེ་དང་འབྲེལ་ཡོད་ཀྱི་གནད་དོན་མང་པོ་ཞིག་གླེང་སློང་བྱས་ཡོད་པའི་ཐོག་ནས། རྒྱ་གཞུང་གིས་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་སྔོན་ལ་པོ་ཞི་ལའེ་ཡི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་མ་ཟད། པོ་ཞིས་ལའེ་ལ་དུས་བཀག་ཁྲིམས་ཆད་ཕོག་རྒྱུ་ཡིན་པ་དང་། པོ་ཞི་ལའེ་ཡི་གྱོད་དོན་ཐག་གཅོད་གཙོས་སྐབས་རྗེས་མའི་དཔོན་རིགས་གསར་འདེམས་ཐད། ཀྲུག་ཡུང་ཁཱང་ལ་ཐེ་ཇུས་ཀྱི་དབང་ཤུགས་གང་ཡང་མེད་པ་ཆགས་ཟིན་པའི་ཚོད་དཔག་བྱས་ཡོད་པ་རེད།

ཝང་ལིས་ཅོན་གྱི་གྱོད་དོན་དེ་ཟླ་འདིའི་ཕྱི་ཚེས་ ༡༧ དང་ ༡༨ གཉིས་ལ་ཁྲིམས་ར་ཚོགས་ཏེ་ཁྲིམས་བཤེར་བྱས་ཤིང་། ཕྱི་ཚེས་ ༢༤ ཉིན་ཁྲིམས་ཐག་བཅད་དེ་ཕྱིར་བསྒྲགས་བྱས་ཡོད། རྒྱལ་སྤྱིའི་གསར་ལམ་ཁག་གིས་ཝང་དང་པའོ་གྱོད་དོན་དེ་ནི། རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་དང་ཁྲིམས་སྲིད་ལྷན་ཁང་གི་དྲུང་ཆེ་ཀྲུག་ཡུང་ཁཱང་ལ་འབྲེལ་བ་དམ་པོ་ཆགས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༢༡ དང་ ༢༢ ཉིན་ཀྲུག་ཡུང་ཁཱང་སིང་གྷ་པའོ་དང་ཨ་ཧྥུ་ཧན་ལ་བསྐྱོད་ཡོད་པ་མ་ཟད། ཝང་ལིས་ཅོན་ལ་ཁྲིམས་ཐག་བཅད་པའི་ཉིན་དེར། རྒྱ་ནག་གི་གསར་ལམ་ཁག་ཏུ་ཀྲུག་ཡུང་ཁཱང་ཕྱིའི་རྒྱལ་ཁབ་ཏུ་ཕྱོགས་བསྐྱོད་པའི་སྐོར་གྱི་གནས་ཚུལ་ཕྱིར་སྒྲོག་བྱས་ཡོད་རེད།  

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༩ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ངོ་ལོག་བྲོས་བྱོལ་གྱི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་ ༢ དང་ལོ་གཅིག་གི་ཆབ་སྲིད་ཁེ་དབང་མེད་པ་བཟོས་པ། འདི་ལ་ཨ་རི་གཞུང་གིས་འགན་ཅིག་མ་བླངས་པ་ཡིན་ན།ཨ་རི་ནི། འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་སྲུང་སྐྱོབ་པའི་རྒྱལ་པོ་ལྟ་བུར་བརྗོད་པ་དོན་ལ་མི་གནས་པར་འགྱུར་ངེས་པས་སོ། །

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཝང་ལིས་ཅོན་ལགས་ལ།
    ་་་ ལྐོག་དངུལ་རུལ་སུངས་ཀྱི་ཉེས་མིང་འོག་དུས་བཀག་བཙོན་འཇུག་ལོ་ ༩ ཁྲིམས་ཆད་ཕོག་ཡོད་ཀྱང་། མཐའ་མའི་ཐག་གཅོད་ལ་ཉེས་ཆད་ཁག་ཕྱོགས་བསྡོམས་ཀྱིས་ལོ་ ༡༥ དུས་བཀག་བཙོན་འཇུག་དང་། ལོ་གཅིག་གི་ཆབ་སྲིད་ཁེ་དབང་འཕྲོག་ཡོད་འདུག ་་་ཟེར་བ་འདི་ལ་ཨ་རུ་གཞུང་ནས་ཁས་བླངས་ཐུབ་པ་ཅིག་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese