ཟླ་འདིའི་ཕྱི་ཚེས་ ༤ ནས་བདུན་ཕྲག་གཅིག་ལྷག་གི་རིང་༸གོང་ས་མཆོག་གིས་ཉི་ཧོང་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་སྐྱོང་རྒྱུ་ཡིན་འདུག
ཉི་ཧོང་གི་དད་ལྡན་པ་རྣམས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཕྱི་ཚེས་ ༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨།༠༠ ཡས་མས་སུ་༸གོང་ས་མཆོག་བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་གཙོས། གཞུང་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་སེར་སྐྱ་མི་མང་གི་ཕེབས་སྐྱེལ་ཁྲོད། གྷ་གྷལ་གནམ་ཐང་བརྒྱུད་ལྡི་ལིར་ཆིབས་བསྒྱུར་གནང་ཡོད་པ་དང་། ཕྱི་ཚེས་ ༤ ཉིན་གྱི་སྔ་དྲོ་ནས་བཟུང་ཉི་ཧོང་ཡོ་ཀོ་ཧཱ་མའི་པཱེ་སི་ཕེག་ཚོགས་ཁང་དུ་དད་ལྡན་ཆོས་ཞུ་བ་རྣམས་ལ་དགེ་བཤེས་གླང་རི་ཐང་པས་མཛད་པའི་༼བློ་སྦྱོང་ཚིག་བརྒྱད་མ༽ གསུང་ཆོས་གནང་རྒྱུ་དང་། ཉིན་རྒྱབ་དེར་ཡོད་མི་མང་ལ་༼རྐྱེན་ངན་བྱུང་སྐབས་བཟང་ཕྱོགས་ཀྱི་རེ་བ༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་རྒྱུ་ཡིན་འདུག
ཕྱི་ཚེས་ ༦ ནས་ ༧ བར་གྱི་ཉིན་གཉིས་རིང་རྒྱལ་ས་ཊོག་ཀོའུ་ ( TOKYO ) ཚན་རིག་པ་དང་ནང་པའི་མཁས་དབང་། དགེ་འདུན་པ་བཅས་དང་ལྷན་ ༼ནང་ཆོས་ཕྱི་ནང་གི་ཚན་རིག༽ ཅེས་པའི་བགྲོ་གླེང་ཐོག་ཆིབས་བསྒྱུར་གནང་རྒྱུ་དང་། ཕྱི་ཚེས་ ༡༡ ཉིན་ཉི་ཧོང་ཨོ་ཀི་ནཱ་ཝར་ཡོད་པའི་བྷི་ཌོ་ཀཱན་ཚོགས་ཁང་དུ་དཀའ་ངལ་ལས་འགྲོལ་བའི་ནུས་ཤུགས་དང་། མ་འོངས་པའི་མི་རབས་གསར་བ་ཚོར་ལམ་སྟོན་བཀའ་སློབ་གནང་རྒྱུ། ཕྱི་ཚེས་ ༡༣ ཉིན་ཉི་ཧོང་རྒྱལ་ས་ཊོག་ཀོའུ་ནང་སེམས་ཁམས་ཚན་རིག་སོགས་ཀྱི་བྱེད་སྒོ་ཁག་ནང་ལྷན་ཞུགས་གནང་རྒྱུ་ཡིན་འདུག
གསར་འགོད་པ། དོན་གོ
གསར་འགོད་པ་ལགས། ཕེབས་བསུ་མ་རེད། ཕེབས་སྐྱེལ་རེད། ཕེབས་བསུ་ཞུས་པ་དང་ཕེབས་སྐྱེལ་ཞུས་པ་གཉིས་ལ་ཁྱད་པར་མི་འདུག་གམ།
བཀུར་འོས་ཇོ་ཐོ་སྒྱིམ་པའི་གསར་འགོད་པ་ལགས།
སྣང་འཇོག་འགངས་ཅན་གྱི་ཤེས་བྱ་ཆེ་བའི་གསར་འགྱུར་འདི་རིགས་དུས་ཐོག་ཏུ་བཀོད་གནང་བར་བསྔགས་བརྗོད་ཡོད།
ངེས་པར་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་པའི་སྐོར་ཐད་འགོད་ཐུབ་པ་གནང་རོགས།
བཙན་བྱོལ་ནང་གི་དོ་སྣང་ཆེས་ཤོས་ཀྱི་དྲྭ་ཚིགས་འདིས་སྤྱི་ཚོགས་ཞབས་ཞུ་དང་ལམ་སྟོན་ཆེན་པོ་གནང་བཞིན་འདུག་པར་་་་་བལྟ་བཞིན་ཡོད་ལགས་་་
ཇོ་སྒྱིམ་བུ་ལགས། ཤུགས་རྒྱོབས་་་་་་་་་་་་་