མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲོལ་མ་སྐྱབས་ལ་གཟེངས་རྟཊ་ཕུལ་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་མཐུན་ཚོགས་དང་རྒྱའི་རང་དབང་སྨྱུག་ཚོགས་ཀྱིས། འདི་ལོའི་བཙོན་འོག་རྩོམ་པ་པོའི་གཟེངས་རྟགས་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་ཕུལ་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༡༥ ཉིན་ཏེ་བཙོན་འོག་རྩོམ་པ་པོའི་དུས་དྲན་ཉིན་མོར།  རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་མཐུན་ཚོགས་དང་རྒྱའི་རང་དབང་སྨྱུག་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ལོའི་བཙོན་འོག་གི་རྩོམ་པ་པོའི་གཟེངས་རྟགས་དེ།  ད་ལྟའི་ཆར་རྒྱའི་བཙོན་འོག་ཏུ་མནར་གཅོད་མྱོངས་བཞིན་པའི་བོད་རིགས་གཞོན་སྐྱེས་རྩོམ་པ་པོ་སྒྲོལ་མ་སྐྱབས་དང་རྒྱ་རིགས་རྩོམ་པ་པོ་ཝུ་ཡིས་ལཱོང་གཉིས་ལ་ཕུལ་ཡོད་ལ།  དེ་ནི་རྩོམ་པ་པོ་ཁོང་རྣམ་གཉིས་ཀྱི་རང་དབང་རྩོམ་འབྲིའི་སྙིང་སྟོབས་ལ་ཡི་རངས་གུས་བརྩི་དང་ཆེ་མཐོང་གཟེངས་བསྟོད་བྱས་པ་ཞིག་ཡིན་འདུག

དེ་བཞིན། བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱིས་ཁོང་གི་དེབ་ནང་དུ། “ཅི་ནས་ཀྱང་། ངས་བོད་མི་ཡོངས་ཀྱི་མདུན་དུ་པུས་མོའི་ལྷ་ང་ས་ལ་བཙུགས་ནས་རང་ཉིད་ཀྱིས་གང་ཤེས་པ་འབད་པ་ཆེན་པོས་ཁྱེད་ཅག་ལ་ཞུ་པར་འདོད། གཅིག་བྱས་ན་ཁྱེད་ཅག་གིས་སེམས་ནང་ངས་བྱབ་ཆུང་གི་ལས་ཀ་ཞིག་བྱེད་པར་འདོད་མོད། ཕྱོགས་གཞན་ཞིག་ནས་ཁྱེད་ཚོས་ང་རང་དབང་གི་ཆེད་དུ་དགྲ་བོའི་མེ་མདའི་ཁ་རུ་ལངས་བསྡད་ཡོད་པའང་མཐོང་ངེས་ཡིན། གང་ལྟར་འདི་ཚང་མ་ང་ཚོར་རང་དབང་གི་བདེ་སྐྱིད་འཐོབ་ཕྱིར་ཡིན། ” ཞེས་བརྗོད་ཡོད་པ་རེད།

གཞོན་སྐྱེས་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ནི། ཕྱི་ལོ་ ༡༩༧༦ ལོར་བོད་མདོ་སྨད་ཨ་རིག་སྟེ། ད་ལྟའི་རྒྱ་གཞུང་གིས་ས་ཁོངས་ཆ་བགོས་ལྟར་ན་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་འབྲོང་ལུང་སྡེ་བ་རུ་སྐྱེས་ཤིང་།  ཆུང་དུས་ནས་བཟུང་ཨ་རིག་སྡེ་བའི་སློབ་ཆུང་དང་། རྫོང་སློབ་འབྲིང་། མཚོ་སྔོན་ཞིང་ཆེན་དགེ་ཐོན་སློབ་ཆེན་བཅས་རིམ་པར་སློབ་མཐར་ཕྱིན་རྗེས། མདོ་ལ་རྫོང་སློབ་འབྲིང་དུ་དགེ་རྒན་གྱི་ཕྱག་ལས་གཉེར་པ་དང་། རྗེས་སུ་པེ་ཅིན་སློབ་ཆེན་དུ་ཞུགས་ཏེ་ཞིབ་འཇུག་སློབ་མའི་སྡེ་ཁག་ཏུ་མུ་མཐུད་སློབ་གཉེར་གནང་ཡོད་པ་རེད། 

རྩོམ་པ་པོ་ཁོང་ ༢༠༠༣ ལོར་རྒྱ་གར་ཏུ་བཙོན་བྱོལ་ཏུ་ཕེབས་ཏེ་སོག་སྒར་སློབ་གྲྭར་དབྱིན་ཡིག་སློབ་སྦྱོང་གི་ཞོར་དུ་༼ལྷིང་འཇགས་མེད་པའི་ཧི་མ་ལ་ཡ༽ ཞེས་པའི་དེབ་དེ་རྒྱ་ཡིག་ཐོག་རྩོམ་འབྲི་གནང་ཡོད་ལ།  ༢༠༠༤  ལོར་ཕྱིར་བོད་ནང་དུ་ལོག་སྟེ་ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་ནང་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། ལས་ཞོར་དུ་བོད་ཀྱི་ས་ཁམས་ལོ་རྒྱུས་ཀྱི་དེབ་ཅིག་ཀྱང་རྩོམ་འབྲི་བྱེད་མགོ་བརྩམས་ཡོད་ཀྱང་། ༢༠༠༥ ལོའི་ཕྱི་ཟླ་ ༣ ཚེས་ ༩ ཉིན་རྒྱ་གཞུང་ཉེན་རྟོག་པས་ཁོང་འཇུ་བཟུང་བྱས་ཏེ།  ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་སྟབས་ཀྱི་སྒོ་ནས། རྩོམ་པ་པོ་ཁོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོན་སྐྱོན་བཏང་བའི་ཉེས་མིང་འོག  ལོ་ ༡༠ དང་ཟླ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། ༢༠༠༧ ལོའི་ཕྱི་ཟླ་ ༧ པའི་ནང་ཁོང་མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཟི་ལིང་གི་བཙོན་ཁང་དུ་གནས་སྤོར་བྱས་ཏེ།  ད་ལྟ་དེ་གར་མུ་མཐུད་བཙོན་འཇུག་མནར་གཅོད་མྱོངས་བཞིན་ཡོད།

གཞན་ཡང་། རྒྱའི་རང་དབང་སྨྱུག་ཚོགས་ཀྱི་རྒྱུན་ལས་མཐུན་ཚོགས་ཀྱིས་འདི་ལོར་བོད་རིགས་རྩོམ་པ་པོ་བཀྲ་ཤིས་རབས་བརྟན་དང་། དཀོན་མཆོག་ཚེ་བྷེ། གངས་སྐྱེས་སྒྲུབ་པ་སྐྱབས། དེ་བཞིན། རྒྱ་རིགས་རྩོམ་པ་པོ་ཁྲིན་ཞི་དང་ཀོ་ཀྲི་ཧྲིན། རའོ་ཝུན་ཝེ། ལིས་པིས་ཧྥིན་བཅས་ནི་བཙོན་གྲོལ་ཡོང་ཐབས་བྱ་དགོས་པའི་རྩོམ་པ་པོ་གཙོ་བོའི་གྲས་སུ་དམིགས་སུ་བཏོན་ཏེ་རྒྱལ་སྤྱིའི་སྨྱུག་ཚོགས་ལ་སྙན་གསེང་ཞུས་ཡོད་འདུག

རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱི་༼བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་ཡི་གེ་ཞིག༽ཞེས་པའི་ནང་དུ། “ང་ཚོ་ཞེད་སྣང་སྐྱེ་མི་དགོས་ལ། མཆི་མ་ཡང་འདོན་མི་དགོས། ང་ཚོར་ངེས་པར་དུ་རྒྱལ་ཁ་ཐོབ་ཡོང་། ཁྱེད་ཚོ་སྟེ། སྙིང་ཉེ་བའི་བོད་རིགས་སྤུན་ཟླ་རྣམ་པ། ངའི་ཤ་ཉེ་ཚོ། ང་ཚོས་ངེས་པར་དུ་ལས་ཀའི་མཐའ་བསྐྱལ་དགོས། ང་ཚོ་ཉིན་ཞིག་གཟི་བརྗིད་ལྡན་པ་ཞིག་ཏུ་འགྱུར་ཐུབ” ཅེས་གདམས་ཡོད་པ་རེད།

ཕྱི་ལོ་ ༢༠༠༩ ལོར་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་ཧེལ་མན་ཧམ་མེ་ཊ་གཟེངས་རྟགས་ (Hellman/Hammett) ཀྱང་ཕུལ་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 8

  1. ཨ་རིག་འགྱུར་མེད། says:
    ལོ་ 13 སྔོན།

    རྟེན་འབྲེལ་ཞུ་བ་མ་ཟད། ཁོང་གི་མནར་གཅོད་དང་དཀའ་སྡུག་གི་ལོ་ཟླ་མགྱོགས་པོར་མཇུག་བསྒྲིལ་ཏེ། རང་དབང་གི་མཁའ་དབུགས་ཤིག་རྔུབ་ཐུབ་པར་སྨོན།

    Reply
  2. གདོང་ཕྲུག says:
    ལོ་ 13 སྔོན།

    དགའ་བསུ་ཞུ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་་“ང་ཚོ་ཞེས་༼ཞེད་༽སྣང་སྐྱེ་མི་དགོས་ལ། མཆི་མ་ཡང་འདོན་མི་དགོས། ང་ཚོར་ངེས་པར་དུ་རྒྱལ་ཁ་ཐོབ་ཡོང་། ཁྱེད་ཚོ་སྟེ། སྙིང་ཉེ་བའི་བོད་རིགས་སྤུན་ཟླ་རྣམ་པ། ངའི་ཤ་ཉེ་ཚོ། ང་ཚོས་ངེས་པར་དུ་ལས་ཀའི་མཐའ་བསྐྱལ་དགོས། ང་ཚོ་ཉིན་ཞིག་གཟི་བརྗིད་ལྡན་པ་ཞིག་ཏུ་འགྱུར་ཐུབ” ་་་་་་་་་་་

    Reply
  4. འཇིགས་བྲལ་བསྟན་འཛིན། says:
    ལོ་ 13 སྔོན།

    ཁོང་གི་ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་ནས་གླེང་བའི་དགོངས་ཚུལ་དེ་དག་ནི་ཧ་ཅང་ཚད་མཐོ་བའི་བསམ་བློ་དང་ཕུགས་མདུན་རེད། བཙན་བྱོལ་དུ་བསྒྱུར་བའི་དེབ་དེ་ཀློག་ཡོང་དུས། བསྒྱུར་རྩོམ་འདི་ཇི་བཞིན་འཁྱོངས་ཨེ་ཡོད་ན་བསམ་པ་ཆབས་ཅིག ཁོང་གི་བརྗོད་དོན་དེའི་མ་རྩ་བོད་ཡིག་ཐོག་ཡིན་ཆོག་ཨང་བསམ་གྱི་འདུག གང་ལྟར་ཁོང་ནི་དོན་གྱི་གཞིས་ལུས་བོད་མིའི་ཤེས་ཡོན་པའི་སྡེ་ཁག་གི་མགྲིན་ཚབ་པ་དང་། ཤེས་ཡོན་པ་སྤྱི་ཚོགས་ཀྱི་སྣེ་ཁྲིད་མཁན་ཡིན་དགོས་ཟེར་བའི་ཚིག་ལོ་དེ་ཁོང་གིས་ལག་བསྟར་གནང་ཡོད་པ་རེད། འདི་ནི་དེང་སང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ང་དང་འདྲ་བའི་སྨྱུག་ཐོགས་པའི་མིང་ཁུར་མཁན་ཚོས་ངེས་པར་ཤེས་དགོས་པ་རེད་བསམ་གྱི་འདུག

    Reply
  5. རི་བོང། says:
    ལོ་ 13 སྔོན།

    བུ་རྒོད་པོ་དེ་ད་གཟེངས་རྟགས་དགུ་བརྩེགས་ཤིག་སྤྲད་ཀྱང་ཉུང་ཚོད་ཡིན། ང་ཚོས་ཁོ་ལ་དགོངས་སེལ་ཇི་ལྟར་ཞུ་དགོས་པ་རེད།

    Reply
  6. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    བོད་ཀྱི་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་སུ། འཚམ་འདྲི་དང་གུས་འདུད་ཞུ།

    ཁོང་གིས་བརྩམས་གནང་བའི་《ལྷིང་འཇགས་མེད་པའི་ཧི་མ་ལ་ཡ།》བཀླགས་མྱོང་ཡོད། དོན་དམ་གྱི་རྩོམ་པ་པོ་ཞིག་གི་བསམ་བློ་དང་མིག་རྒྱང་ཡོད་པ་སྐབས་དེར་མཐོང་སོང་། ད་ལོར་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་བཙོན་འོག་རྩོམ་པ་པོའི་མཐུན་ཚོགས་དང་རྒྱའི་རང་དབང་སྨྱུག་ཚོགས་ཀྱིས། 《བཙོན་འོག་རྩོམ་པ་པོའི་གཟེངས་རྟགས་》དེ་ཁོང་ལ་ཕུལ་བས་གསལ་བཤད་བྱས་སོང་། གང་ལྟར། གནས་ཚུལ་འདི་ཐོས་མ་ཐག་དངོས་གནས་སེམས་སྟོབས་བསྐྱེད་སོང་།

    དེང་རབས་ཀྱི་བོད་པའི་རྩོམ་པ་པོ་རྣམས་རྒྱལ་སྤྱིའི་རྩོམ་པ་པོའི་སྡིངས་ཆ་ཟིན་གྱིན་པ་མཚོན་འདུག ལྷག་པར་དུ། ཡིག་བསྒྱུར་བའི་རྣམ་པའི་ངོས་ནས་བོད་རང་གི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་དུས་ཐོག་ཏུ་ཕྱིའི་སྐད་ཡིག་ཏུ་བསྒྱུར་རོགས་ཞུ།

    Reply
  7. རས་པ། says:
    ལོ་ 13 སྔོན།

    ༼ལྷིང་འཇགས་མེད་པའི་ཧི་མ་ལ་ཡ༽ ད་བར་དུ་ཧ་ཅང་ལྷིང་འཇགས་ཆགས་པ་རེད། དེ་རིང་གི་གསར་འགྱུར་འདི་ངོ་མ་གདུང་སེམས་མཉམ་སྐྱེད་རང་རེད།

    Reply
  8. ཚངས་གསར་འཕྲིན་ལས། says:
    ལོ་ 13 སྔོན།

    རྟེན་འབྲེལ་ཞུ། རྒྱལ་ཁའི་གཟི་བརྗིད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese