མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལྗོངས་ཀྱི་འཐུས་མི་ཚོས་བོད་ཀྱི་སྐུ་ཚབ་མཚོན་ཐུབ་བམ།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཟླ་བ།

ཟླ་འདིའི་ཚེས་ ༨ ནས་ ༡༤ བར་པེ་ཅིན་དུ་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་པ་ཟེར་བ་དེ་དམ་དྲག་ཤིན་ཏུ་ཆེན་པོའི་འོག་ཚོགས་སོང་ལ། མི་མང་གི་འཐུས་མི་ཡིན་ཟེར་བའི་ཚོགས་ཞུགས་པའང་ཉིས་སྟོང་ལྷག་ཡོད་རབས་བཤད་སོང། དེའི་གྲས་སུ་རྒྱ་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་བོད་རིགས་ཀྱི་འཐུས་མི་ཁ་ཤས་ཀྱང་པེ་ཅིན་ལ་ལག་པ་རྐྱོང་དུ་ཕྱིན་ཡོད། ཐུ་བྷོད་བཙན་པོའི་རྒྱལ་ཁབ་ཀྱི་ཕ་ཤུལ་གྱི་བུ་ཟེར་ན་འདྲ། རྒྱ་ནག་གི་དབང་བསྒྱུར་འོག་གི་མནར་གཅོད་མྱོང་བཞིན་པའི་མི་རིགས་ཟེར་ནའང་འདྲ། གང་ལྟར་ཁོང་ཚོ་ཡང་བོད་མི་ཞིག་ཡིན་པའི་ཆ་ནས་བརྩེ་བ་དང་དུང་བ་ལོས་ཡོད་མོད། འོན་ཀྱང་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་པའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ཁོང་ཚོའི་གདོང་གི་འཛུམ་དང་ལུས་ཀྱི་ལྭ། ཕེབས་པའི་རྣམ་འགྱུར་སོགས་ཡིད་ལ་འཐད་པ་ཞིག་བྱུང་མ་སོང་། ཁོང་ཚོ་ལའང་དབང་ཆ་མེད་པ་དང་གདམ་ག་མེད་པ་ནི་ལོས་ཤེས་པ་མ་ཟད། བསམ་ཤེས་ཀྱང་བྱེད་ཐུབ་ཀྱི་འདུག་མོད། རྒྱ་གཞུང་གིས་བོད་མི་མང་གི་ཚབ་མཚོན་དུ་སྒྲོ་འདོགས་བྱེད་བཞིན་པའི་སྐད་ཆ་འདི་ཚོར་ཁོང་ཚོའི་ངོས་ནས་ཀྱང་འགན་མ་ཁུར་ན་ཁོང་ཚོ་ཙམ་མ་ཟད། ཁོང་ཚོའི་བུ་རབས་ཚ་རྒྱུད་ཚུན་ཆད་ལོ་རྒྱུས་ཀྱི་ཉེས་ཅན་པ་མི་ཆགས་པའི་ངེས་པ་མི་སྣང་སྙམ། དེ་ནི་ཆེས་འཇིགས་སུ་རུང་བ་ཞིག་སྟེ། རང་གི་གྲོད་ཁོག་གི་དོན་དུ་རང་གི་བུ་རབས་ཚ་རྒྱུད་ཚུན་ཆད་ནག་པོ་བཟོ་ཡི་ཡོད་པ་མིན་ནམ།

གང་ལྟར་དགག་བྱ་དང་དགོས་པར་བརྟེན་ནས་རྒྱ་གུང་ཁྲན་གྱི་ཁ་ལ་ཉན་ཞོར་ཉན་ཞོར་རང་ཉིད་བོད་མི་ཞིག་ཡིན་པའི་འགན་ཁུར་ཞོར་ལ་ཁུར་ཞོར་བྱས་ན་དེ་ནི་ཅིས་ཀྱང་གདམ་ག་ཞིག་ཡིན་ནའང།  བོད་མི་མང་དང་འབྲེལ་བ་མེད་ཅིང་བོད་མི་མང་གི་རེ་འདོད་མི་ཤེས་པའི་བོད་ཀྱི་སྐུ་ཚབ་ཅིག་གང་ནས་ཡོང་བ་ཡིན་ནམ། ད་ལྟ་བོད་ཆོལ་ཁ་གསུམ་ཟེར་བའི་ཁྱོན་ཆེན་པོ་འདི་ན་བཙན་པོའི་སྙིང་སྟོབས་ཀྱི་ཟིལ་ཤུགས་ཅན་ཚོས་གཅེས་པའི་ལུས་སྲོག་མེ་རུ་བསྲེགས་ནས་བོད་དོན་ཐད་ཀྱི་དགོས་འདུན་འདོན་གྱི་ཡོད་ཅིང་། ཕྱི་ནང་གི་རིག་པའི་གཞུང་ལ་འཇུག་པ་རྒྱས་པའི་བློ་གྲོས་ཅན་ཚོས་རྒྱ་གཞུང་ལ་བོད་མིའི་དཀའ་སྡུག་སྐོར་ཀྱི་སྙན་ཞུ་འབུལ་གྱི་ཡོད། དེ་བཞིན་དུ་མི་མང་དཀྱུས་མ་ཚོས་ཀྱང་མ་ཎི་འུར་འདོན་དང་མཆོད་མེ་སྟོང་ཚར་སོགས་ཀྱིས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་ལ། ཐ་ན་རྒྱ་གཞུང་གི་ལས་བྱེད་འཁུར་མཁན་གྱི་བོད་པ་ཚོས་ཀྱང་གདོང་པ་ཤོར་བ་དང་། གོས་ནག་པོ་གྱོན་པ་སོགས་ཀྱི་ལམ་ནས་རང་གི་བསམ་འདུན་མཚོན་པར་བྱེད་ཀྱི་ཡོད། འོན་ཀྱང་ད་རེས་ཀྱི་བོད་ཀྱི་སྐུ་ཚབ་ཏུ་བཤད་པ་འདི་ཚོས་ལུས་ལ་གཟབ་འཆོར་སྤྲས་ནས་པེ་ཅིན་དུ་ཕེབས་བྱུང་ལ། གདོང་པ་འཛུམ་གྱིས་ཁེངས་ནས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་སོང་། འདིའི་ཅི་ཞིག་མཚོན་གྱི་ཡོད་དམ། གསར་འགོད་པར་སྐད་ཆ་བཤད་དགོས་པ་དེ་ཚོའི་སྐོར་ལ་ང་ལ་དམིགས་བསལ་གྱི་བསམ་ཚུལ་ཞུ་འདོད་མི་འདུག རྒྱུ་མཚན་ནི་ཁོང་ཚོ་མི་འདོད་ནའང་རྒྱ་གཞུང་གི་བཀོད་སྒྲིག་ལྟར་བྱེད་དགོས་ངེས་རེད་སྙམ། 

མི་རིགས་འདིའི་མ་ཡུམ་ལྟ་བུའི་རླབས་ཆེན་གྱི་སྐྱེས་བུ་དེ་ཕྱིར་ཕུད་བཏང་བ་ནས། མི་གྲངས་བདུན་ཅུ་ལྷག་གིས་རང་ལུས་མེ་སྲེག་བྱས་ནས་དགོས་འདུན་བཏོན་པའི་དེ་རིང་གི་བར་གྱི་དཀའ་སྡུག་གི་ནམ་ཟླ་རིང་མོ་དྲན་ངོགས་ལ་ཐེངས་གཅིག་བླངས་ན། ད་གཟོད་མི་རིགས་འདིའི་སྐུ་ཚབ་མཚོན་པའི་མི་ཞིག་ཡིན་ཕྱིན། གདོང་པ་འཛུམ་གྱིས་ཁེངས་ཤིང་ལུས་ལ་གཟབ་འཆོར་སྤྲས་ནས་གསར་འགོད་པའི་མདུན་དུ་ཐོན་པའི་བློ་ཁོག་ཡོད་མི་སྲིད། རྒྱུ་མཚན་ནི་ཤེས་ལྡན་ཞིག་ཡིན་ཕྱིན་ཤ་མི་ཚ་ནའང་ངོ་ཚ་དགོས་ཀྱི་རེད་ཟེར་བའི་བོད་པའི་གཏམ་དཔེ་དེ་ཚོར་འདང་རྒྱག་ངེས་རེད། དེ་ལྟར་བསམ་ན་ཁྲེལ་དང་ངོ་ཚ་བོར་བའི་རྒྱ་གཞུང་འདིས་མི་འདིའི་རིགས་འདི་རྐང་བཙུགས་ནས་རུས་པའི་ནང་ན་རྐང་མེད་པའི་བོད་མི་ཞིག་ཏུ་སྒྱུར་གྱི་ཡོད་པ་འདྲ་ལ། རྒྱ་གཞུང་གི་ཅི་གསུངས་བཀའ་སྒྲུབ་བྱེད་མཁན་གྱི་བླ་བཙོང་བ་ཞིག་ཏུ་སྒྲུབ་ཀྱི་ཡོད་པ་འདྲ། དེ་བས་མི་འདི་ཚོས་གལ་སྲིད་རྒྱ་གཞུང་ལ་བློ་གཏོད་བཅོལ་གྱི་ཡོད་ན་དེ་ནི་རེ་བ་རྐུབ་ལ་བརྒྱབ་ན་བྱིན་རླབས་སྐྱག་པ་ལས་མེད་ཅེས་པའི་གཏམ་དཔེ་འདིས་ཉིན་ཞིག་ཁ་གྲག་ངེས་རེད་སྙམ།

གང་ལྟར་ཁོང་ཚོའི་སྐོར་ལ་རྒྱུས་མངའ་གང་འཚམ་ཡོད་པའི་མི་ཞིག་གིས་ང་ལ་འདི་ལྟར་བཤད་བྱུང་།  དེང་སང་རང་སྐྱོང་ལྗོངས་ཀྱི་མགོ་འཁྲིད་བོད་རིགས་ཚོའི་གྲས་སུ་མི་ཚད་ལྡན་ཞིག་ཕལ་ཆེར་སླེབས་ཀྱི་མི་འདུག མང་ཆེ་ཤོས་ཤེས་ཡོན་མེད་མཁན་དང་། གུང་ཁྲན་ཏང་གི་ཁ་ལ་ཉན་མཁན་གྱི་གྲས་རེད། དེར་བརྟེན་ཁོ་ཚོས་བོད་ཀྱི་མ་འོངས་པ་ཧ་གོ་ཡི་ཡོད་པ་མ་རེད་ལ། བོད་ཀྱི་སྐུ་ཚབ་ཀྱང་མཚོན་ཐུབ་ཀྱི་ཡོད་པ་མ་རེད། ཉེ་ཆར་རང་སྟོད་ལུང་བདེ་ཆེན་རྫོང་དང་། ཆུ་ཤུལ་རྫོང་སོགས་ཀྱི་མགོ་འཁྲིད་ལྔ་ཙམ་ལས་གནས་ནས་ཕབ་འདུག ཁོང་ཚོ་ཚང་མ་བོད་རིགས་རེད། བོད་ལ་ཤ་ཞེན་ཅན་ཞིག་ཡིན་ཕྱིན་མེད་པ་བཟོ་ཡི་ཡོད་པ་རེད།

ངས་གྲོགས་པོ་འདིའི་སྐད་ཆ་དང་པེ་ཅིན་གྱི་བོད་པའི་འཐུས་མི་ཡིན་ཟེར་མཁན་ཚོའི་རྣམ་འགྱུར་དེ་མཐོང་ནས་རྩོམ་ཡིག་འདི་བྲིས་པ་ཡིན་ནའང།  འཐུས་མི་ཟེར་མཁན་ཁོང་ཚོར་དམའ་འབེབས་བྱས་པ་དང་མཐོང་ཆུང་བྱས་པ་རྩ་བ་ནས་མིན། ཁོང་ཚོའི་གྲས་ནའང་ཕྱི་ཚུལ་ཙམ་མ་གཏོགས་མི་རིགས་ཀྱི་ལས་དོན་རླབས་ཆེན་གནང་མཁན་དེ་འདྲ་ཡོད་སྲིད་ལ། མ་མཐའ་ཡང་བོད་རིགས་ཤིག་ཡིན་པའི་དུང་ཞེན་གཙང་མ་ཡོད་པ་ཡིན། ཡིན་ནའང་མི་ཚང་མའི་ཤེས་ཡོན་གྱི་གནས་ཚད་འདྲ་མཉམ་མིན་པར་བརྟེན་ཁོང་ཚོའི་ཁྲོད་དུའང་ཤེས་ཡོན་གྱིས་མ་འདང་བར་ཞབས་འདྲེན་ཞུ་མཁན་ཡང་ཡོད་སྲིད་པ་འདྲ། དེ་བས་དེ་ཚོར་དྲན་སྐུལ་ཞིག་དང་བརྡ་ལན་ཞིག་ཏུ་ཕུལ་བ་ཡིན། ད་ནི་རྒྱ་གུང་ཁྲན་ལ་བློ་སྙིང་བྲང་གསུམ་གཏད་ནས་སྡིག་པ་མིག་བཙུམས་མ་བྱས་ན་དགའ་བ་འདྲ། ཉིན་ཞིག་འགྱོད་པ་ནམ་མཁར་མི་ཤོང་བ་ཞིག་དང་ཉེས་པ་བཀྲུས་ན་མི་འདག་པ་ཞིག་འཁོར་བ་འདྲ། རྒྱུ་མཚན་ནི་བོད་མི་རིགས་ཀྱི་སྙིང་སྟོབས་འདི་རྒྱ་གུང་ཁྲན་གྱིས་འཇོམས་ཐུབ་པ་ཞིག་གཏན་ནས་རེད་མི་འདུག འདི་ནི་དུང་བའི་བརྡ་རྟགས་ཡིན། སེམས་ཀྱི་སྐད་ཆ་ཡིན།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ རྒྱ་གཞུང་གིས་བོད་མི་མང་གི་ཚབ་མཚོན་དུ་སྒྲོ་འདོགས་བྱེད་བཞིན་པའི་སྐད་ཆ་འདི་ཚོར་ཁོང་ཚོའི་ངོས་ནས་ཀྱང་འགན་མ་ཁུར་ན་ཁོང་ཚོ་ཙམ་མ་ཟད།
    ཁོང་ཚོའི་བུ་རབས་ཚ་རྒྱུད་ཚུན་ཆད་ལོ་རྒྱུས་ཀྱི་ཉེས་ཅན་པ་མི་ཆགས་པའི་ངེས་པ་མི་སྣང་སྙམ། དེ་ནི་ཆེས་འཇིགས་སུ་རུང་བ་ཞིག་སྟེ། རང་གི་གྲོད་ཁོག་གི་དོན་དུ་རང་གི་བུ་རབས་ཚ་རྒྱུད་ཚུན་ཆད་ནག་པོ་བཟོ་ཡི་ཡོད་པ་མིན་ནམ། ་་་་ཟེར།
    ཡང་།
    ་་་་་་ ད་ནི་རྒྱ་གུང་ཁྲན་ལ་བློ་སྙིང་བྲང་གསུམ་གཏད་ནས་སྡིག་པ་མིག་བཙུམས་མ་བྱས་ན་དགའ་བ་འདྲ། ཉིན་ཞིག་འགྱོད་པ་ནམ་མཁར་མི་ཤོང་བ་ཞིག་དང་ཉེས་པ་བཀྲུས་ན་མི་འདག་པ་ཞིག་འཁོར་བ་འདྲ།
    རྒྱུ་མཚན་ནི་བོད་མི་རིགས་ཀྱི་སྙིང་སྟོབས་འདི་རྒྱ་གུང་ཁྲན་གྱིས་འཇོམས་ཐུབ་པ་ཞིག་གཏན་ནས་རེད་མི་འདུག འདི་ནི་དུང་བའི་བརྡ་རྟགས་ཡིན། སེམས་ཀྱི་སྐད་ཆ་ཡིན། ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese