མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཉན་ནད་རེག་དུག་གིས་ཁུ་སིམ་སིམ་མིའི་ཚེ་སྲོག་འཕྲོག་གི་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་གངས་སྐྱིད་དུ་འཛམ་གླིང་གཉད་ནད་རེག་དུག་ཉིན་མོ་སྲུང་གཙི་དང་འབྲེལ་འཕྲོད་བསྟེན་ལས་ཁུངས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ད་ཆར་བཙན་བྱོལ་བོད་མའི་གཞིས་ཆགས་ཁག་ཚང་མའི་ནང་གཉན་ནད་རེག་དུག་གི་ནད་གཞི་ཁྱབ་བརྡལ་དུ་འགྲོ་ཉེན་ཆེན་པོ་ཆགས་ཡོད་འདུག  

དེ་རིང་ཞོགས་པ་ཆུ་ཚོད་ ༩།༣༠ སྟེང་གངས་སྐྱིད་བཀའ་ཤག་ཚོམས་ཆེན་དུ་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག འཛམ་གླིང་གཉན་ནད་རེག་དུག་གི་ཉིན་མོ་སྲུང་གཙི་དང་སྦྲགས། ཟླ་བ་འདི་ཧྲིལ་བོར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གཉད་ནད་རེག་དུག་སྐོར་ལ་གོ་རྟོགས་སྤེལ་རྒྱུའི་གསར་འགོད་གསལ་བསྒྲགས་བསྐྱངས་སོང་ལ། དེ་དང་མཉམ་དུ་གཉན་དན་རེག་དུག་སྐོར་གྱི་གློག་བརྙན་ཐུང་ངུ་ཞིག་ཀྱང་སྦྱན་འབུལ་ཞུས་སོང་།

སྐབས་དེར་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ཀྱིས་ངོ་སྤྲོད་གནང་དོན་ལྟར་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ད་སྔ་ཤེས་རྟོགས་ཐུབ་པ་གཉན་ནད་རེག་དུག་ཕོག་མཁན་ ༡༣༠ ལྷག་བྱུང་ཡོད་ཅིང་། གཉན་ནད་ཀྱིས་འདས་གྲོངས་སུ་ཕྱིན་པ་ ༦༠ ཙམ་ཡོད་པ་ལས། བརྒྱ་ཆ་ ༨༠ ཙམ་ལུས་འབྲེལ་བྱས་པ་བརྒྱུད་ཕོག་ཡོད་སྐོར། ད་ཆར་བོད་མི་འདུས་སྡོད་གཞིས་ཆགས་ཁག་ཚང་མའི་ནང་གཉན་ནད་རེག་དུག་ཁྱབ་ཡོད་སྐོར་སོགས་གསུངས་སོང་།

འཕྲོད་བསྟེན་ལས་ཁུངས་ཀྱི་ཡིག་ཐོག་གི་གསར་འགོད་བསྒྲགས་གཏམ་ནང་བཀོད་པ་ལྟར་ན། གཉན་ནད་རེག་དུག་ཟེར་བ་དེ་ ༡༩༨༡ ལོར་ཐོག་མར་ངོ་འཕྲོད་དེ་ནད་གཞི་དེར་ཨེཌས་(HIV/AIDS) ཞེས་མིང་བཏགས་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས་ནད་གཞི་དེར་ཡོངས་གྲགས་གཉན་ནད་རེག་དུག་ཅེས་འབོད་ཀྱི་ཡོད་འདུག

བཙན་བྱོལ་བོད་མི་རྣམས་གང་སར་ཁ་འཐོར་ཡོད་པ་དང་། ཚོང་ལས་འདུ་འགོད་ཆེད་ས་གནས་གང་སར་འགྲུལ་བཞུད་བྱེད་ཀྱི་ཡོད་པ་བཅས་ལ་བརྟེན། ནད་གཞི་དེ་ཕོག་ཉེན་ཆེན་པོ་ཡོད་པ། གཉན་ནད་ཀྱི་ནད་འབུ་ཕོག་ཀྱང་རྒྱུན་རིང་པོར་ནད་རྟགས་མངོན་གྱི་མེད་སྟབས། སྣང་མེད་དང་ཁུ་སིམ་སིམ་ངང་ནད་ཚ་ཁྱབ་བརྡལ་དུ་འགྲོ་བཞིན་ཡོད་པ་བཅས་ལ་བརྟེན། བོད་མི་ཚོས་དུས་ནས་དུས་སུ་བརྟག་དཔྱད་དང་། ལྷག་པར་དུ་ཉེན་སྲུང་མེད་པར་ལུས་འབྲེལ་དང་། ཕན་ཚུན་ཁྲག་སྤྲོད་རེས། སྨན་ཁབ་མཉམ་སྤྱོད་སོགས་ལ་ཡིད་གཟབ་བྱ་དགོས་པའི་འབོད་སྐུལ་གནང་འདུག

གཉན་ནད་ཕོག་པ་ཤེས་འཕྲད་སྨན་སྦྱོར་དུས་ལྟར་བྱས་ན་ནད་ཚ་ཇེ་སྡུག་ཏུ་མི་འགྲོ་བ་མ་ཟད། རྒྱུན་ལྡན་གྱི་མི་ལྟར་འཚོ་གནས་ཐུབ་ཀྱི་ཡོད་པ་དང་། ལྷག་པར་དུ་གཉན་ནད་ཕོག་མཁན་ཚོར་སྤྱི་ཚོགས་ཀྱིས་མཐོང་ཆུང་ཁྱད་གསོད་མི་བྱེད་པར་བྱམས་བརྩེ་ལྟ་སྐྱོང་བྱ་དགོས་པའི་འབོད་སྐུལ་སོགས་གནང་འདུག

མཇུག་ཏུ་དྲུང་ཆེ་མཆོག་གིས། གཉན་ནད་རེག་དུག་གིས་རྐྱེན་པའི་འདས་གྲོངས་སུ་གྱུར་པའི་མི་འབོར་ནི་འཛམ་གླིང་དམག་ཆེན་གཉིས་པའི་ཁྲོད་རྐྱེན་འདས་སུ་གྱུར་པ་ལས་ཀྱང་མང་པ་ཆགས་ཡོད་པ་དང་། མི་རྣམས་ཀྱིས་དོ་སྣང་བྱེད་ཀྱི་མེད་པར་ནད་ཚ་དེས་ཁུ་སིམ་སིམ་ངང་མིའི་ཚེ་སྲོག་འཕྲོག་བཞིན་ཡོད་པ། གནས་ཡུལ་རྒྱ་གར་ནི་འཛམ་གླིང་གི་གཉན་ནད་རེག་དུག་དར་ཁྱབ་ཆེ་ཤོས་གསུམ་པ་དེ་ཆགས་ཡོད་སྟབས། བཙན་བྱོལ་བོད་མི་ཚོར་དམིགས་བསལ་ཉེན་ཚབས་ཆགས་ཡོད་སྐོར། བཙན་བྱོལ་སྤྱི་ཚོགས་ནང་ད་སྔ་ཤེས་རྟོགས་ཐུབ་པའི་ཁྲོད་གཉན་ནད་རེག་དུག་ཕོག་མཁན་ ༡༣༠ ལྷག་བྱུང་ཡོད་ཅིང་། གཉན་ནད་ཀྱིས་འདས་གྲོངས་ཕྱིན་པ་ ༦༠ ཙམ་ཡོད་པ་ལས། བརྒྱ་ཆ་ ༨༠ ཙམ་ལུས་འབྲེལ་བྱས་པ་བརྒྱུད་ཕོག་ཡོད་ཚུལ། ད་ཆར་བོད་མི་འདུས་སྡོད་གཞིས་ཆགས་ཁག་ཚང་མའི་ནང་གཉན་ནད་རེག་དུག་ཁྱབ་ཡོད་སྐོར་སོགས་གསུངས་སོང་།

གཞན། དེ་རིང་གི་གཉན་ནད་རེག་དུག་ཉིན་མོ་སྲུང་གཙིའི་ཆེད་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས། བཙན་བྱོལ་བོད་མིའི་གཏན་སློབ་ཆེ་ཁག་ནང་འཛམ་གླིང་གཉན་ནད་རེག་དུག་ཉིན་མོའི་བརྗོད་གཞི་དང་འབྲེལ་བའི་རྩོམ་ཡིག་འགྲན་བསྡུར་ཞིག་ཀྱང་གོ་སྒྲིག་བྱེད་ཀྱི་ཡོད་འདུག

དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ནས་ངྷ་ས་འདམ་ཀ་ཚོགས་པ་དང་ས་གནས་གཞོན་ནུ། ས་གནས་བུད་མེད། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་མཉམ་འབྲེལ་ཐོག མེག་གྷན་རླངས་འཁོར་འབབ་ཚིགས་སུ་འཛམ་གླིང་གཉན་ནད་རེག་དུག་ཉིན་མོ་སྲུང་གཙི་དང་སྦྲགས། མང་ཚོགས་ལ་གཉན་ནད་རེག་དུག་སྐོར་གྱི་ཡིག་ཆ་འགྲེམས་སྤེལ་གནང་ཡོད་པ་དང་། ཉིན་རྒྱབ་ཆུ་ཚོད་ ༣ ནས་མེག་གྷན་བོད་ཁྱིམ་ཉིན་སློབ་ཏུ་གཉན་ནད་སྐོར་གྱི་གློག་བརྙན་ཁག་ཅིག་ཀྱང་གཟིགས་འབུལ་ཞུ་འཆར་ཡོད་འདུག  

༢༠༡༡ ལོའི་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་སྙན་ཐོ་ལྟར་ན། ༡༩༨༡ ནས་ ༢༠༠༧ བར་འཛམ་གླིང་ནང་མི་ས་ཡ་ ༢༥ ལྷག་གཉན་ནད་རེག་དུག་གིས་འདས་གྲོངས་ཕྱིན་ཡོད་ཅིང་། ད་ལྟ་མི་ས་ཡ་ ༣༤ ཙམ་ལ་གཉན་ནད་རེག་དུག་གི་ནད་འབུ་ཕོག་ཡོད་འདུག  ༢༠༡༡ ལོ་གཅིག་པོར་གཉན་ནད་རེག་དུག་གིས་གྲོངས་པ་མི་ས་ཡ་ ༡།༧ ཙམ་ཆགས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

26 Trade Passes Issued As India-Tibet Border Trade Resumes Photo (ETV Bharat Archives)
Mobile App

འཕགས་བོད་གཉིས་ཀྱི་ལི་པུ་ལེག་ཚོང་ལམ་སྒོ་ཕྱེ་ནས་རྒྱ་གར་གྱི་ཚོང་པ་ཤར་གཏོང་བྱ་རྒྱུ་ཡིན་འདུག 

སྐར་མ ༤༢ སྔོན་ལ།
TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༠ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༢༠ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༢༡ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

༢༠༢༦/༠༦/༢༤

མཆན། 5

  1. ཀརྨ་དགེ་ལེགས། says:
    ལོ་ 14 སྔོན།

    སྦེང་ལོར་དང་ལྡི་ལི་སོགས་ཀྱི་བོད་རིགས་མཐོ་རིམ་སློབ་མ་དང་། འཚོང་རྒྱག་མཁན་བོད་མི་ཚོའི་ནང་དུ་རེག་དུག་ནད་ཚ་ཅན་མང་པོ་འཐོན་བཞིན་ཡོད་པ་གོ་སོང་། ད་ཚང་མས་ཡིད་གཟབ་གནང་ཚད་རེད།

    Reply
  2. མི་རྒོད། says:
    ལོ་ 14 སྔོན།

    ད་རིང་གནས་ཚུལ་འབྱོར་དོན་ལྟར་ད་ལྟ་བོད་ནང་གཉན་ནད་རེག་དུག་ཇེ་མང་དུ་འགྲོ་བཞིན་པ་རེད་ཤག། དེ་ཡང་གྲོང་གསེབ་བུ་མོ་སློབ་གྲྭ་མཐར་མ་གསོན་པ་རྣམས་རྒྱ་ཡི་མགྲོན་ཁང་ནང་ལས་གཡོག་རྒྱུགས་ནས་དངུལ་བབས་གསོག་ཁུལ་བྱེད་པ་དང་འགྲུལ་པ་ལུས་འབྲེལ་གྱིས་ནད་གྲོང་གསེབ་ཏུ་ཁྱབ་བཞིན་པ་རེད་ཤག་དེར་བརྟེན་ད་རེ་བོད་མིའི་བསྒྲིག་འཛུགས་ལ་རེ་འདོད་སྙིང་ནས་ཞུ་རྒྱུ་ལ་བྱ་བ་འདི་ལ་དམིགས་ནས་སྐྱོབ་ཐབས་ཀྱི་འབད་བརྩོན་གནང་རོགས་ཞུ་རྒྱུ་ཡིན།།། ས་གནས་ལྷ་ས་དང་། གཞི་རྩེ་ས་ཁུལ། བལ་བོད་ས་མཚམས་འགྲམ་སོགས་འགྲུལ་ལམ་ཡོད་སར་རྒྱ་དང་། བོད་པ་གཉིས་གཉེར་བཞིན་པས་ནང་མ་ཁང་དང་། མགྲོན་ཁང་ནང་ཁྱབ་བཞིན་འདུག་པས་དུས་རྟག་ཏུ་ཐུགས་གནང་གི་བོད་ཕྱི་ནང་གཉིས་སུ་སྐྱོབ་ཐབས་དགོས་པ་འདུག་ཞེས་འབོད་པ་ཞུ་ཡི་འདུག་ངས་ཚབ་བྱས་འདིར་མཆན་སྤེལ་ལོ།།།།
    ད་སྐྱོབ་ཤོག།།།།།

    Reply
  3. མི་རྒོད། says:
    ལོ་ 14 སྔོན།

    གཉན་སྲིན་རེག་དུག་འདི་བལ་ཡུལ་ནང་ཁ་ཁུ་སིམ་སིམ་གྱིས་ཁྱབ་བཞིན་པའི་གོ་གནས་འདུག་བོད་ཚང་འཕྲོད་བསྟེན་ལས་འགུལ་པ་དེར་གོ་རྟོགས་གང་དགའ་སྤེལ་དགོས་ལ་འདི་ཉེན་ཁ་ཆེན་པོ་རེད། བལ་ཡུལ་དང་། དེ་ནས་རྡ་ས། གཞིས་ཆགས་ཁག། སོགས་ལ་ཡོད་པས་ན་གཞོན་རྣམས་གཟབ་དགོས་པའི་དུས་ལ་བབ་ཤག།།།།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    AIDS = སྲིན་འཕྲུགས་འགོས་ནད། HIV = སྲིན་འཕྲུགས་ནུས་འཇོམས། ཞེས་བཏགས་ན་ག་འདྲ་འདུག་གམ།

    Reply
  5. རིག་བུད། says:
    ལོ་ 14 སྔོན།

    ལོ་འགའ་ཤས་གོང་ནས་བཙན་བྱོལ་སྤྱི་ཚོགས་ནང་གཉན་ནད་རེག་འདུག་འགོས་ཡོད་པ་མི་སུམ་བརྒྱ་ལྷག་ཅིག་ཡོད་པ་གསར་ལམ་དུ་ཐོན་ཡོད་པ་རེད། ངས་ཉེ་ལམ་གོ་ཐོས་ལྟར་ན་རྒྱ་གར་ལྷོ་སྦེང་ལོར་གྲོང་ཁྱེར་གཅིག་པོར་བོད་མི་གཉད་ནད་རེག་དུག་གི་ནད་ཚ་ཕོག་ཡོད་མཁན་བརྒྱ་ཁ་གང་ཚུལ་ཐོས་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese