མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐབས་ཟད་པའི་ཐབས་ཤེས་འདེམས་པ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྔ་བ་བརྒྱད་གསུམ་གཅིག་དྲུག་ནས།

ཕྱི་ལོ་ ༢༠༠༨ ནས་དེ་རིང་བར་དུ་བོད་ཀྱིས་ཞི་བའི་འཐབ་རྩོད་ཀྱི་ངོ་བོ་ཉིན་རེ་ནས་ཉིན་རེར་ཇེ་ཆེ་ཇེ་དྲག་ཏུ་འགྲོ་བཞིན་པའི་སྐབས་འདིར། འུ་ཅག་གི་མི་བུ་རེ་ཟུང་གིས་ཤ་ཚ་སྙིང་ཉེ་ཡིན་ཁུལ་གྱིས་ལས་འགུལ་གྱི་ངོ་བོ་སྒྱུར་དགོས་ཚུལ་བཤད་ཀྱི་འདུག དེ་ཚང་མའི་བསམ་ངོ་ལ་ཤར་རྒྱུ་ཞིག་རེད། རང་གི་ཟུངས་ཁྲག་གཅིག་པའི་མི་བུ་ཞིག་ཕར་ཞོག ཐ་ན་དུད་འགྲོ་འབུ་སྲིན་ཞིག་ཡིན་ཡང་མེ་ལ་མཆོང་ན་འདོད་པ་མེད་མཁན་ཤ་སྟག་རེད། ཡིན་ཡང་། བདེན་ལུགས་ལ་བརྩི་བཀུར་མེད་པའི་དམར་གཞུང་ལ་འདི་ལྟར་མེ་ལྕེ་དང་སྲོག་གིས་གླེང་སློང་ཞིག་མ་བྱས་ན་དྲང་མོའི་ལམ་ལ་གུས་པའི་བོད་རིགས་ལ་བདེན་ཁ་སྦྱིན་རྒྱུ་མ་རེད་ལ། བློ་ཡིད་ཚིམ་པའི་བདེན་ལུགས་ཤིག་ནམ་ཡང་རྙེད་རྒྱུ་མ་རེད། ངས་འདི་ལྟར་བཤད་ན་འུ་ཅག་གི་མི་བུ་གང་མང་ཞིག་གིས་ང་ལ་སྡིགས་སྨོད་བྱ་ངེས་ཀྱང་། ངས་ཅིས་ཀྱང་བཤད་མཚམས་མི་འཇོག གང་ཡིན་ཟེར་ན། རང་སྲོག་མ་གཏོང་ཞི་རྒོལ་སྡེབ་ཀྱིས་ལོངས་ཞེས་པའི་ཚིག་འདི་དག་ཧ་ཅང་གི་སྙན་ཆ་ལྡན་པའི་གསུང་སྟངས་ཡ་རབས་ཤིག་རེད་ལ། སྒེར་གཅོད་པའི་གདུག་རྩུབ་ཧ་མ་གོ་བའི་བཤད་སྟངས་དགོད་བྲོ་བ་ཞིག་ཀྱང་རེད།

དེ་དང་མཉམ་དུ་སྔོན་ཆད་ཀྱི་སྐད་ཆ་ཞིག་ཡིད་ལ་ཤར་སོང་། ༢༠༠༨ ལོ་འུ་ཅག་མི་བུ་གང་མང་ཞིག་གོམ་བགྲོད་ལ་འགྲོ་བཞིན་པའི་སྐབས་ཤིག་ལ།  འུ་ཚང་གི་ཆབ་སྲིད་པ་སྐོར་ཞིག་གིས་གཅིག་རྗེས་གཉིས་མཐུད་ཀྱིས་གསུངས་བཤད་འདི་འདྲ་ཞིག་གནང་སོང་། ༼བོད་ནང་ནས་བོད་མི་ཚོས་ངོ་རྒོལ་བྱེད་སྟངས་ཤེས་ཀྱི་མི་འདུག གངས་ཡིན་ཟེར་ན། དང་པོ་གྲ་སྒྲིག་མི་འདུག གཉིས་པ། མོ་ཊ་དང་སྦག་སྦག ཁང་བ་སོགས་ལ་རྡོ་གཞུས་ན་དམག་མིས་འཇུས་ཆོག་ཆོག་རེད། དེ་ལས་ང་ཚོ་ནང་བཞིན་གོམ་བགྲོད་བྱས་ན་ཐབས་ཤེས་གང་ཡང་མེད་པ་ཞེས་གདོང་དང་ལག་པའི་རྣམ་འགྱུར་ཡང་མ་འདྲ་བ་ཞིག་སྟོན་གྱི་འདུག༽ བསམ་ཚུལ་འདི་གཉིས་ཀྱིས་དྲི་མ་ཨ་ན་མ་ན་རེད་ལ། བོད་ནང་གི་གནས་བབ་ལ་རྒྱུས་ལོན་མེད་པའི་ཧམ་བཤད་ཅིག་ཀྱང་རེད།

དོན་དག་ལ་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་འདི་ལྟ་བུ་ཞིག་མེད་ན། སྒེར་གཅོད་པའི་མདུན་ན་གནས་ལུགས་ཤིག་འགྲོ་ས་མེད་པ་ང་ཚོས་ངེད་པར་དུ་ཤེས་དགོས། རང་ཅག་གི་དཔའ་བོ་དཔའ་མོ་དག་གིས་མ་ཤེས་མ་གོ་བར་ཧོལ་རྒྱུག་བྱས་པ་མ་རེད། ཐབས་ཟད་པའི་ཐབས་ཤེས་འདི་བདམས་པ་རེད། ཡང་གཅིག་བཤད་ན། རྒྱལ་ཁབ་གང་མང་ཞིག་གི་རང་བཙན་ཤོར་ཡོད་ལ། མང་པོ་ཞིག་ལ་རང་བཙན་རག་ཡོད། རང་བཙན་རྩོད་མཁན་གྱི་རྒྱལ་ཁབ་གང་མང་ཞིག་གི་མི་བུ་ག་ཚོད་ཅིག་གི་རང་སྲོག་ཤོར་ཡོད་པ་ལོ་རྒྱུས་ན་ཧ་ཅང་གསལ་བོ་རེད། དེའི་ཕྱིར། འུ་ཅག་ཡང་ལམ་བུ་འདིར་འགྲོ་མ་ཐུབ་ན་སྒེར་གཅོད་རིང་ལུགས་པར་རྒྱུ་འབྲས་བློ་མིག་ཅིག་ཉིན་མོའི་སྐར་མ་རེད། མ་གཞི་དྲ་གྲོགས་གང་མང་ཞིག་གི་བསམ་ཚུལ་འདི་རང་མི་རིགས་ལ་ཤ་ཞེན་གཅེས་སྤྲས་ཡོད་པའི་ལྷད་མེད་གསུང་སྟངས་ཤིག་རེད་ལ། ཤེས་ཡོན་པའི་འགན་ཁུར་ཞིག་ཡིན་པས་ཡིད་ཆེས་ཡོད། ཡིན་ཡང་། ཕུགས་རྒྱང་རིང་པོས་དཔྱོད་ཤེས་ཀྱི་མིག་ཟུང་ནམ་ཡང་བཙུམ་མི་རུང་།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡༦ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 8

  1. བྱ་གཞུང་འཇམ་བྷེ says:
    ལོ་ 14 སྔོན།

    སྐད་ཆ་འདི་ནི་སུས་ཀྱང་བཤད་ཐུབ་ཀི་མ་རེད་ལ་བཤད་པའི་ཐོང་ཐང་ཡང་ཡོད་བ་མ་རེད། རང་ཉིད་བདེ་བདེ་སྐྱིད་སྐྱིད་ངང་བསྡད་དེ་གཞན་གྱི་འདི་ལྟ་བུའི་ཛ་དྲག་གི་ལས་འགུལ་དང་གཟོད་པར་དཀའ་བའི་བློ་གཏོང་བྱས་དགོས་པ་རེད་ཟེར་ནས་སུས་བཤད་ཕོད་ཀི་རེད། ང་ཚོ་དང་ཁོ་ཚོ་སུ་ཡིན་ཡང་བོད་མི་རིགས་བདེན་དོན་དང་རང་དབང་གི་ཆེད་དུ་འབད་དགོས་པ་དང་བློ་གཏོང་བྱས་དགོས་པ་ནི་འདྲ་འདྲ་ཡིན་པ་ལས་གཞིས་ལུས་རྒྱ་ཆེ་མི་མང་གི་རྐྱང་རྐྱང་གི་འདི་ལྟར་བྱས་ཏེ། ང་ཚོས་ཁོ་ཚོའི་སྙིང་སྟོབས་ཆེ་རབས་དང་ལར་ཞེན་ཟབ་རབས་བཤད་དེ་ཁོ་ཚོ་རྐྱང་རྐྱང་མེ་མདའ་ཁར་བརྫངས་ནས་དེ་བསྡད་ལས་རྒྱུ་འབྲས་ལ་ག་ཡང་ག་ལ་རུང་།

    Reply
  2. ཨ says:
    ལོ་ 14 སྔོན།

    འུ་ཚོའི་ཛ་དྲག་གི་སྐབས་འདི་འདྲ་ཞིག་ལ་སོ་སོའི་ཐུན་མིན་ལྟ་ཚུལ་རྣམས། འདི་ལྟར་བརྗོད་པ་ནི་ངོ་མ་ཡི་རང་གི་ཡུལ་རེད། དོན་གྱི་སྙིང་པོ། རང་གི་ལྟ་ཚུལ་དེ་ཚང་འཛོམས་པ་ཞིག་གཙོ་བོར་བཤད་དགོས་པ་དེ་རེད། དེ་ནས་འུ་ཚོའི་སྤུན་ཟླ་འགས་མི་རིགས་རྩ་དོན་དུ་གླེངས་པའི་སྐད་ཆ་ལ། འུ་ཚོ་སུ་ཡིན་རུང་འདང་ཞིབ་མོར་བརྒྱབས་ནས་སྨྲ་རྒྱུ་གལ་ཆེན་རེད། ཐུགས་རྗེ་ཆེ། སྐད་ཆ་འདི་བདག་གི་བསམ་ཚུལ་ཡིན།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་་་ རང་ཅག་གི་དཔའ་བོ་དཔའ་མོ་དག་གིས་མ་ཤེས་མ་གོ་བར་ཧོལ་རྒྱུག་བྱས་པ་མ་རེད། ཐབས་ཟད་པའི་ཐབས་ཤེས་འདི་བདམས་པ་རེད། ཡང་གཅིག་བཤད་ན། རྒྱལ་ཁབ་གང་མང་ཞིག་གི་རང་བཙན་ཤོར་ཡོད་ལ། མང་པོ་ཞིག་ལ་རང་བཙན་རག་ཡོད། རང་བཙན་རྩོད་མཁན་གྱི་རྒྱལ་ཁབ་གང་མང་ཞིག་གི་མི་བུ་ག་ཚོད་ཅིག་གི་རང་སྲོག་ཤོར་ཡོད་པ་ལོ་རྒྱུས་ན་ཧ་ཅང་གསལ་བོ་རེད། ་་་་་་ཟེར།

    Reply
  4. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    རྔ་བ་ལེགས། ཤར་ཁུག་གིས་ཅི་བཤད་རྒྱུ་མ་ཤེས་པས་རེད་སྙམ།རྒྱའི་རྩ་ཁྲིམས་ལག་ཏུ་བཟུང་ནས་དབུ་མའི་ལམ་པ་ཚོ་སྔོན་ལ་ངེས་པར་འགྲོ་དགོས་རེད། གཞོན་ལྷན་རྒྱུན་ལས་དག་ལ་གཟིགས་འཚལ་ལོ། དེ་རྗེས་ཆོལ་ཁ་བཞིས་ལྷམ་སྒྲོག་བསྡམ་ནས་ཨང་གསར་ངང་སྡོད་དགོས་ངེས་རེད།གཞི་ནས་མི་མང་ལ་འབོད་བསྐུལ་ཞུས་ལ་ན། མིའི་ལུགས་དང་མཐུན་ནོ།།

    Reply
  5. རི་བོང། says:
    ལོ་ 14 སྔོན།

    ཆབ་སྲིད་ལ་ཅང་མི་ཤེས་མ་ཟད་བོད་རེས་མེར་བསྲེགས་བཏང་དུས་སྙིང་ལ་མི་བཟོད་པའི་ན་ཟུག་སྐྱེས་མཁན་ཞིག་ཡིན་ཀྱང། རང་དབང་དང་རང་བཙན་རྩོད་ལན་བྱེད་དགོས་ན་འདི་ལྟར་བྱེད་དགོས་རྒྱུ་རེད་སྙམ་གི ཁྱོད་ཀྱིས་བཤད་པར་རྒྱབ་སྐྱོར་ཡོད།

    Reply
  6. སེང་གེ says:
    ལོ་ 14 སྔོན།

    ཐབས་ཟད་པས་ཐབས་ཤེས་འདེམས་པ་མིན་པར། ཞི་བའི་ཐབས་ལམ་གཞན་ཡོད་མེད་དང། ལྷག་པར་རང་སྲོག་སྐྱོབ་ཆེད་འགོག་རྒོལ་སྣ་ཚོགས་ཀྱི་ཐབས་ཤེས་ཡོད་མེད་ཀྱང་བརྩམས་མི་འདུག་པ། དཔེར་ན། རྔ་བ་དང་རེབ་གོང་གི་རང་སྲེག་གཏོང་མཁན་རྣམས་ཀྱིས། རྔ་བ་དང་རེབ་གོང་ཁུལ་གྱི་དམར་ཤོག་དྲུང་ཆེ་གཉིས་གསོད་མི་ཐུབ་བམ། གསོད་དགོས་པའི་མི་རིགས་དབྱེ་འབྱེད་ཀྱི་ནག་ཉེས་སྟོན་རྒྱུ་མི་རྙེད་དམ། ཡིན་ནའང་དེ་ལྟར་གནང་མི་འདུག གཉིས་ནས་ཐབས་ཟད་ཟེར་བའི་ཐ་སྙད་འཇུག་ཡུལ་ནི། ཐབས་སྣ་ཚོགས་བྱས་ཟིན་རྗེས་ཕྱོགས་གང་ནས་བལྟས་ཀྱང་ཤི་བ་ལས་ཐབས་གཞན་མེད་པའི་གནས་སྟངས་སུས་བལྟས་ན་འང་མཐོང་ཐུབ་པ་ཞིག་ཡིན་དགོས་པ་རེད། དེ་ཡིན་དུས། རང་སྲེག་ཐབས་ཟད་པའི་ཐབས་ཡིན་ན་ཐབས་ཟད་སྟངས་བརྒྱད་གསུམ་གཅིག་དྲུག་ཟེར་བས་གསལ་འགྲེལ་གནང་མི་དགོས་སམ།། རྒྱུ་མཚན་སྔོན་ལ་བགྲང་སྡོམ་རྗེས་ནས་བརྒྱབས་ནས་མིའི་རྣ་བར་འགྲོ་བ་ཞིག་ཀྱང་རེད་བསམས།།

    Reply
  7. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    དྲ་གྲོགས་རྔ་བ་བརྒྱད་གསུམ་གཅིག་དྲུག་ལགས། ཚིག་བསྡུས་ཞིང་དོན་ཟབ་པས་གནས་ལུགས་ཞིག་གི་ཐད་ནས་ཉིང་ཁུངས་ཀྱི་སྐད་ཆ་དེ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད།

    Reply
  8. ཤག་སྒང་པ། says:
    ལོ་ 14 སྔོན།

    རེད།

    ད་ང་ཚོ་ངོ་མ་མུ་མཐུད་མཆེད་དགོས་པ་ལས་ཆད་ན་མི་རུང་བའི་དུས་སྐབས་ཤིག་ཏུ་སླེབས་པར་འདོད་དོ།།

    ལུས་སྲོག་ལོངས་སྤྤྱོད་ཐམས་ཅད་བློས་བཏང་མཛད་པའི་པུར་རྒྱལ་དཔའ་བོ་དཔའ་མོར་གུས་ཕྱག་འཚལ་ལོ།།

    ཆབ་སྲིད་དབྱེ་ཞིབ་ལ་ང་མཁས་ཟེར་མཁན་རྣམས་ལྷན་འཛོམས་ཀྱིས་ཇི་དགེར་དགོངས་འཆར་སྤུངས་དགོས་པའི་ཛ་དྲག་པོའི་དུས་སྐབས་ཤིག་ཀྱང་ཡིན་པར་འདོད་དོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese