མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་འབྲུག་བར་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོར་མཐོང་།

བོད་ཀྱི་དུས་བབ།
༢༠༡༢/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་དུ་༸གོང་ས་མཆོག་གིས་སོག་པོ་ཚོ་གཙོས་མི་མང་ལ་གསུང་ཆོས་བཀའ་དབང་གནང་སྐབས། འབྲུག་པའི་མཐོ་རིམ་སློབ་གཉེར་པ་སྐོར་ཞིག་གསུང་ཆོས་ཞུ་རུ་ཡོང་ཡོད་པ་ཁག་ཅིག་དང་གླེང་མོལ།

ཟླ་འདིའི་ཕྱི་ཚེས་ ༢༠ ནས་ཉིན་གཉིས་རིང་༸གོང་ས་མཆོག་གིས་བཞུགས་སྒར་དུ་གསུང་ཆོས་བཀའ་དབང་གནང་བའི་སྐབས་སུ། རྒྱ་གར་གྱི་ཧཱ་རི་ཡཱ་ནཱ་མངའ་སྡེའི་ཀཱའེ་ཐཱལ་གྲོང་ཁྱེར་གྱི་ནེ་ལཱམ་(NIILM University) མཐོ་སློབ་ནང་སློབ་གཉེར་བྱེད་བཞིན་པའི་འབྲུག་པའི་མཐོ་སློབ་པ་སྐོར་ཞིག་གསུང་ཆོས་ཞུ་རུ་ཡོང་ཡོད་པའི་སྐབས་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་འདི་གའི་གསར་འགོད་པས་ཁོང་ཚོའི་ཁྲོད་ཀྱི་སློབ་མ་ཁག་ཅིག་དང་གླེང་མོལ་བརྒྱུད་ཁོང་ཚོས་བོད་པའི་ཐད་ལྟ་སྟངས་ག་འདྲ་ཡོད་མེད་ཀྱི་བསལ་ཚུལ་བསྡུས་ཡོད།

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། འབྲུག་པའི་ན་གཞོན་ཁག་ཅིག་གིས་ངྷ་སའི་སྐད་ཡིག་འཛིན་གྲྭ་འདྲ་མིན་ནང་བོད་ཡིག་གཙོ་བོར་གྱུར་པའི་རྒྱ་ཡིག་སོགས་ཀྱི་ཐད་སློབ་སྦྱོང་བྱེད་ཀྱི་ཡོད་འདུག་ལ། ཁོ་ཚོས་ནེ་ལཱམ་མཐོ་སློབ་དུ་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་ཚོར་༸གོང་ས་མཆོག་གིས་གསུང་ཆོས་བཀའ་དབང་གནང་གི་ཡོད་པའི་གནས་ཚུལ་བརྗོད་པ་ལྟར། མཐོ་སློབ་དེའི་ནང་གི་འབྲུག་པའི་སློབ་ཕྲུག་ ༢༠ ལྷག་བཞུགས་སྒར་དྷ་སར་གསུང་ཆོས་ཞུ་རུ་བསླེབས་འདུག  དེ་བཞིན། རྗེས་ཕྱོགས་ཀྱང་བཞུགས་སྒར་དུ་གསུང་ཆོས་རིགས་ཡོད་ཚེ་རྒྱ་གར་གྱི་ས་གནས་གཞན་དག་ཏུ་ཡོད་པའི་འབྲུག་པའི་མཐོ་སློབ་སློབ་ཕྲུག་ཚོར་འབྲེལ་བ་བྱས་ཏེ། གང་མང་མང་ཡོང་ཐུབ་རྒྱུར་འབད་བརྩོན་བྱ་འཆར་ཡོད་འདུག  གསར་འགོད་པས་ཐེངས་འདིར་དྷ་སར་གསུང་ཆོས་ཞུ་རུ་བསླེབས་མཁན་འབྲུག་པའི་མཐོ་སློབ་པ་ཁག་ཅིག་ལ་འབྲུག་པའི་ནང་བོད་ཀྱི་སྐོར་ལ་ཤེས་རྟོགས་ཅི་ཙམ་ཡོད་མེད་སྐོར་ནས་གླེང་མོལ་བྱས་ཡོད།

རིག་གསལ་རྡོ་རྗེ་ནི་འབྲུག་ཤར་ཕྱོགས་བཀྲ་ཤིས་སྒང་ནས་ཡིན་པ་དང་། ད་ལྟ་ངྷ་སར་བོད་ཡིག་དང་རྒྱ་ཡིག་སྦྱོང་གི་ཡོད་འདུག ཁོང་གིས་བོད་སྐད་ཡག་པོ་བཤད་ཤེས་ཀྱི་ཡོད་སྟབས། བོད་སྐད་ཅི་ལྟར་བསླབ་སྦྱང་བྱས་མིན་དྲིས་པར། ཁོང་གིས་སྤྱིར་འབྲུག་པའི་སྐད་དང་དམིགས་བསལ་ཡི་གེ་བོད་སྐད་དང་ཕལ་ཆེར་གཅིག་མཚུངས་ཡིན་པ་དང་། ལྷག་པར་དུ་འབྲུག་ཤར་ཕྱོགས་བཀྲ་ཤིས་སྒང་ས་གནས་ཀྱི་ཡུལ་སྐད་ནི་བོད་སྐད་དང་འདྲ་མཚུངས་ཡོད་སྟབས། འདིར་ཡོང་ནས་ལོ་གཅིག་མ་ཟིན་ཙམ་རིང་བོད་སྐད་བོད་ཡིག་སྦྱང་སྐབས་ལས་སླ་བོར་ཤེས་ཐུབ་ཀྱི་ཡོད་སྐོར་བརྗོད་བྱུང་།

ཁོང་ལ་བོད་སྐད་བོད་ཡིག་སྦྱོང་དགོས་པའི་རྒྱུ་མཚན་དྲིས་པར། བོད་ཡིག་ཡག་པོ་ཤེས་ན་གཞུང་གི་ལས་ཀ་ཡག་པོ་རག་གི་ཡོད་པས་ཁོ་ཚོ་ན་གཞོན་ཁག་ཅིག་འདིར་བོད་ཡིག་སློབ་སྦྱོང་བྱེད་དུ་ཡོང་པ་དང་། ཟུར་དུ་རྒྱ་ཡིག་སོགས་སྐད་ཡིག་གཞན་ཡང་སྦྱང་གི་ཡོད་ཟེར། ཡང་ཁོང་ལ་འབྲུག་ཡུལ་དུ་ཡོད་པའི་བོད་པ་ཚོ་དང་འབྲུག་པའི་འབྲེལ་ལམ་གང་འདྲ་ཡོད་མེད་དྲིས་པར། འབྲུག་ཡུལ་དུ་བོད་པ་སྐྱབས་བཅོལ་བ་དང་འབྲུག་གི་མི་སེར་ཆགས་ཡོད་པའི་བོད་པ་རིགས་གཉིས་ཡོད་པ་དང་། སྤྱིར་བཏང་འབྲུག་པ་དང་བོད་པ་གཉིས་བར་ཁྱད་པར་མེད་པ་མ་ཟད་སྤྱི་ཚོགས་ཀྱི་ལྟ་སྟངས་ཐོག་ནས་མི་རིགས་གཅིག་གི་མཐོང་སྣང་ཡོད་ཀྱང་། བོད་པ་སྐྱབས་བཅོལ་བ་ཚོར་དཀའ་ངལ་ཞིག་ཡོད་པ་ནི། ཁོང་ཚོའི་ཕྲུ་གུ་ཚོ་སློབ་གྲྭར་འགྲོ་སྐབས་འཛིན་རིམ་ ༡༠ རྒྱལ་ཡོངས་ཡིག་རྒྱུགས་གཏོང་པར་འབྲུག་གི་མི་སེར་ལག་འཁྱེར་དགོས་སྟབས། བོད་པ་སྐྱབས་བཅོལ་བ་ཚོར་དེ་མེད་པས་འཛིན་རིམ་ ༡༠ རྒྱལ་ཡོངས་ཡིག་རྒྱུགས་ནང་ཞུགས་ཐུབ་ཀྱི་མེད་པའི་དཀའ་ངལ་འཕྲད་ཀྱི་ཡོད་སྐོར་བརྗོད་བྱུང་།

གྷེ་ཊ་རཱའེ་(Geeta Rai) ནི་འབྲུག་ཡུལ་ཆུ་ཁ་ཁུལ་ནས་ཡིན་ཞིང་། གོང་གི་མཐོ་སློབ་ནང་གསར་འགོད་རིག་པའི་སྐོར་ལ་སློབ་སྦྱོང་བྱེད་ཀྱི་ཡོད་པ་དང་། ངྷ་སར་ཡོང་པ་ཐེངས་དང་པོ་ཆགས་ཡོད་འདུག ཁོ་མོར་ཐེངས་འདིར་ངྷ་སར་ཡོང་སྐབས་མྱོང་ཚོར་གང་འདྲ་བྱུང་སྐོར་དྲིས་པར། ངྷ་སའི་ཡུལ་ལྗོངས་དང་བོད་པའི་སྤྱི་མཚོགས་མཐོང་སྐབས་རང་ཉིད་སོ་སོའི་ཕ་ཡུལ་དུ་འབྱོར་པའི་ཚོར་བ་བྱུང་ཡོད་ཚུལ་དང་། ལྷག་པར་དུ་ཐད་ཀར་༸གོང་ས་མཆོག་གི་གསུང་ཆོས་ལ་ཉན་ཐུབ་པ་དང་ཁོང་སྐུ་དངོས་སུ་མཇལ་ཡོང་དུས་རང་ཉིད་སོ་སོར་རྨི་ལམ་མིན་ནམ་བསམ་པའི་སེམས་ཚོར་བྱུང་པ་དང་།  ༸གོང་ས་མཆོག་ལ་མཇལ་སྐབས་ཅི་ཡིན་འདི་ཡིན་མེད་པར་མིག་ཆུ་ཐོན་ཡོང་གི་འདུག་ཟེར།  

ཡང་ཁོང་ལ་འབྲུག་ཏུ་ཡོད་དུས་བོད་པའི་སྐོར་ཤེས་ཀྱི་ཡོད་མེད་དྲིས་པར། བོད་པའི་སྐོར་གང་འཚམ་ཤེས་ཀྱི་ཡོད་ཚུལ་དང་། འབྲུག་ཡུལ་དུ་ཡོད་པའིི་བོད་པ་ཚོ་མཐོང་ཡོང་དུས་སོ་སོའི་མི་ཞིག་ཡིན་པ་ལས་གཞན་མི་ཞིག་ཡིན་པའི་ཚོར་སྣང་བྱུང་མྱོང་མེད་སྐོར་དང་།  ཁོ་མོས་ཞིབ་ཚགས་པོ་ཤེས་ཀྱི་མེད་ཀྱང་བོད་དང་འབྲུག་གཉིས་ལ་ལོ་རྒྱུས་ཐོག་འབྲེལ་བ་ཡོད་པ་ཞིག་དང་། ལྷག་པར་དུ་ཆོས་དང་རིག་གཞུང་། སྐད་ཡིག གོམས་སྲོལ་སོགས་འདྲ་མཚུངས་ཡིན་པས། མི་རིགས་གཞན་དག་ལས་བོད་དང་འབྲུག་པའི་བར་འབྲེལ་བ་དང་གཅིག་ཕན་གཅིག་གྲོགས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད་ཚུལ་བརྗོད་བྱུང་།

ཚེ་རིང་བཟང་མོ་ནི་འབྲུག་གི་རྒྱལ་ས་ཐིམ་ཕུག་ནས་ཡིན་ཞིང་། ད་ལྟ་ ནེ་ལཱམ་མཐོ་སློབ་ཏུ་གསར་འགོད་རིག་པའི་ཐོག་སློབ་སྦྱོང་བྱེད་བཞིན་ཡོད་འདུག ཁོ་མོར་འབྲུག་ཡུལ་ནང་གི་བོད་པ་དང་འབྲུག་པའི་བར་གཉེན་སྒྲིག་བྱེད་མཁན་ཡོད་མེད་དྲིས་པར། བོད་པ་དང་འབྲུག་པ་གཉེན་སྒྲིག་བྱེད་མཁན་ཡོད་སྐོར་དང་། འབྲུག་ཡུལ་དུ་གཉེན་སྒྲིག་ཐོག་དེ་ཙམ་སྤྱི་ཚོགས་ཀྱི་གནོན་ཤུགས་མེད་ཅིང་། མོ་རང་གི་ལྟ་ཚུལ་ཡིན་ན་དེང་སང་འབྲུག་ནང་གི་གཉེན་སྒྲིག་ཕལ་ཆེ་བ་རང་མོས་གཉེན་སྒྲིག་ཤུགས་ཆེ་བ་ཡོད་པ་དང་། ཕ་མའི་ཐག་གཅོད་གཉེན་སྒྲིག་རིགས་ཤུགས་ཆེ་བ་མཐོ་རིམ་མི་སྣའི་ཁྱིམ་རྒྱུད་ཁྲོད་ཡོང་གི་ཡོད་སྐོར་བརྗོད་བྱུང་།

ཁོ་མོ་བོད་པ་ཞིག་མཉམ་དུ་གཉེན་སྒྲིག་བྱ་འཆར་ཡོད་དམ་འབྲུག་པ་ཞིག་མཉམ་དུ་འདུག་འདོད་ཡོད་ཅེས་དྲིས་པར། ད་ལྟའི་ཆར་དམིགས་བསལ་དེའི་སྐོར་ལ་བསལ་བློ་བཏང་མྱོང་མེད་སྐོར་དང་། དེ་སོ་སོར་བརྩེ་དུང་གི་འབྲེལ་བ་བྱུང་མིན་ལ་རག་ལས་པ་ཞིག་ཡིན་པ་མ་གཏོགས་སྔོན་ནས་ཐག་གཅོད་བྱ་ཐུབ་པ་ཞིག་མིན་ཚུལ་དང་། གལ་སྲིད་རང་ཉིད་བོད་པ་ཞིག་མཉམ་དུ་གཉེན་སྒྲིག་བྱས་ཚེ་ཕ་མས་དེར་དགག་པ་རྒྱག་གི་རེད་དྲན་གྱི་མི་འདུག་ཟེར།

དབྱངས་ཅན་སྒྲོལ་མ་ནི་འབྲུག་གཞལ་སྒང་རྫོང་ཁུལ་ནས་ཡིན་ཞིང་། ད་ལྟ་ནེ་ལཱམ་མཐོ་སློབ་ནང་ཚོང་ལས་འཛིན་སྐྱོང་སྐོར་ལ་སློབ་སྦྱོང་བྱེད་ཀྱི་ཡོད་འདུག ཁོ་མོས་མཐོ་སློབ་ནང་གྲོགས་པོ་གཞན་པ་ཚོ་ངྷ་སར་༸གོང་ས་མཆོག་གི་གསུང་ཆོས་ལ་འགྲོ་འཆར་བྱེད་ཀྱིན་པ་ཤེས་རྟོགས་བྱུང་སྐབས། རང་ཉིད་ཡོང་འདོད་འདུན་པ་ཆེན་པོ་སྐྱེས་པ་དང་། ཐེངས་འདིར་༸གོང་ས་མཆོག་ལ་དངོས་སུ་མཇལ་ཐུབ་པ་ནི་སོ་སོའི་མི་ཚེའི་ནང་གི་གཟི་བརྗིད་ཅིག་ཡིན་པར་དྲན་གྱི་ཡོད་སྐོར་བརྗོད་བྱུང་།

ཁོ་མོར་བོད་དོན་ལ་དོ་སྣང་ཡོད་མེད་དྲིས་པར། བོད་ནང་དུ་བོད་མི་ཚོས་སོ་སོའི་རྒྱལ་ཁབ་དང་མི་རིགས་ཆེད་རང་སྲོག་བློས་གཏོང་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་སྐབས། ཁོ་མོ་རང་ངོས་ནས་སེམས་པ་ཧ་ཅང་སྐྱོ་བོ་དང་ཁོང་ཚོར་གདུང་སེམས་མཉམ་བྱེད་ཀྱི་ཚོར་བ་ཤུགས་ཆེན་པོ་ཡོང་གི་ཡོད་ཚུལ། བོད་པ་དང་འབྲུག་གཉིས་ནང་པ་སངས་རྒྱས་པའི་རྗེས་འཇུག་གཅིག་མཚུངས་ཡིན་ལ། རིག་གཞུང་དང་སྐད་ཡིག གོམས་སྲོལ་སོགས་ཀྱང་གཅིག་མཚུངས་ཡིན་ཡང་། འབྲུག་པ་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པས་བོད་པ་ཚོའི་ཆེད་དུ་གང་ཡང་བྱེད་ཐུབ་ཀྱི་མེད་པ་དེར། ང་རང་ངོས་ནས་སེམས་གཏིང་ནས་བོད་མི་ཚོར་དགོངས་དག་ཞུ་ཞེས་དང་། མོ་རང་ཉིད་ལ་གོ་སྐབས་རེ་བྱུང་ཚེ་བོད་དང་འབྲུག་པའི་འབྲེལ་ལམ་གོང་འཕེལ་སྲ་བརྟན་གཏོང་འདོད་ཆེན་པོ་ཡོད་སྐོར་བརྗོད་བྱུང་།

ཀརྨ་དབང་མོ་ནི་འབྲུག་གི་རྒྱལ་ས་ཐིམ་ཕུག་ནས་ཡིན་ཞིང་། ད་ལྟ་ནེ་ལཱམ་མཐོ་སློབ་ནང་ཚོང་ལས་འཛིན་སྐྱོང་ཐོག་སློབ་གཉེར་བྱེད་བཞིན་ཡོད་འདུག ཁོ་མོར་འབྲུག་ནང་དུ་གཞོན་སྐྱེས་ཁྲོད་སོ་སོའི་སྐད་དང་ཡི་གེ་རྒྱུན་འཛིན་གྱི་གནས་སྟངས་ཅི་འདྲ་ཡོད་མེད་དྲིས་པར།  ཁོ་མོས་འབྲུག་པའི་ན་གཞོན་ཚོས་སོ་སོའི་སྐད་བཤད་རྒྱུའི་ཐད་དམིགས་བསལ་དཀའ་ངལ་མེད་ཀྱང་། ཡི་གེ་འབྲི་ཀློག་ཐད་ནས་སོ་སོའི་སྐད་ཡིག་རྫོང་ཁ་( Dzongkha ) ལས་དབྱིན་ཡིག་ཤུགས་ཆེ་བ་ཡིན་པ་མ་ཟད། ཕལ་ཆེ་བ་སོ་སོའི་སྐད་ཡིག་གི་འབྲི་ཀློག་ཞན་པོ་ཡིན་པ་དང་།  དེའང་འབྲུག་གི་གཞི་རིམ་དང་འབྲིང་རིམ་སློབ་གྲྭའི་སྐད་ཡིག་སློབ་ཚན་མ་གཏོགས་སློབ་ཚན་གཞན་ཕལ་ཆེ་བ་དབྱིན་ཡིག་ནང་ཡོད་པའི་རྐྱེན་གྱིས་ཡིན་པ་དང་། དེང་སང་འབྲུག་ནང་སོ་སོའི་སྐད་ཡིག་ཉམས་རྒུད་དུ་འགྲོ་རྒྱུའི་ཉེན་ཁ་ཞིག་འཕྲད་བཞིན་པ་དངོས་ཡོད་ཡིན་པ་མ་ཟད། སོ་སོའི་ས་ཁོངས་ནས་སོ་སོའི་སྐད་ཡིག་ཉམས་རྒྱུར་བློ་འཚབ་ཀྱིས་མང་པོ་ཞིག་ལ་དོ་སྣང་གསར་པ་ཞིག་བསླེབས་ཀྱི་ཡོད་ཀྱང་། དེ་ལམ་སང་སླར་གསོ་དང་ཡར་རྒྱས་བྱ་ཐུབ་རྒྱུ་ཁག་པོ་ཞིག་ཡིན་པར་མཐོང་གི་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 7

  1. ཁྱམས་འཇུགས་ says:
    ལོ་ 13 སྔོན།

    བཙན་བྱོལ་བོདམིའིའབྲུག་པའི་གྲྭ་བཙུན་གཙོས་པའི་གཞོན་སྐྱེ་གསོ་སྐྲོང་བྱས་པ་མང་པའི་བསམ་བློ་ཅུང་ཙམ་བཏང་ན་ཡག་པོ་ཡོད་

    Reply
  2. ཨ་གཙང་གནས་རྒྱམ། says:
    ལོ་ 13 སྔོན།

    ལོ་ངོ་སྟོང་ཕྲག་གི་རིང་ལ་གངས་རི་དཀར་པོ་འདིའི་འབྲེལ་ཐག་བརྒྱུད་ནས། འཚེེ་མེད་ཞི་བ་དང་ལྟ་བ་འབྱུང་གི་ལུགས་མཆོག་དྲི་མ་མེད་པ་འདི་ཉིད། ལོངས་སུ་སྤྱོད་པའི་ཆོས་གྲོགས་ཀྱི་མི་རིགས་འདི་གཉིས་མཛའ་བརྩེ་ལག་རྡང་སྦྲེལ་རྒྱུ་དེ། ཅང་གལ་ཆེན་རང་བཞིན་གྱི་ལས་དོན་ཞིག་རེད།

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    དུས་བབས་ཚང་ལ་མཐུན་ཕྱོགས་ཀྱི་བསམ་བརྗོད་ཁོ་ན་ལས་འགྲོ་ས་མེད་པ་འདིས། བརྒྱུད་ལམ་ཞིག་གིས་ངོ་བོ་མཚོན་མི་ནུས་ལ་དྲ་མཆན་པ་རེ་གཉིས་མ་གཏོག་འཁོར་གྱི་མེད་པ་རེད་ལ། ཚ་ཚ་འུར་འུར་གྱི་བགྲོ་གླེང་ནི་ཧ་ལམ་མེད་པ་འདྲ་ཞིག་རེད།

    Reply
  4. ཤར་མདའ། says:
    ལོ་ 13 སྔོན།

    གོང་དུ་དྲ་གྲོགས་སྤྲ་དཔལ་ལྡན་ལགས་ཀྱི་གསུང་པ་ལྟར་རེད་ངེས་པར་ཏུ་འུ་ཚོས་རིག་གཞུང་གཅིག་པ་དང་སྐད་ཡིག་གཅིག་ཅན་གྱི་མི་རིགས་འདི་ཚོ་དང་འབྲེལ་བ་གནང་གལ་ཆེ་གང་ཡིན་ཟེར་ན་སྔོན་མ་ཞིག་ལ་ཤར་པ་བསྟན་འཛིན་ཟེར་པ་ཞིག་གི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རིགས་ཤར་པ་དང་རྟ་མང་སོགས་མི་རིགས་འདི་ཚོ་བོད་དང་འབྲེལ་བ་ཡོད་པར་མ་ཟད་ད་དུང་བོད་མི་རིགས་རེད་ཟེར་ན་ཧམ་པ་མིན་ཚུལ་སོགས་གནས་ལུགས་ཅན་མང་པོ་གསུང་བ་ལྟར་རེད་དེ་ལྟར་འབྲེལ་བ་གནང་རྒྱུ་གལ་ཆེན་རེད་བརྗོད་འདོད་བྱུང་།    བརྩོན་རྒྱམ་ནས།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་་ ངྷ་སའི་ཡུལ་ལྗོངས་དང་བོད་པའི་སྤྱི་མཚོགས་མཐོང་སྐབས་རང་ཉིད་སོ་སོའི་ཕ་ཡུལ་དུ་འབྱོར་པའི་ཚོར་བ་བྱུང་ཡོད་ཚུལ་དང་། ལྷག་པར་དུ་ཐད་ཀར་༸གོང་ས་མཆོག་གི་གསུང་ཆོས་ལ་ཉན་ཐུབ་པ་དང་ཁོང་སྐུ་དངོས་སུ་མཇལ་ཡོང་དུས་རང་ཉིད་སོ་སོར་རྨི་ལམ་མིན་ནམ་བསམ་པའི་སེམས་ཚོར་བྱུང་པ་དང་། ༸གོང་ས་མཆོག་ལ་མཇལ་སྐབས་ཅི་ཡིན་འདི་ཡིན་མེད་པར་མིག་ཆུ་ཐོན་ཡོང་གི་འདུག་ཟེར། ་་་་་་ཟེར།

    Reply
  6. ཁ་བ་སྐམ་པོ། says:
    ལོ་ 13 སྔོན།

    བཅར་འདྲི་ཡག་པོ་བྱས་འདུག་པས་གསར་འགོད་པར་བཀའ་དྲིན་ཞུ་འདོད་བྱུང་།

    Reply
  7. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    ང་ཚོས་ངེས་པར་ཏུ་ རང་ཉིད་ཀྱི་རིག་གཞུང་གཅིག་པ་དང་སྐད་ཡིག་གཅིག་པའི་མི་རིགས་དག་ལ་དྲི་བ་དང་མྱོང་ཚོར་སྐོར་མང་པོར་གཅར་འདྲི་དང་བློ་ཐག་ཉེ་བོ་བྱས་ན་ཡག་པོ་འདུག རང་བཙན་དང་དབུ་མ་གང་ཡིན་ཡང་གཙོ་བོ་རིག་གཞུང་གི་རང་བཙན་ཡོད་ན་བོད་རང་བཙན་ཞོལ་ནས་ཐོབ་ཡོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese