མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་ ༣ གཟིཊ་འབུལ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༡ ནས་ ༤ ཉིན་བར་ངྷ་སར་འཚོཊ་བཞིན་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག རྒྱལ་སྤྱིའི་སྟེང་སྐད་གྲཊ་ཆེ་བའི་གློག་བརྙན་ ༢༦ གཟིཊ་འབུལ་དང་། གློག་བརྙན་འཛིན་བྱང་རེར་ཧིན་སྒོར་ ༡༠༠ རེ་སྤྲོད་དགོས་ཀྱི་ཡོད་འདུག

བོད་རིཊ་གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་བསྟན་འཛིན་བསོད་ནམས་བཟའ་ཟླ་གཉིས་དང་། འཛམ་གླིང་རྒྱལ་ཁབ་འདྲ་མིན་ནས་བཅར་བའི་གློག་བརྙན་འཁྲབ་ཁྲིད་པ་ཁག་ཅིག་གི་གོ་སྒྲིག་འོག  ཟླ་འདིའི་ཕྱི་ཚེས་ ༡ ནས་ ༤ ཉིན་བར་བཞུགས་སྒར་ངྷ་རམ་ས་ལའི་བོད་ཀྱི་ཟློས་ཚོཊ་ཁང་དུ། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་དང་པོ་ཚོགས་ཡོད་ལ།  ཐེངས་འདིའི་གློག་བརྙན་དུས་སྟོན་དབུ་འབྱེད་མཛད་སྒོར་དབུས་བོད་མིའི་སྒྲིག་འཛུཊ་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་།  བོད་མི་མང་སྤྱི་འཐུས་ཚོཊ་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། ཀང་རཱ་རྫོང་ས་གནས་རྫོང་དཔོན། ངྷ་ས་ཁུལ་གྱི་རྒྱ་གར་དམག་སྤྱི། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ། ངྷ་ས་ཁུལ་གྱི་བོད་དང་རྒྱ་གར། ཕྱི་རྒྱལ་མང་ཚོཊ་བཅས་ཁྱོན་མི་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་བྱུང་ཡོད་འདུག

གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་བསྟན་འཛིན་བསོད་ནམས་ལཊ་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ད་ལོར་བཞུགས་སྒར་དུ་འཚོགས་བཞིན་པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདིའི་སྟེང་། འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་ཁྲིད་པ་ཁག་ཅིག་བསླེབས་ཡོད་པ་མ་ཟད།  གློག་བརྙན་དུས་སྟོན་སྐབས་བོད་དོན་དང་འབྲེལ་བའི་གྲཊ་ཅན་གློག་བརྙན་གསུམ་དང་། ཨེ་ཛི་རིལ་དང་པཱ་ལི་སི་ཐན་གྱི་རྩོད་རྙོག་སྐོར་གྱི་གློག་བརྙན།  དེ་བཞིན།  བྷར་ཛིལ། ཨེ་ཇིབ། རྒྱ་གར། ཉི་ཧོང་སོགས་ཀྱི་གློག་བརྙན་བཅས་ཁྱོན་རྒྱལ་སྤྱིའི་ནང་སྐད་གྲགས་ཆེ་བའི་གློག་བརྙན་གསར་པ་ ༢༦ འདེམས་སྒྲུག་གིས་གཟིགས་འབུལ་ཞུ་བཞིན་ཡོད་པ་དང་།  དེའི་ཁྲོད་དངོས་བྱུང་གློག་བརྙན་ ༡༠ ་ཡོད་འདུག  གློག་བརྙན་དུས་སྟོན་དེ་ངྷ་ས་བོད་ཀྱི་ཟློས་གར་ཚོཊ་ཁང་དང་མེག་གྷན་ཁུ་ལོ་བྷི་གསོལ་མགྲོན་ཁང་ (club house) གཉིས་སུ་ཆ་བགོས་བྱས་ཏེ།  ལྟད་མོ་བ་ཚོར་ཉིན་མཚན་གཉིས་ཀར་གློག་བརྙན་གཟིཊ་འབུལ་ཞུ་བཞིན་ཡོད་ལ། གློག་བརྙན་ཆ་ཚང་གཟིགས་མཁན་གྱི་འཛིན་བྱང་ལ་ཧིན་སྒོར་ ༦༠༠ དང་། གློག་བརྙན་རེ་རེའི་འཛིན་བྱང་ལ་ཧིན་སྒོར་ ༡༠༠ རེ་ལེན་གྱི་ཡོད་འདུག

ཐེངས་འདིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གཟིགས་འབུལ་ཞུ་བཞིན་པའི་བོད་དོན་གློག་བརྙན་ཁག་ ༣ ནི།   ཨ་རིའི་གྲགས་ཅན་གློག་བརྙན་འཁྲབ་ཁྲིད་པ་སྐུ་ཞབས་མཱར་ཁུ་ཨེ་ལོ་ཊོ (mark Elliott) ལཊ་ཀྱིས་བཟོ་སྐྲུན་བྱས་པའི་༼ཡང་སྲིད ༽དང་། མཁས་དབང་ནམ་མཁའ་ནོར་བུའི་སྐོར་གྱི་གློག་བརྙན་༼ངའི་སྤྲུལ་སྐུ༽། བོད་ཀྱི་ཁམས་རྫ་ཆུ་ཁར་བཟོས་པའི་༼འབྲོག་ཁྱིམ་གྱི་མི་ཚེ༽ཞེས་པའི་གློག་བརྙན་བཅས་ཡིན་འདུག   དེ་བཞིན། མི་རིཊ་གཞན་པའི་སྐོར་གྱི་སྐད་གྲཊ་ཆེ་བའི་གློག་བརྙན་གཙོ་ཆེ་བ་ཁག་ནི། ཨེ་ཛི་རལ་དང་པཱ་ལི་སི་ཐན་བར་གྱི་རྩོད་རྙོག་སྐོར་གྱི་གློག་བརྙན་༼པར་ཆས་ཆག་རོ་ལྔ༽ཞེས་པ་དང་། བྷར་ཛིལ་གྱི་མོ་ཊ་གཏོང་མཁན་ཞིག་གི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་༼སེར་སྣ༽སོཊ་ཡིན་འདུག

རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གོ་སྒྲིག་པ་དང་བོད་རིཊ་གློག་བརྙན་འཁྲབ་ཁྲིད་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས་བརྗོད་ན།  རྒྱལ་སྤྱིའི་གློག་བརྙན་དུས་སྟོན་བཞུགས་སྒར་དུ་གོ་སྒྲིག་ཞུ་དགོས་དོན་གཙོ་བོ་ནི།  བཞུགས་སྒར་ངྷ་རམ་ས་ལ་ནི་༸གོང་ས་མཆོག་གི་བཞུགས་གནས་དང་འཛམ་གླིང་མི་རིཊ་སྣ་མང་འཛོམས་སའི་གལ་གནད་ཆེ་བའི་ས་ཆ་ཞིག་ཆཊ་ཡོད་ཀྱང་། ད་བར་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དུས་སྟོན་དང་།  ལྷག་པར་དུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སོཊ་གང་ཡང་ཚོགས་མྱོང་མེད་པར་བརྟེན། བཞུགས་སྒར་ཁུལ་དུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག་གོ་སྒྲིག་ཞུས་ན། གཅིག་ནས་འཛམ་གླིང་གང་སར་གནས་པའི་མི་མང་པོ་ཞིག་ངྷ་སར་ཡོང་སྟེ་རྒྱལ་སྤྱིའི་སྐད་གྲཊ་ཆེ་བའི་གློག་བརྙན་ཁག་ལ་རོལ་མྱོང་ཐུབ་རྒྱུ་མ་ཟད། ཞོར་དུ་ངྷ་སར་རྟེན་གཞི་བྱས་པའི་དབུས་བོད་མིའི་སྒྲིག་འཛུཊ་དང་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་ཤེས་རྟོཊ་ཡོང་ཐུབ་རྒྱུར་ཕན་ཐོཊ་ཡོད་པ་དང་། གཉིས་ནས་ངྷ་རམ་ས་ལའི་ས་གནས་བོད་པ་དང་རྒྱ་གར་ཡུལ་མིའི་བར་གླ་འཁོར་དུ་སྡོད་པ་དང་། ཚོང་ཁང་དུ་འགྲོ་རྒྱུའི་འབྲེལ་བ་ཙམ་མ་གཏོགས་དམིགས་བསལ་སྤྱི་ཚོཊ་འབྲེལ་བ་གང་ཡང་འབྱུང་ཐུབ་ཀྱི་མེད་སྟབས། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་བརྒྱུད་དེ་མི་རིཊ་ཕན་ཚུན་བར་མཐུན་སྒྲིལ་དང་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་ཆེད་ཡིན་འདུག 

འདི་ག་གསར་འགོད་པས་བསྟན་འཛིན་བསོད་ནམས་ལཊ་སུ།  རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་མང་ཚོཊ་ཀྱིས་དོ་སྣང་ཅི་ཙམ་ཡོང་གི་ཡོད་མེད་དང་། གློག་བརྙན་དུས་སྟོན་དེས་བོད་དོན་ཐོག་ཕན་ཐོཊ་ག་རེ་འབྱུང་མིན་སྐོར་དྲིས་པར། ཁོང་གིས་ “བོད་པའི་སྤྱི་ཚོཊ་ནང་རྒྱལ་སྤྱིའི་སྐད་གྲཊ་ཆེ་བའི་གློག་བརྙན་ལ་བལྟ་རྒྱུའི་གོ་སྐབས་རག་གི་མེད་དུས། ང་ཚོས་ད་ཐེངས་དམིགས་སུ་བཀར་ཏེ་ངྷ་སར་གོ་སྒྲིག་ཞུས་པ་རེད། ང་ཚོས་ལྟད་མོ་བའི་ཡོང་ཁུངས་ཀྱི་ཆ་ནས་བལྟས་ན། མང་ཆེ་བ་ཕྱི་རྒྱལ་དང་རྒྱ་གར་བ་ཡིན་པ་ལས་བོད་པ་ཧ་ཅང་ཉུང་ཉུང་རེད། གློག་བརྙན་ཟེར་བ་དེ་ད་ལྟའི་དུས་རབས་འདིར་ཧ་ཅང་གལ་ཆེན་པོ་རེད། ལོ་རྒྱུས་དང་གནས་ཚུལ། སྤྱིའི་གནས་སྟངས་ཤེས་རྟོགས་ཡོང་ཆེད་གློག་བརྙན་གྱིས་ཕན་ཐོཊ་ཆེན་པོ་ཡོང་གི་ཡོད། བོད་དོན་དང་འབྲེལ་བའི་གློག་བརྙན་ཅི་ཙམ་གྱིས་མང་བ་བཟོས་ན། དེ་ཙམ་གྱིས་བོད་ཀྱི་འཐབ་རྩོད་ཐོག་རང་བཞིན་གྱིས་ཕན་གྱི་རེད། གློག་བརྙན་དུས་སྟོན་དེར་ཁ་ཐུག་གིས་བལྟས་ན། བོད་དོན་དང་འབྲེལ་བ་མེད་བསྡད་པ་ལྟ་བུ་ཞིག་མཐོང་ཡང་། གློག་བརྙན་དུས་སྟོན་ཆེད་འཛམ་གླིང་གང་ས་ནས་ལྟད་མོ་བ་མང་པོ་ཞིག་ངྷ་སར་ཡོང་གི་རེད། དེའི་ཞོར་དུ་བོད་པའི་གནས་སྟངས་དང་འཐབ་རྩོད་སྐོར་ཤེས་ཐུབ་ཀྱི་རེད། འཐབ་རྩོད་ཟེར་བ་དེ་ཆབ་སྲིད་ཁོ་ན་ཙམ་མིན་པར་ཆོས་དང་རིག་གཞུང་། སྐད་ཡིག ལོ་རྒྱུས་བཅས་ཀྱི་ཐོག་འཐབ་རྩོད་བྱ་རྒྱུ་ཡོད་པ་རེད། ”ཅེས་བརྗོད་སོང་།

ཨ་རིའི་གློག་བརྙན་འཁྲབ་ཁྲིད་པ་གྲཊ་ཅན་སྐུ་ཞབས་མཱར་ཁུ་ཨེ་ལོ་ཊོ་ལཊ་སུ། ཁོང་གིས་བཟོས་པའི་གློག་བརྙན་༼ཡང་སྲིད༽ཀྱི་བརྗོད་བྱ་དང་ད་བར་བོད་དོན་སྐོར་གྱི་གློག་བརྙན་ཅི་ཙམ་བཟོས་ཡོད་མེད་དྲིས་པར། ཁོང་གིས་ “མ་གཞི་འཁྲབ་ཁྲིད་པས་གློག་བརྙན་ག་རེ་བཟོ་མིན་དེ་སོ་སོའི་དམིཊ་ཡུལ་ལ་རག་ལས་ཡོད། ང་རང་ཉིད་ལ་མཚོན་ན་ནང་པ་ཞིག་ཡིན་དུས། སེམས་ཀྱི་འབྲེལ་བ་དེ་རང་བཞིན་གྱིས་ནང་པ་དང་འབྲེལ་བ་ཡོང་གི་འདུག ༼ཡང་སྲིད༽ཅེས་པའི་གློག་བརྙན་དེ་ངའི་བཟོས་པའི་བོད་དོན་གློག་བརྙན་ཐོག་མ་མ་རེད། ང་རང་ ༡༩༧༢ ལོར་ངྷ་རམ་ས་ལར་ཡོང་བ་ཡིན། སྐབས་དེར་བོད་ཀྱི་དངོས་ཡོད་གནས་སྟངས་ཤེས་རྗེས། རིམ་བཞིན་རྒྱུད་སྟོད་དང་ཀརྨ་སྐུ་ཕྲེང་བཅུ་དྲུག་པ་སོཊ་དང་འབྲེལ་བའི་གློག་བརྙན་ཁ་ཤས་བཟོས་པ་ཡིན། མ་འོངས་པར་ཡང་ཀརྨ་སྐུ་ཕྲེང་བཅུ་བདུན་པའི་སྐོར་གློག་བརྙན་ཞིག་བཟོ་འཆར་ཡོད། ངའི་ངོས་ནས་བོད་དོན་དང་འབྲེལ་གློག་བརྙན་དགའ་ཤོས་དེ་༼སྐུ་མདུན༽རེད། ངས་ནམ་རྒྱུན་བོད་ཀྱི་ནང་ཆོས་དང་འབྲེལ་བའི་གློག་བརྙན་བཟོ་བཞིན་ཡོད། དེ་ནི་མི་རིཊ་གཞན་པ་རྣམས་ནང་པར་བསྒྱུར་རྒྱུའི་དོན་དུ་མིན་པར། ནང་ཆོས་ཀྱི་ལྟ་སྤྱོད་རྣམས་གཞན་ལ་གང་ཐུབ་ཀྱིས་ངོ་སྤྲོད་བྱེད་ཆེད་ཡིན། དེ་ང་རང་གིས་གནད་འགག་ཅིག་ཏུ་བརྩི་བཞིན་ཡོད། ད་བར་རྒྱལ་ཁབ་དང་ས་གནས་འདྲ་མིན་ནང་ངའི་གློག་བརྙན་བསྟན་པའི་ཉམས་མྱོང་ལ་བལྟས་ན། མང་ཚོཊ་ཀྱིས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་འདུག ”ཅེས་བརྗོད་སོང་།

ཕྱི་ལོ་ ༢༠༡༣ ལོའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེའང་བཞུགས་སྒར་ངྷ་རམ་ས་ལར་འཚོཊ་འཆར་ཡོད་འདུག

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༧ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 1

  1. གངས་རིའི་བུ། says:
    ལོ་ 14 སྔོན།

     བོད་ཀྱི་རྩ་དོན་གྱི་ཆེད་སྐུ་སྲོག་མེ་ལ་འཕུལ་བའི་དཔའ་བོ་དཔའ་མོ་དག་གི་དངོས་ཡོད་ཀྱི་གློག་བརྙན་ཕྱོགས་བསྒྲིགས་བྱས་ཟིན་པ་མི་ཉུང་བ་ཤིག་འདུག་ན་་་་་དེ་དག་གཅིག་ཀྱང་གྲགས་ཅན་གློག་བརྙན་༢༦ གི་ཕྲོད་དུ་མེད་པ་ག་རེད་ཡིན་ནམ་་་་ཨི་ཛི་རིལ་སོགས་ཀྱི་དཀའ་ངལ་གྱི་ལོ་རྒྱུས་ཀྱི་གདམ་ཐུབ་ལ་་་་མེ་སྲེགས་ཀྱི་དོན་ཅན་མ་གདམ་པ་ག་རེད་ཡིན་ནམ་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese