ཕྱི་ཚེས་ ༧ ཉིན་ཨ་རིའི་ཁྲིམས་ཁང་གིས། ཉེ་སྔོན་ཁ་ཆེའི་སྟོན་པར་དམའ་འབེབས་ཀྱི་གློག་བརྙན་བཟོ་མཁན་ཨ་རི་བ་གཏེ་བོ་ནཱ་ཀོའུ་ལཱ་(Nakoula Basseley Nakoula) ཞེས་པར་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཁྲིམས་ཁང་གིས་བརྗོད་པ་ལྟར་ན། ནཱ་ཀོའུ་ལཱ་ཡིས་ཁོ་རང་ལ་མི་གཉིས་ཀྱི་ལག་འཁྱེར་བཟོས་ཡོད་པ་སོགས་ད་སྔ་ཁྲིམས་འགལ་གྱི་ཉེས་དོན་ཁག་བཞི་ཙམ་ཡོད་པ་དང་། ལྷག་པར་དུ་ཉེ་སྔོན་ཁ་ཆེ་སྟོན་པར་དམའ་འབེབས་ཀྱི་གློག་བརྙན་བཟོ་འགྲེམས་བྱས་ཏེ། ཁ་ཆེ་ལུང་པ་ཁག་ཏུ་ཟིང་ཆ་ཆེན་པོ་བསླངས་པ་སོགས་ཀྱི་ཉེས་དོན་འོག་ལོ་གཅིག་རིང་བཙོན་འཇུག་དང་། ལོ་བཞིའི་རིང་རྟོག་ཞིབ་འོག་གནས་དགོས་པའི་ཁྲིམས་ཆད་བཅད་ཡོད་པར་བསྒྲགས་ཡོད།
ཁ་ཆེ་སྟོན་པར་དམའ་འབེབས་བྱས་པའི་གློག་བརྙན་དེ་བཟོ་འགྲེམས་བྱས་རྗེས། ཨེ་ཇིབ་དང་ལེ་བྷེ་ཡ་སོགས་ཁ་ཆེ་ལུང་པ་ཕལ་ཆེ་བའི་ནང་ཨ་རིར་ངོ་རྒོལ་ཤུགས་ཆེར་བྱས་ཡོད་པ་མ་ཟད། ཨ་རིའི་གཞུང་ཚབ་ཁང་ཁག་ལ་གཏོར་རྒོལ་གྱིས་ཨ་རིའི་གཞུང་ཚབ་པ་གཅིག་ཚུད་པའི་ཨ་རིའི་མི་བཅུ་ཡས་མས་ཤིག་དམར་གསོད་བཏང་ཡོད།
གསར་འགོད་པ། བནྡེ་སྐྱབས།
འདི་འདྲ་ཡངས་པོ་གཅོད་དགོས་ཟེར་ན་གོ་རྒྱུ་མི་འདུག་་་་་འདི་འདྲ་ཡངས་མོ་གཅོད་གྱི་འདུག་ཟེར་ཚིག་གི་སྡེབ་སྦྱོར་ལེགས་ཤིང་གོ་རྒྱུ་ཡང་ཡོད་ངེས་རེད
ཨ་རིའི་གཞུང་གི་ནག་ཉེས་འདི་འདྲ་ཡངས་པོ་གཅོད་དགོས་་ག་རེ་ཡིན་ནམ། རྒྱ་ནག་གཞུང་ཡིན་ན་སྲོག་ཁྲིམས་ཡིན་རྒྱུ་རེད། འཛམ་གླིང་འདི་མཚམས་རེར་གད་མོ་ཤོར་གྱི་འདུག རྫུན་མའི་གོང་བུ་ཞིག་ཡིན་ཟེར་བ་དེ་ཅི་མ་བདེན།།