མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པའོ་ཀཱ་ཀཱའི་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་པའོ་ཀཱ་ཀཱས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། རྒྱ་གཞུང་གིས་ཁོའི་ཕ་ལ་སྐྱོན་འདོན་ཞུ་གཏུག་བྱས་པ་དེར་ངོས་ལེན་བྱ་ཐབས་དཀའ་བ་བརྗོད་འདུག

ཕྱི་ཟླ་ ༩ ཚེས་ ༢༩ ཉིན་པའོ་ཀཱ་ཀཱ་ཡིས་ཝེ་པའོ་དྲ་རྒྱ་བརྒྱུད་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། ཁོ་རང་ངོས་ནས་ཁོའི་ཕ་པའོ་ཞི་ལའེ་ལ་སྐྱོན་འདོན་ཞུ་གཏུག་ཕོག་ཡོད་པར་ཡིད་ཆེས་བྱེད་ཐབས་བྲལ་བ་དང་། དེའི་རྒྱུ་མཚན་ནི། པའོ་ཞི་ལའེ་ཡིས་ལག་བསྟར་བྱས་པའི་སྲིད་ཇུས་རེ་འགའི་ཐད་ལ་རྩོད་རྙོག་ཡོད་ཀྱང་། ད་ལྟའི་སྐྱོན་འདོན་ཞུ་གཏུག་དེ་དག་ནི་ཁོ་རང་ཆ་རྒྱུས་ཡོད་པའི་ཁོའི་ཨ་ཕའི་གནས་བབ་དང་མཐུན་གྱི་མེད་སྐོར་བརྗོད་ཡོད་པ་མ་ཟད། ཕྱི་ཚེས་ ༣༠ ཉིན་གློག་འཕྲིན་བརྒྱུད་ཡོངས་ཁྱབ་གསལ་བསྒྲགས་དེའི་དྲ་སྐུད་ཨ་རིའི་ཧྭ་ཨར་ཅའེ་གསར་ཤོག་ལ་སྐུར་ཡོད་འདུག གསར་ཁང་དེའི་གསར་འགོད་པས་གློག་འཕྲིན་དེ་བརྒྱུད་ནས། པའོ་ཀཱ་ཀཱ་ལ་ཁོ་རང་རྒྱ་ནག་ཏུ་ཕྱིར་ལོག་ཐུབ་ཀྱི་ཡོད་མེད་དང་འཆར་གཞི་ག་རེ་ཡོད་མེད་དྲིས་པར།  པའོ་ཀཱ་ཀཱ་ཡིས་ལན་འདེབས་གང་ཡང་བྱས་མི་འདུག  

འདི་ལོའི་ཕྱི་ཟླ་ ༤ ནང་པའོ་ཀཱ་ཀཱ་ཡིས་ཨ་རིའི་ཧཱ་ཝར་ཌི་སློབ་ཆེན་གྱི་ཚགས་ཤོག་ཐོག་ཡོངས་ཁྱབས་གསལ་བསྒྲགས་སྤེལ་བའི་ནང་། ཁོ་རང་ཉིད་ཕྱི་རྒྱལ་ཁག་ཏུ་སློབ་གྲྭར་བསྐྱོད་སྐབས་ཀྱི་སློབ་ཡོན་རྣམས་ནི། ཁོ་རང་གི་ཨ་མ་ཀུའུ་ཁའེ་ལའེ་ཡི་ཁྲིམས་རྩོད་དང་རྩོམ་འབྲིའི་ཡོང་འབབ་དང་། ཕྱི་རྒྱལ་གྱི་སློབ་ཡོན་རག་བ་བཅས་ལ་བརྟེན་ནས་བྱུང་སྐོར་བརྗོད་ཡོད་པ་རེད། 

དེ་བཞིན། ཕྱི་ཟླ་ ༨ པའི་ནང་ཀུའུ་ཁའེ་ལའེ་ལ་ཁྲིམས་ར་མ་འཚོགས་པའི་སྔོན་ཙམ་ལ། པའོ་ཀཱ་ཀཱ་ཡིས་བསྐྱར་དུ་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ།   ཁོ་རང་ངོས་ནས་ཀུའུ་ཁའེ་ལའེ་ཡི་ཁྲིམས་རྩོད་པར་དཔང་མི་དང་དཔང་ཡིག་མཁོ་སྤྲོད་བྱས་ཡོད་པ་བརྗོད་འདུག  ཡིན་ནའང་། ཞིབ་ཕྲའི་ནང་དོན་རྣམས་གསལ་ཁ་བཏོན་མེད་པ་རེད། སྐབས་དེར་གསར་འགོད་པས་དྲི་བ་བཏོན་པར།  པའོ་ཀཱ་ཀཱས་རང་ཉིད་དང་ལྐོག་གསོད་ཐེབས་པའི་དབྱིན་ཇིའི་ཚོང་བ་ཧའེ་ཝར་ཊི་བར་གྱི་འབྲེལ་བ་དང་། ཁོ་རང་གི་ཨ་མའི་གྱོད་དོན་གནས་ཚུལ་སྐོར་ནས་བསམ་ཚུལ་བརྗོད་རྒྱུ་དང་ལེན་བྱས་མེད་པ་རེད།

ཀུའུ་ཁའེ་ལའེ་ཡིས་ལྐོག་གསོད་བྱས་པའི་དབྱིན་ཇིའི་ཚོང་བ་ཧའེ་ཝར་ཊི་ཡི་གྲོགས་པ་ཞིག་གིས། ཧའེ་ཝར་ཊི་ཡིས་པའོ་ཀཱ་ཀཱ་དབྱིན་ཇའི་ཧའེ་རའོ་སློབ་གྲྭའི་ནང་སློབ་འཇུག་གོ་སྒྲིག་ཐད་རོགས་རམ་བྱས་ཡོད་པ་བརྗོད་འདུག ད་ལྟའི་ཆར་རྒྱ་གཞུང་འབྲེལ་ཡོད་སྡེ་ཁག་གིས་གནས་ཚུལ་གང་རུང་ལ་རྐྱེན་བྱས་ཏེ་པའོ་ཀཱ་ཀཱར་འདྲི་བརྩད་ཀྱི་གནས་ཚུལ་གང་ཡང་བྱུང་མེད་མོད། ཡིན་ནའང་། རྒྱ་གཞུང་གིས་ཀུའུ་ཁའེ་ལའེ་དང་ཝང་ལི་ཅོན་གཉིས་ལ་ཁྲིམས་བཤེར་བྱས་པའི་སྙན་ཐོའི་ནང་པའོ་ཀཱ་ཀཱའི་མིང་ཐེངས་འགར་གསལ་འདོན་བྱས་ཡོད་པ་རེད།

དེ་སྔོན་པའོ་ཀཱ་ཀཱ་དབྱིན་ཇིའི་སྙན་གྲགས་ཅན་གྱི་སྒེར་གཅེར་སློབ་གྲྭ་ཁག་གཉིས་ནང་བསྐྱོད་ཡོད་པ་མ་ཟད། རྗེས་སུ་རིམ་པས་དབྱིན་ཇིའི་ཨོ་ཁི་སི་ཧྥོ་ཊི་མཐོ་སློབ་དང་ཨ་རིའི་ཧཱ་ཝར་ཌི་མཐོ་སློབ་གཉིས་སུ་བསྐྱོད་ཡོད་ལ། འདི་ལོའི་ཕྱི་ཟླ་ ༥ ནང་ཧཱ་ཝར་ཌི་མཐོ་སློབ་ཏུ་འབུམ་རབས་པ་སློབ་ཐོན་བྱས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གསུམ་གྱིས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཉིན་གྲངས་བརྒྱད་རིང་གི་གྲོས་ཚོགས་ཚོགས་དུས་བཅུ་པ་དབུ་འཛུགས་གནང་སོང་།

ཆུ་ཚོད་ ༢༠ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

ཧི་མ་ཅལ་མངའ་སྡེར་རང་བྱུང་གོད་ཆག་བྱུང་བར་ཐུགས་སྨོན་མཛད། 

༢༠༢༥/༠༩/༠༩
Demonstrators gather outside Nepal’s parliament during a protest in Kathmandu on Monday. Photograph: Prabin Ranabhat/AFP/Getty Image
Mobile App

བལ་ཡུལ་ནང་ངོ་རྒོལ་ཤུགས་ཆེན་བྱེད་བཞིན་ཡོད་པས་སྲིད་འགྱུར་སློང་ཉེན་ཡོད་འདུག

༢༠༢༥/༠༩/༠༩
གློག་བརྙན་གསའ་ཡི་མདུན་ངོས།
Mobile App

བོད་ཀྱི་གློག་བརྙན་གསའ་གཟེངས་རྟགས་མི་འདྲ་བ་བཞིའི་ནང་མིང་འདོན་བྱས་འདུག

༢༠༢༥/༠༩/༠༩
Anadolu Agency ASIA
Mobile App

རྒྱ་གཞུང་གིས་ཉི་ཧོང་གྲོས་ཚོགས་འཐུས་མི་ཞིག་ལ་ཉེས་ཆད་བཏང་།

༢༠༢༥/༠༩/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese