མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༢༠༣༠ ལོའི་འཛམ་གླིང་གི་འཕེལ་ཕྱོགས་དང་ཨེ་ཤ་ཡའི་འགྱུར་ལྡོག

བོད་ཀྱི་དུས་བབ།
༢༠༡༢/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཨ་རིའི་གསང་བའི་ལྷན་ཚོགས་ཀྱིས་མ་འོངས་པའི་འཛམ་གླིང་འཕེལ་ཕྱོགས་ཐད་ཉམས་ཞིབ་སྙན་ཐོ་ཞིག་བཏོན་ཏེ། ༢༠༣༠ ལོར་སའི་གོ་ལའི་འཕེལ་ཕྱོགས་ནི་གདམ་ག་རང་བཞིན་ཅན་གྱི་འཛམ་གླིང་གཞན་ཞིག་ཡིན་པ་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ཨ་རིའི་རྒྱལ་ཁབ་གསང་བའི་ལྷན་ཚོགས་ཀྱིས། ཤོག་ངོས་ ༡༦༦ ཅན་གྱི་ ༼༢༠༣༠ སའི་གོ་ལའི་འཕེལ་ཕྱོགས།   གདམ་ག་རང་བཞིན་གྱི་འཛམ་གླིང་གཞན་ཞིག༽ཅེས་པའི་མ་འོངས་འཛམ་གླིང་གི་འཕེལ་འགྱུར་ཐད་ཉམས་ཞིབ་སྙན་ཐོ་ཞིག་བཏོན་འདུག  སྙན་ཐོ་དེ་ནི་ཨ་རིའི་རྒྱལ་ཁབ་གསང་བའི་ལྷན་ཚོགས་ཀྱིས་འདས་པའི་ལོ་ ༤ རིང་འཛམ་གླིང་གི་འཕེལ་ཕྱོགས་ཐད་ཉམས་ཞིབ་བྱས་པ་ཞིག་ཡིན་པ་དང་། ཨ་རིའི་གསང་བའི་སྡེ་ཁག་ ༡༦ ལས་གཞི་འདིའི་ཁྲོད་མཉམ་ཞུགས་བྱས་ཡོད་ལ། རྒྱལ་ཁབ་ ༡༤ ལྷག་གི་རིག་གཞུང་ལས་རིག་དང་ཞིབ་འཇུག་སྡེ་ཚན། སྲིད་འབྱོར་སྡེ་ཁག་གི་དཔོན་རིགས་སོགས་ཀྱིས་རྟོགས་ཞིབ་བརྒྱུད་སྙན་ཐོ་དེའི་གྲུབ་དོན་རྙེད་ཡོད་པ་དང་། འདི་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུ་མཇུག་སྒྲིལ་རྗེས་གསར་ཏུ་འདེམས་ཐོན་བྱུང་བའི་སྲིད་འཛིན་ལ་དཔྱད་གཞིའི་ཡིག་ཆའི་ཚུལ་དུ་ཕུལ་ཡོད་འདུག 

སྙན་ཐོ་དེའི་ནང་མ་འོངས་པའི་ལོ་ ༡༨ ནང་། ད་ལྟའི་ཚན་རྩལ་གསར་བ་དང་ཉམས་ཆག་ཏུ་འགྲོ་བཞིན་པའི་རྒྱུ་ཆའི་ཐོན་ཁུངས་དང་། འཕེལ་ཤུགས་མྱུར་བའི་འཛམ་གླིང་གི་མི་འབོར་བཅས་ཀྱིས། མ་འོངས་པར་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་སྟོབས་ཤུགས་ཀྱི་སྙོམས་སྒྲིག་ལ་གཞི་རྩའི་འགྱུར་ལྡོག་འབྱུང་རྒྱུ་ཡིན་པ་མ་ཟད།  འགྱུར་ལྡོག་དེ་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་ངོས་ཐད་ནས་བཤད་ན་སྔར་བྱུང་མ་མྱོང་པའི་དཔེ་མཚོན་ཞིག་ཆགས་རྒྱུ་ཡིན་པ་རེད།

འཛམ་གླིང་ཧྲིལ་བོར་འགྱུར་བ་ཐེབས་བྱེད་ཀྱི་ཐོལ་བརྒལ་རང་བཞིན་གྱི་འཕེལ་འགྱུར་བཞི་ནི།  ཨ་རིས་རྒྱལ་སྤྱིའི་ཁྱོན་ལ་སྒེར་སྡོམ་སྟངས་འཛིན་གྱི་གནས་བབ་མཇུག་སྒྲིལ་རྒྱུ་ཡིན་པ། མི་སྒེར་ཁེ་དབང་གིས་རྒྱལ་ཁབ་ཀྱི་སྒྲོམ་གཞིར་འགྲན་སློང་བ།  མུ་མཐུད་འཕར་སྣོན་འབྱུང་བཞིན་པའི་འབྱོར་འབྲིང་གྲལ་རིམ་གྱི་དགོས་མཁོ་ཡིས་སྲིད་གཞུང་དག་ལ་འགྲན་སློང་བ། ཆུ་དང་བཟའ་ཆས། ནུས་ཁུངས་ཧ་ཅང་དཀོན་པོར་འགྱུར་བཞིན་པ་བཅས་ཡིན་འདུག

གཏན་ཁེལ་རང་བཞིན་ཅན་གྱི་རྒྱུ་རྐྱེན་མཐའ་དག་གི་ཁྲོད་ནས་ཆེས་ཤུགས་རྐྱེན་ལྡན་ཤོས་ནི། འགས་གཏོར་རང་བཞིན་གྱི་ཉེན་འཚབ་འབྱུང་སླ་བའི་འཛམ་གླིང་གི་དཔལ་འབྱོར་མ་ལག་ཆགས་ཡོད་ལ། དེ་བཞིན། ཚོད་དཔག་དཀའ་བའི་རྒྱུ་རྐྱེན་གཙོ་བོ་དག་ནི་རྒྱལ་སྤྱིའི་འཁྲུག་ཟིང་དང་སྤྱི་ཚོགས་གཡོ་འགུལ། དེར་མ་ཟད་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་མ་ལག་བར་གནས་པའི་ཧེ་བག་ཆེན་པོ་བཅས་ཡིན་འདུག

འདས་པའི་ལོ་བཅུ་ཕྲག་རིང་ཚན་རྩལ་གསར་བ་དར་སྤེལ་དང་། མི་སེར་གནས་སྤོར། དམག་འཁྲུག་བཅས་ནི་དེ་སྔོན་འཛམ་གླིང་གནས་བབ་ལ་འགྱུར་ལྡོག་སློང་བྱེད་ཀྱི་གཙོ་ཁྲིད་སྟོབས་ཤུགས་ཡིན་ཡང་། དུས་རབས་འདིའི་ཐོག་མའི་ལོ་ ༢༥ ནང་། སྒྲིག་གཞི་རང་བཞིན་ཅན་ ༧ གྱི་འཕེལ་འགྱུར་སྟོབས་ཤུགས་ཀྱིས་འཛམ་གླིང་གི་འཕོ་འགྱུར་ལ་སྟངས་འཛིན་བྱས་ཡོད། དེ་དག་ནི་འབྱོར་འབྲིང་གྲལ་རིམ་གཞི་རྒྱ་ཆེ་རུ་ཕྱིན་པ།  འཛམ་གླིང་མི་མང་གིས་དཔེ་གསར་ཅན་གྱི་ཚན་རྩལ་ཐོན་དངོས་བེད་སྤྱོད་ལས་སླ་བར་གྱུར་པ། དཔལ་འབྱོར་གྱི་ནུས་སྟོབས་ཁྱབ་ཁོངས་གནས་སྤོ། མི་འབོར་རྒན་གོག་ཅན་དུ་འགྱུར་བཞིན་པ།  འཛམ་གླིང་གྲོང་ཁྱེར་ཅན་དུ་གྱུར་བ། ཆུ་དང་བཟའ་ཆས་ཀྱི་དགོས་མཁོ་མུ་མཐུད་ཇེ་ཆེར་འགྲོ་བཞིན་པ། ཨ་རིའི་ནུས་ཁུངས་རང་རྐྱ་ཅན་དུ་གྱུར་བ་བཅས་ཡིན་འདུག

ད་ལྟའི་ཆར་སྣ་མང་རང་བཞིན་ཅན་གྱི་འཛམ་གླིང་དཔལ་འབྱོར་དེ་ནི་ལས་དོན་ཡག་པོ་ཞིག་ཡིན་མིན་བཤད་དཀའ་བ་དང་། དཔའ་བྱོར་གྱི་ལྟེ་བ་མང་པོ་ཞིག་ལ་མ་འོངས་པར་འཛམ་གླིང་དཔལ་འབྱོར་གྱི་གཡོ་འགུལ་ཇེ་ཆུང་དུ་གཏོང་བའི་ནུས་པ་ལྡན་ཡོད་མོད།  ཡིན་ནའང་།  རྒྱལ་ཁབ་ཕན་ཚུན་བར་ཧེ་བག་ཧ་ཅང་ཆེན་པོ་ལྡན་པའི་འཕེལ་ཚད་ཇེ་མགྱོགས་དང་། དཔའ་འབྱོར་འཕེལ་ཕྱོགས་སྔར་བས་ཐག་གཅོད་དཀའ་བའི་རང་བཞིན་ཅན་དུ་གྱུར་བ་བཅས་ཀྱིས་འཛམ་གླིང་ལ་སྔར་ལས་ལྷག་པའི་གཡོ་འགུལ་ཐེབས་འཇུག་སྲིད་པ་རེད། 

ཕྱི་ལོ་ ༢༠༣༠ ལོར་འཛམ་གླིང་མི་འབོར་དུང་ཕྱུར་ ༨༣ འཕར་སྣོན་དང་། འཛམ་གླིང་གི་འབྱོར་འབྲིང་གྲལ་རིམ་གྱི་མི་འབོར་དུང་ཕྱུར་ ༢༠ འཕར་སྣོན་འབྱུང་རྒྱུ། སློབ་གསོའི་ཁྱབ་ཁོངས་ཀྱིས་མ་འོངས་པའི་ལོ་ ༡༨ ནང་གཏན་འཇགས་རང་བཞིན་གྱི་ནུས་པ་འཐོན་རྒྱུ་ཡིན་པ་བཅས་ལ་བརྟེན་ནས།  ༢༠༣༠ ལོར་འཛམ་གླིང་སྟེང་མི་འབོར་གྱི་བརྒྱ་ཆ་ ༦༠ གྲོང་ཁྱེར་ནང་གནས་སྡོད་བྱ་རྒྱུ་ཡིན་པ་དང་། མི་འབོར་དེ་དག་གིས་བཟའ་ཆས་ཀྱི་ཟད་གྲོན་ནུས་ཚད་ཤུགས་ཆེན་པོ་འཕར་སྣོན་འབྱུང་རྒྱུ་ཡིན་ལ། སྐབས་དེར། འཛམ་གླིང་གི་བཟའ་ཆས་ཀྱི་ཟད་གྲོན་ནུས་ཚད་བརྒྱ་ཆ་ ༣༥ འཕར་སྣོན་འབྱུང་རྒྱུ་དང་། ཆུའི་དགོས་མཁོ་བརྒྱ་ཆ་ ༤༠ འཕར་སྣོན། བཟའ་ཆས་དང་ཆུའི་དགོས་མཁོ་ཇེ་ཆེར་ཕྱིན་པ་དེས། འཛམགླིང་སྒང་ཐོན་ཁུངས་འཕྲོག་རྩོད་ཀྱིས་དམག་འཁྲུག་སློང་སྲིད་སྟབས།  ཐོན་ཁུངས་ཀྱི་འཕྲོག་རྩོད་ནི་མ་འོངས་པར་འཛམ་གླིང་ཧྲིལ་བོར་གཡོ་འགུལ་འབྱུང་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་གྲས་ཀྱི་གཅིག་ཆགས་རྒྱུ་ཡིན་འདུག  

ཚན་རྩལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་འགྲོ་བཞིན་པའི་ཁྲོད། བརྡ་འཕྲིན་བརྒྱུད་སྤྲོད་ཀྱི་མྱུར་ཚད་ཀྱིས་འཛམ་གླིང་གི་ཆབ་སྲིད་ནུས་སྟོབས་ཀྱི་སྙོམས་སྒྲིག་ལ་འགྱུར་བ་གཏོང་བཞིན་ཡོད་པ་ལྟར། གལ་སྲིད་རྒྱལ་ཁབ་གང་ཞིག་གི་རྒྱལ་ནང་ཐོན་སྐྱེད་སྤྱི་འབོར་ (GDP) ཚད་མཐོན་པོར་བསླེབས་པ་དང་མི་འབོར་གྱི་རྨང་གཞི་རྒྱ་ཆེན་པོ་ཡོད་ནའང་། བརྡ་འཕྲིན་དྲ་རྒྱའི་བཀོལ་སྤྱོད་ནུས་ཤུགས་འདང་ངེས་མེད་པའི་རྒྱལ་ཁབ་དེ་རིགས་ཀྱིས་སྣ་མང་རང་བཞིན་ཅན་གྱི་འཛམ་གླིང་སྒང་ནུས་ཤུགས་ཆེན་པོ་འདོན་མི་ཐུབ་ལ།  མ་འོངས་པར་སྲིད་གཞུང་གིས་མི་མང་ལ་ཅི་ཞིག་མཁོ་བ་དང་མི་མང་གིས་ཅི་ཞིག་བྱེད་བཞིན་པ་ཤེས་རྟོགས་ཀྱི་ནུས་པ་ལྡན་པ་ཡིན་ནའང་། མ་འོངས་པར་མི་མང་གི་སྟོབས་ཤུགས་ཀྱིས་སྤྱི་ཚོགས་སྙོམ་སྒྲིག་གི་འདེགས་ཤིང་དེ་མི་མང་རང་ཕྱོགས་སུ་སྟངས་འཛིན་བྱ་ངེས་ཡིན། 

༼༢༠༣༠ སའི་གོ་ལའི་འཕེལ་ཕྱོགས།   གདམ་ག་རང་བཞིན་གྱི་འཛམ་གླིང་གཞན་ཞིག༽ ཞེས་པའི་ནང་ཨ་རིའི་འཛམ་གླིང་སྒང་ཐེབས་སྲིད་པའི་ཤུགས་རྐྱེན་ཐད་ཀྱི་ཚོད་རྩིས་སྐོར་ནས་གསལ་འདོན་བྱས་མེད་པ་རེད། ཕྱི་ལོ་ ༡༩༤༥ ནས་བཟུང་ཨ་རིའི་གཙོ་ཁྲིད་བྱས་པའི་གཅིག་གྱུར་རང་བཞིན་གྱི་འཛམ་གླིང་དེ་མགྱོགས་མྱུར་མཇུག་སྒྲིལ་བཞིན་པ་བརྗོད་ཡོད་པ་རེད། མ་འོངས་པར་འཛམ་གླིང་གི་སྟོབས་ཤུགས་ཏེ་བྱང་ཨ་རི་དང་ཡུ་རོབ་གླིང་ནས་ཨེ་ཤ་ཡའི་གླིང་དུ་སྤོ་འགྱུར་བྱ་རྒྱུ་ཡིན་པ་དང་།  རྒྱལ་ནང་གི་ཐོན་སྐྱེད་སྤྱི་འབོར་ (GDP) དང་མི་གྲངས། དམག་དོན་འགྲོ་གྲོན་གང་ཐད་ནས་ཨེ་ཤ་ཡ་ས་ཁུལ་རྣམས་ཨ་རི་དང་ཡུ་རོབ་གླིང་ལས་བརྒལ་རྒྱུ་ཡིན་པ་རེད།

ཨ་རིའི་རྒྱལ་ཁབ་གསང་བའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཆའེ་རེ་སི་ཌོ་ཧྥར་(Christopher Kojm) གྱིས་ཀྱང་། ང་ཚོ་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་འགག་རྩའི་དཀྱོགས་འཚམས་ཤིག་ལ་བསླེབས་ཡོད་ལ། མ་འོངས་པར་བགྲོད་སྲིད་པའི་ལམ་ཕྱོགས་ལ་གཅིག་བྱས་ན་ཧེ་བག་ཆེན་པོ་འབྱུང་སྲིད་པ་བརྗོད་ཡོད་པ་རེད།  

ཡིན་ནའང་། ༢༠༣༠ རྗེས་ལའང་ཨ་རི་ནི་སྔར་བཞིན་རྒྱལ་ཁབ་ཆེན་པོ་སྐོར་ཞིག་གི་གྲས་ཀྱི་གཙོ་ཤོས་གཅིག་ཡིན་པ་མ་ཟད།  མ་འོངས་པར་ཨ་རིས་རང་ཉིད་གཅིག་པུས་འཛམ་གླིང་ལ་སྣེ་ཁྲིད་བྱེད་དཀའ་ནའང་།  འཛམ་གླིང་སྒང་རྒྱལ་ཁབ་སུ་གང་གིས་ཀྱང་ཨ་རི་ནང་བཞིན་རྒྱལ་སྤྱིའི་ལས་དོན་མཐུན་འགྲིག་བྱེད་ཐུབ་མཁན་གཞན་སུ་གང་རྙེད་མི་སྲིད་པའི་ངོས་འཛིན་བྱས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༤ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

མཆན། 4

  1. བཛྲ་སུ་མ་ཏི། says:
    ལོ་ 13 སྔོན།

    མ་འོངས་པར་འཛམ་གླིང་གི་སྟོབས་ཤུགས་ཏེ་བྱང་ཨ་རི་དང་ཡུ་རོབ་གླིང་ནས་ཨེ་ཤ་ཡའི་གླིང་དུ་སྤོ་འགྱུར་བྱ་རྒྱུ་ཡིན་པ་དང་། རྒྱལ་ནང་གི་ཐོན་སྐྱེད་སྤྱི་འབོར་ (GDP) དང་མི་གྲངས། དམག་དོན་འགྲོ་གྲོན་གང་ཐད་ནས་ཨེ་ཤ་ཡ་ས་ཁུལ་རྣམས་ཨ་རི་དང་ཡུ་རོབ་གླིང་ལས་བརྒལ་རྒྱུ་ཡིན་པ་རེད། ་་་་་གནས་ཚུལ་འདི་བདེན་པ་ཡིན་ན་ད་བོད་པ་རྣམས་རང་གི་ཡུལ་ལ་ལོག་འགྲོ་རན་རེད་མ་གཏོགས་ཨ་རི་དང་ཡོ་རོབ་ལ་སོང་ན་མི་ཚེ་ལ་དཀའ་ངལ་ཡོང་ས་རེད་དོ། །

    Reply
  2. ཤག་སྒང་པ། says:
    ལོ་ 13 སྔོན།

    གནས་ཚུལ་འདི་དེ་རིང་མ་གཏོགས་ཀློག་ཁོམ་མ་སོང་། གསར་འགོད་པས་ལེགས་པོར་བྲིས་ནས་འདུག་སྙམ།

    བོད་ཚིག་འགའི་དབྱིན་ཡིག་སེམས་ནང་འཆར་དཀའ་བས་གནས་ཚུལ་གྱི་ཁོག་སྦུག་ངོ་མ་རྟོགས་དཀའ་ཙམ་ཡང་གདའ།

    ཐུགས་རྗེ་ཆེ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཡང་།
    ་་་ཕྱི་ལོ་ ༢༠༣༠ ལོར་འཛམ་གླིང་མི་འབོར་དུང་ཕྱུར་ ༨༣ འཕར་སྣོན་དང་། འཛམ་གླིང་གི་འབྱོར་འབྲིང་གྲལ་རིམ་གྱི་མི་འབོར་དུང་ཕྱུར་ ༢༠ འཕར་སྣོན་འབྱུང་རྒྱུ། ་་་་་་ཟེར།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ འཛམ་གླིང་ཧྲིལ་བོར་འགྱུར་བ་ཐེབས་བྱེད་ཀྱི་ཐོལ་བརྒལ་རང་བཞིན་གྱི་འཕེལ་འགྱུར་བཞི་ནི། ཨ་རིས་རྒྱལ་སྤྱིའི་ཁྱོན་ལ་སྒེར་སྡོམ་སྟངས་འཛིན་གྱི་གནས་བབ་མཇུག་སྒྲིལ་རྒྱུ་ཡིན་པ། མི་སྒེར་ཁེ་དབང་གིས་རྒྱལ་ཁབ་ཀྱི་སྒྲོམ་གཞིར་འགྲན་སློང་བ། མུ་མཐུད་འཕར་སྣོན་འབྱུང་བཞིན་པའི་འབྱོར་འབྲིང་གྲལ་རིམ་གྱི་དགོས་མཁོ་ཡིས་སྲིད་གཞུང་དག་ལ་འགྲན་སློང་བ། ཆུ་དང་བཟའ་ཆས། ནུས་ཁུངས་ཧ་ཅང་དཀོན་པོར་འགྱུར་བཞིན་པ་བཅས་ཡིན་འདུག ་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese