མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་ཚོཊ་ཀྱིས་མཉམ་རུབ་བྱས་མ་སོང་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་བདེན་པའི་མེ་ལྕེ་ཡུ་རོབ་ཁུལ་དུ་སྐོར་སྐྱོད་སྐབས། ཁུལ་དེའི་ཆོས་ཚོགས་ཁག་ཅིག་གིས་མེ་ལྕེ་སྐོར་སྐྱོད་ཆབ་སྲིད་དང་འབྲེལ་བ་ཡོད་ཚུལ་བརྗོད་དེ་མཉམ་རུབ་བྱས་མི་འདུག

སུད་སི་གནས་སྡོད་པ་ཀླུ་རྒྱལ་དོན་འགྲུབ་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་ཡུ་རོབ་ཁུལ་གྱི་བདེན་པའི་མེ་ལྕེ། ཕྱི་ཟླ་ ༩ པའི་ཚེས་ ༢ ཉིན་ནས་མགོ་འཛུགས་ཀྱིས་རྒྱལ་ཁབ་ ༢༣ ནང་སྐོར་སྐྱོད་གནང་གྲུབ་ཏེ།  ཟླ་འདིའི་ཕྱི་ཚེས་ ༡ ཉིན་བདེན་པའི་མེ་ལྕེ་ཡུ་རོབ་སྤྱི་འཐུས་གྲྭ་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སྣེ་ཁྲིད་འོག་སུད་སིའི་གྲོང་ཁྱེར་འཛུ་རིག་ཏུ་འབྱོར་ཡོད་འདུག་ལ།  སྐབས་དེར་ས་གནས་བོད་མི་ ༧༠༠ ལྷག་ ( Bürkliplaz ) ཞེས་པའི་མཚོ་འགྲམ་གྱི་དངུལ་ཁང་ཆེན་མོའི་མདུན་ཐང་འཛོམས་ཏེ་ཕེབས་བསུ་གནང་ཡོད་པ་མ་ཟད།  སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་བདེན་པའི་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་དང་འབྲེལ་བའི་གཏམ་བཤད་དང་། སུད་སིའི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་ཚོགས་པའི་ (Socialist Party) འཐུས་མི་སྐུ་ཞབས་མཱ་ཁྲེན་ནེ་ (Martin Naef) ལགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གསུང་བཤད། དེ་བཞིིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་རིམ་པས་གསུང་བཤད་གནང་ཡོད་འདུག  

སྐབས་དེར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་འཁྲིད་པའི་བདེན་པའི་མེ་ལྕེ་ཟླ་གཉིས་ལྷག་གི་རིང་ཡུ་རོབ་རྒྱལ་ཁབ་ ༢༣ ནང་སྐོར་སྐྱོད་བྱས་སྐབས། བོད་པ་ཡོད་མེད་དང་བོད་དོན་སྐོར་ཤེས་མིན་གྱི་རྒྱལ་ཁབ་མང་པོར་སྐོར་སྐྱོད་བྱས་ཡོད་པ་དང་། ལྷག་པར་དུ་བོད་དང་བོད་ཀྱི་གནད་དོན་སྐོར་གོ་རྟོགས་མེད་པའི་རྒྱལ་ཁབ་ཁག་ལ་མེ་ལྕེ་སྐོར་སྐྱོད་ཀྱི་ལས་འགུལ་བརྒྱུད། བོད་དོན་འགྲེལ་བཤད་རྒྱག་པའི་གོ་སྐབས་བྱུང་བ་དེ་ལས་འགུལ་དེའི་གྲུབ་འབྲས་ཡིན་སྐོར་སོགས་གསུང་ཡོད་འདུག

ཁོང་གིས་ཐེངས་འདིའི་མེ་ལྕེ་སྐོར་སྐྱོད་སྐབས་ཀྱི་གནས་སྟངས་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐད་ཕྱི་རྒྱལ་གནས་སྡོད་བོད་མི་ཚོས་འགན་འཁུར་ཕྱོགས་ཐོག  “ བོད་ནང་བོད་མི་ཚོས་རང་སྲོག་བློས་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཐུབ་ཀྱི་ཡོད་པ་དེ་ང་ཚོ་སྤོབས་པ་སྐྱེ་གཞི་ཞིག་ཆགས་ཡོད་སྟབས། ང་རང་ཚོ་ཕྱི རུ་སྡོད་མཁན་མཁན་བོད་མི་ཚོས་རང་ཉིད་བོད་མི་ཡིན་པ་ངོས་ཟིན་པར་བྱས་ཏེ།  བོད་དོན་དང་འབྲེལ་བའི་ལས་འགུལ་ནང་མཉམ་ཞུགས་བྱ་རྒྱུ་གལ་ཆེན་པོ་རེད། ད་ལྟའི་ཆར་ཡུ་རོབ་ཁུལ་དུ་བོད་དང་འབྲེལ་བ་ཡོད་པའི་ཆོས་ཚོགས་གང་མང་ཞིག་བཙུགས་ཡོད་ཀྱང་། ཉེ་ཆར་ཚོགས་པ་དེ་དག་ནང་བདེན་པའི་མེ་ལྕེ་སྐོར་སྐྱོད་བྱེད་སྐབས། ཁོང་ཚོས་ལས་འགུལ་དེ་ཆབ་སྲིད་དང་འབྲེལ་བ་ཡོད་ཚུལ་བཤད་དེ་ང་ཚོར་མཉམ་རུབ་མི་བྱེད་པ་མ་ཟད། བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོབ་མེད་པའི་རྣམ་འགྱུར་བསྟན་སོང་། དེར་བློ་ཕམ་ཡོད།  ༸རྒྱལ་བ་རིན་པོ་ཆེ་ཡོ་རོབ་ཏུ་ཕེབས་སྐབས་ཚོགས་པ་འདིའི་རིགས་ཀྱིས་བོད་དོན་རྒྱབ་སྐྱོར་ཡོད་ཚུལ་བཤད་དེ། སྐུ་མདུན་དུ་བཅར་གང་ཐུབ་བྱེད་ཀྱི་ཡོད་པ་རེད། མ་འོངས་པར་བོད་མི་སུ་ཡིན་ཡང་འདིའི་རིགས་ལ་དོ་སྣང་དང་གཟབ་གཟབ་བྱ་དགོས་ཀྱི་འདུག ” ཅེས་འདས་པའི་མེ་ལྕེ་སྐོར་སྐྱོད་དང་འབྲེལ་བའི་གཏམ་བཤད་གནང་བ་མ་ཟད།  སུད་སི་གཞུང་གིས་ད་ལྟའི་བར་བོད་དོན་ལ་རྒྱབ་སྐྱོར་གནང་ཡོད་པ་ལྟར། མ་འོངས་སྔར་ལས་ལྷག་པའི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་བཅས་གནང་ཡོད་འདུག 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 6

  1. གངས་རིའི་བུ། says:
    ལོ་ 13 སྔོན།

    ཐབས་སྐྱོ་བོའི་གནས་ཚུལ་འདི་འདྲ་ཐོན་དུས་་་བོད་པ་ཞིག་ཡིན་ཕྱིར་སེམས་ལོས་ཕམ་་་འོན་ཀྱང་བྱེ་བྲག་མགའ་ལ་ལྟོས་ཏེ་བོད་ཕྱི་ནང་གཉིས་དང་སངས་རྒྱས་ཀྱི་བསྟན་པའི་དོན་དུ་ཆེས་དགོས་ངེས་ཀྱི་སྤྱི་ཚོགས་ཤིག་ལ་ངན་ཁག་དང་གདུག་རྩུབ་ཀྱིས་དམའ་འབོད་ཚད་ལས་རྒལ་བར་བཏང་བ་ནི་ལྷག་བསམ་རྣམ་དག་ཡིན་ན་ཆེས་མི་ཐད་པ་དང་ཡག་པོ་རྩ་བ་ནས་མ་རེད་་་་་་་་་ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་གིས་སངས་རྒྱས་ཀྱི་བསྟན་པ་འཛམ་གླིང་ཤར་ནུབ་ཀུན་ལ་སྤེལ་བའི་བཀའ་དྲིན་དང་བོད་ཀྱི་ཆབ་སྲིད་ལ་ཐོག་མཐའ་བར་གསུམ་ལ་ཇི་ཙམ་གལ་ཆེ་མིན་རང་ཅག་གི་སྲིད་སྐྱོང་ལྟར་བུའི་ཚད་ལྡན་གྱི་ཆབ་སྲིད་པ་ལས་རྒྱུད་ན་གསལ་པོ་ཤེས་ཀྱི་རེད་་་་་་དེ་མིན་ཁྱོད་ཚོ་གྲྭ་པ་བླ་མ་ལ་མི་དགའ་བ་ཡིན་ན་་་་་་ཁྱོད་ཚོས་སེམས་ཚབ་བྱ་དགོས་དོན་མི་འདུག་་་་་དགོན་པ་ཁག་ལ་གྲྭ་པ་ཉུང་ནས་ཉུང་དུ་རེད་ལ་འདི་ནས་མི་ལོ་ངེས་ཅན་ཞིག་ལ་གྲྭ་པ་སྟོང་བའི་དུས་ཤིག་ཏུ་སླེབས་པའི་ཉེན་ཁ་ཆེན་པོ་ཞིག་ཆགས་ཡོད་སྐབས་དེར་ཁྱོད་ཚོའི་རེ་བ་ཡོད་ཚད་འགྲུབ་པའི་ཚོར་སྣང་དགའ་པོ་ཞིག་རོལ་ཆོག་་་་་དེ་འདྲ་མིན་ན་ཁྱོད་ཚོས་སྤྱི་ཚོགས་ནང་ལ་བླ་མ་འདི་ཞེས་བྱ་བ་་་་་ཆོས་ཚོགས་འདི་ཞེས་བྱ་བ་རེད་ཅེས་གསུང་དགོས་པ་ལས་་་མ་གསུང་པ་གང་རེད་་་་གསུང་མ་ཕོད་པ་ཨ་རེད་་་་དཔའ་ཞུམ་པ་ཨ་རེད་་་་ཡང་ན་ལྐོག་རྔན་ཟ་རྒྱུའི་གྲ་སྒྲིག་ཨ་རེད་་་་་ངས་ཁྱོད་ཚོར་གདམ་ངག་ཟབ་མོ་གནང་ཆོག་་་་ད་ནས་གཟུང་བཤད་ཕོད་པའི་བློ་ཁོག་དང་གདིང་ཚོད་མེད་ན་་་ཅི་ཡང་མི་སྨྲ་བའི་རྟུལ་ཞུགས་འཛིན་དགོས་་་་་འདིས་སྤྱི་ཚོགས་ལ་མ་ཕན་ནའང་གཏོར་གཤིག་རྩ་བ་ནས་གཏོང་གི་མ་རེད།

    Reply
  2. རིག་རྒྱམ། says:
    ལོ་ 13 སྔོན།

    བོད་མི་མངས་སྤྱི་འཐུས་ལྷན་འཚོགས་ཀྱིས་གཞི་རྒྱ་ཆེ་བའི་ལུས་འགུལ་འདི་འདྲ་ཞིག་བདེ་བླག་ངང་མཇུག་བསྒྲིལ་བར་དགའ་སྤོབ་དང་བཅས་པའི་ཡིད་རང་གིས་སྔགས་བརྗོད་ཡོད། ཡིན་ནའང་ཆེས་ཡིད་ཕམ་པ་ཞིག་ནི་བཀུར་འོས་སྤྱི་འཐུས་ཐུབ་དབང་ལགས་ཀྱིས་གསུང་བཤད་ལྟར་ཁོང་རྣམ་པ་ཚོས་ད་ལྟའི་བོད་མགོ་ནག་ཚང་གི་འཇིག་ཉེན་གྱི་མིག་ཆུ་མིག་ཆུ་དམར་པོ་ཞིག་ཕྱིར་བསྟན་ཏེ་རྒྱལ་ཁབ་དེ་དག་ཏུ་བདེན་པའི་མེ་ལྕེ་སྐོར་སྐྱོད་བྱེད་སྐབས་བོད་རིགས་ཀྱི་ཆོས་ཚོགས་ཁྲེལ་མེད་ཁག་གཅིག་གིས་རྒྱབ་སྐྱོར་མ་བྱས་པ་མ་ཟད་ད་དུང་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་ཡོད་གནས་ཚུལ་བྱུང་ཡོད་པ་འདི་རེད། སྤྱིར་སྟངས་ཁོང་གིས་ཉེ་ཆར་ཚོགས་པ་དེ་དག་ནང་བདེན་པའི་མེ་ལྕེ་སྐོར་སྐྱོད་བྱེད་སྐབས། ཁོང་ཚོས་ལས་འགུལ་དེ་ཆབ་སྲིད་དང་འབྲེལ་བ་ཡོད་ཚུལ་བཤད་དེ་ང་ཚོར་མཉམ་རུབ་མི་བྱེད་པ་མ་ཟད། བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོབ་མེེད་པའི་རྣམ་འགྱུར་བསྟན་སོང་ཞེས་པ་ལས་ཆོས་ཚོགས་ཐམས་ཅད་ཀྱིས་རྣམ་འགྱུར་དེ་ལྟར་བསྟན་ཡོད་པ་ཡིན་ནམ། ཡང་ན་ཆོས་ཚོགས་རེ་ཟུང་ཞིག་གིས་ལྟ་སྟངས་གང་ཡིན་གསལ་འདོན་བྱས་མེད་ཀྱང་གང་ལྟར་གནས་ཚུལ་འདིས་བོད་པའི་རུས་ཁོག་ཡོད་པའི་མི་བུ་ཁྲི་སྟོང་མང་པོའི་བྲང་ཁོགུ་ཡིད་ཆད་དང་བློ་ཕམ་གྱི་ན་ཟུག་གིས་ཇི་ལྟར་ཁེངས་སུ་བཅུག་ཡོད་པ་ནི་ཐེ་ཚོམས་མི་དགོས་པ་ཞིག་རེད། ང་ཚོས་འདི་ལྟར་ལྟས་ཡོང་དུས་ཕྱི་ཕྱོགས་ཀྱི་ཆོས་ཚོགས་དག་གི་གྲས་ན་བསྟན་འགྲོ་ལ་སྲི་ཞུ་བླ་མེད་སྒྲུབ་མཁན་ཡང་རེ་ཟུང་བྱུང་ཡོད་པས་མཐའ་གཅིག་ཏུ་དམིགས་ཡུལ་དང་ཕུག་བསམ་མི་ལེགས་པར་སྒྲུབ་མི་འོས་ཀྱང་། ཆོས་ཚོགས་ཕལ་མོ་ཆེ་དག་ནི་བྱ་སྤྱོད་ནི་ཅི་འདྲའི་སྐྱི་གཡའ་ཞིང་དགོད་བྲོ་བ་མང་པོ་ཞིག་མཆིས་འང་། ཚོགས་ངན་དེ་དག་གི་མགོ་སྔ་བར་གསུམ་ན་འདོད་ཆགས་དང་ཞེ་སྡང་གི་མེ་འབར་ཞིང་ཆུ་ཁོལ་གྱིན་པའི་བླ་རྫུན་དང་གྲུབ་རྫུན་དགེ་བཤེས་ཁྲེལ་མེད་དེ་དག་གི་ཕ་རིས་སྨུག་པོའི་ལ་རྒྱ་རྒྱ་མོའི་སྟུ་ཡིས་སླུས་སོང་ངམ། རྒྱ་སྒོར་དམར་མོར་བཙོང་ཟིན། ཁོང་ཚོས་སངས་རྒྱས་ཀྱི་བསྟན་པའི་འཇིག་ཉེན་གྱི་ཐུགས་ཚབ་དབྱིན་མོ་རག་ནས་བརྗེད་སོང་ངམ། དབྱིན་སྒོར་ལོན་པས་བརླགས་སོང་རེད། ངོ་མ་བླ་མ་དང་སྤྲུལ་སྐུ་དེ་དག་གི་དོན་དམ་གྱི་མཆོག་གི་མཛད་པ་གང་དེ་ཡིན་ནམ། བདེ་བ་ཅན་དུ་མི་གེ་བྱུང་ནས་ཁོང་ཚོ་རྒྱལ་བ་འོད་དཔགས་མེད་ཀྱིས་འཛམ་གླིང་འདིར་སྒོར་མོ་འཚོར་དུ་བཏང་བ་ཡིན་ནམ། ཡང་ན་སྣང་བ་མཐའ་ཡས་ཀྱིས་འཛམ་བུ་གླིང་འདིར་ལོག་གཡེམ་བྱེད་དུ་མངགས་པ་རེད། མིན་ན་ཁོང་རྣམ་པ་བསྟན་པ་རིན་པོ་ཆེ་ནུབ་པ་འང་སངས་རྒྱས་ཀྱི་མཛད་པར་འདྲེན་སྲོལ་ཡོད་པ་ལྟར་ཤྭཀྱྭ་ཐུབ་པས་བསྟན་པ་བསྡུ་གསོག་རྒྱག་ཏུ་བཏང་། ཁོང་ཚོར་ཕ་རེུས་སྨུག་པོར་ལ་རྒྱ་མེད་ཀྱང་ཆོག ཁོང་ཚོར་མ་རིས་སྔོན་མོར་དུང་བ་མེད་ཀྱང་འགྲིག ཁོང་ཚོར་སྤུན་ཟླའི་ཚེ་སྲོག་ལ་བརྩེ་སེམས་མེད་ཀྱང་རུང་། ཁོང་ཚོས་སངས་རྒྱས་ཀྱི་བསྟན་པའི་འཇིག་ཉེན་མི་གཟིགས་ནའང་ཆོག ད་དུང་ཆུང་མ་དང་སྒོར་མོའི་འགྲོ་དོན་ཀུན་གཟིགས་ཤིང་མགོ་སྐོར་དང་ལོག་སྤྱོད་ཀུན་མཁྱེན་པའི་སྤྲུལ་བའི་སྐུ་དང་གྲུབ་པའི་དབང་ཕྱུགས་མཁས་དབང་དགེ་བཤེས་ནམ་པ་ཁོང་ཚོས་འཇིག་རྟེན་མི་ཚུལ་ལས་འདས་པའི་མཛད་པ་ཇི་ལྟར་བསྟོན་འདོད་ཀྱང་བསྟོན་དུ་ཆུག ཡ་ཤ་རུས་ཁྲག་གསུམ་གཅིག་པའི་ཆོལ་ཁ་གསུམ་གྱི་སྤུན་གྲོགས་ཚོ་ང་ཚོ་ད་དུང་དཔུང་གདང་སྤྲེལ་ནས་འགྲོ་དང་རྒྱ་དམར་པོའི་བཙན་འོག་ན་འུ་ཚང་གི་བདེན་པ་ཤེས་ཀི། ས་ཆེན་པོའི་ཡང་རྩེ་ན་འུ་ཚང་གི་སྙིང་སྟོབས་མཐོང་ཀི།

    Reply
  3. ཨ་མིའི་བུ། says:
    ལོ་ 13 སྔོན།

    རྒྱ་རྙིས་གསུངས་པ་ལ་རྗེས་སུ་ཡི་རིང་ཡོད། ངོ་སྤྱི་ཚོགས་ན་བཟང་ནང་གི་བཟང་ངན་གང་ཡིན་ཀྱང་མིང་བཟུང་བྱས་ན་ཡག་གི། དེ་མིན་ཚོགས་པ་ཁ་ཤས་མི་རེ་ཟུང་ཟེར་ནས་ཡམ་ཡམ་ཞིག་ལ་གོ་རྒྱུ་ཅི་ཡང་མི་འདུག་ལ། སྤྱི་ཚོགས་འདི་བཟང་ཕྱོགས་ཀི་ལམ་ཡང་ཁྲིད་མི་ཐུབ།

    Reply
  4. ཚྭ་སྒང་ཕོ་ཉ། says:
    ལོ་ 13 སྔོན།

    བོད་ལ་རང་དབང་དང་རང་ས་རང་བདག་ཞིག་མ་ཐོབ་བར་དུ་བོད་རྒྱུད་ནང་བསྟན་འདི་ཡང་རླུང་ནང་གི་མར་མེ་ཞིག་ལས་གང་ཡང་མ་རེད། གནས་ལུགས་དེ་ཡང་མི་ཤེས་མཁན་གྱིས་ཆོས་ཚོང་བ་འདི་ཚོས་ཨ་སྒོར་ཡུ་སྒོར་ལས་གཞན་གང་ཡང་མི་ཤེས་པ་ཡིན་ནམ། དངོས་གནས་སེམས་སྐྱོ་དགོས་པ་རང་རེད། བོད་ནང་གི་གྲྭ་བ་དང་ཨ་ནེ་དག་གིས་བོད་མི་རིགས་དང་རྒྱལ་ཁབ་སངས་རྒྱས་ཀྱི་བསྟན་པའི་དོན་དུ་རང་ལུས་མེར་བསྲེགས་རྒྱུན་ཆད་མེད་པར་བཏང་དང་གཏོང་བཞིན་པའི་དུས་འདིར། བོད་མི་སེམས་ཡོད་གཅིག་ཡིན་ན་ཀླད་རྩ་ཚང་མཁན་ཞིག་ཡིན་ན་འགྲེལ་བཤད་བྱེད་མི་དགོས་པ་རང་ནུས་གང་ཡོད་འབད་དགོས་ངེས་རེད།

    Reply
  5. རྒྱ་རྙི། says:
    ལོ་ 13 སྔོན།

    ཆོས་ཚོགས་རེ་ཟུང་གི་བླ་མ་དང་གྲྭ་བ་ཚོས་འདི་འདྲ་བྱེད་ཀྱིན་ཡོད་པ་དངོས་འབྲེལ་རེད་འདུག ཉེ་ཆར་ངའི་གྲོགས་པོ་ཞིག་གིས་ཀྱང་ར་ཤི་ཡའི་ནང་ཡོད་པའི་གཡུ་ལོ་རིན་པོ་ཆེ་ཟེར་བའི་བླ་མ་དེའི་དགོན་པའི་ནང་བདེན་པའི་མེ་ལྕེ་འཁྱེར་དུ་བཅུག་མ་སོང་ཟེར།
    བླ་མ་དེའི་ཕྱག་མཛོད་བསྟན་འཛིན་ཟེར་བ་ཞིག་ཡོད་པ་དེས་བདེན་པའི་མེ་ལྕེ་ནི་ཆབ་སྲིད་ཀྱི་བྱེད་སྒོ་ཡིན་པ་དང་། ང་ཚོའི་གྲྭ་ཚང་ནང་ཆབ་སྲིད་བྱས་ན་འགྲིག་གི་མ་རེད་ཅེས་བདེན་པའི་མེ་ལྕེ་འཁྱེར་ཡོང་དུ་བཅུག་མི་འདུག
    གཡུ་ལོ་རིན་པོ་ཆེ་ཟེར་བ་ནི་བོད་གཞུང་གི་དཔེ་མཛོད་ཀྱི་ལས་བྱེད་རྒན་པ་ཞིག་ཡིན་པ་དང་། བསྟན་འཛིན་ཟེར་བ་འདི་ཡང་བོད་པ་ངོ་མ་ཞིག་ཡིན་ཚོད་འདུག ད་དུང་༸གོང་ས་མཆོག་གི་མདུན་དུ་སོག་རིགས་ཁ་ཤས་ཁྲིད་དེ་དད་པ་ཡོད་མདོག་གིས་འཁྲབ་སྟོན་བྱེད་བཞིན་ཡོད་འདུག
    གནད་འགག་དང་དཀའ་ངལ་འདི་འདྲའི་སྐབས་སུ་བོད་མི་རིགས་ལ་སེམས་ཚོར་ཙམ་ཡང་མེད་པའི་མགོ་གཉིས་ཅན་འདི་ཚོ་བོད་པ་མི་མང་གིས་ངོས་འཛིན་གསལ་པོ་དགོས་རྒྱུ་ནི་གལ་ཆེན་པོ་འདུག

    Reply
  6. ཤུལ་ལུང་རྡོ་རྗེ། says:
    ལོ་ 13 སྔོན།

    ཆོས་ཚོགས་དེ་ཚོ་རྒྱ་ནག་དང་ལག་འབྲེལ་ཡོད་རྒྱུ་རེད། ཁོང་ཚོས་རྒྱབས་སྐྱོར་མ་བྱས་ན་ཧ་སང་དགོས་དགོས་དོན་ཅི་ཡང་ཡོད་མ་རེད། ཉིན་ཞིག་ལ་རྒྱལ་བ་རིན་པོ་ཆེས་རྒྱུད་པ་འདར་དུ་བཅུག་གི་རེད།

    དེ་ལས་སུད་སི་ནང་ལས་འགུལ་ལེགས་གྲུབ་བྱུང་སོང་བར་དགའ་བ་སྒོམ་ན་འགྲིག་གི་རེད། བོད་རྒྱལ་ལོ། ལྷ་རྒྱལ་ལོ། རང་བཙན་རྒྱལ་ལོ། རང་དབང་རྒྱལ་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese